ལྷ་སའི་སྟོང་སྐུ་གཡང་རོང་།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-08 15:46:00 ཀློག་གྲངས།:


ཤཱཀྱ་མུ་ནེའི་སྐུ་བརྙན་གྱི་རྡོ་བརྐོས་ཆེན་མོ།

  སྟོང་སྐུ་གཡང་རོང་ནི་ལྷ་སའི་ལྷོ་ནུབ་ཀྱི་ལྕགས་པོ་རིའི་བྱང་འགྲམ་དུ་ཡོད་ལ། རྡོ་བརྐོས་ལྷ་སྐུ་དང་ཚོས་སྣ་ལྔས་བྱུགས་པའི་དར་ལྕོག་གིས་ཁེངས་པའི་གནས་འདི་ནི་དད་ལྡན་སེར་སྐྱ་ཕོ་མོ་རྣམས་ཆོས་མཇལ་དུ་འགྲོ་བའི་གནས་མཆོག་ཏུ་གྱུར་འདུག 
  དེང་སྐབས་སྟོང་སྐུ་གཡང་རོང་གི་བྱུང་ཚུལ་ལ་བཤད་ལུགས་མི་འདྲ་བ་གཉིས་ཡོད་པ་སྟེ། གཅིག་ནི་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་ལགས་ཀྱིས་མཛད་པའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས་བཀོད་པ་ལྟར་ན། བཙན་པོ་སྲོང་བཙན་སྒམ་པོ་རི་བོ་ཁྲི་རྩེ་དམར་པོ་ལ་སླེབས་དུས་སྣང་ངོར་མ་ཎི་ཡིག་དྲུག་ལས་སྤྱན་རས་གཟིགས་དང་། སྒྲོལ་མ། རྟ་མགྲིན་བཅས་ཀྱི་སྐུ་འཆར་བ་ཇི་བཞིན་ལྷ་བཟོ་སོགས་གདན་དྲངས་ནས་བྲག་ངོས་སུ་ལྷ་སྐུ་དང་མ་ཎི་ཡིག་དྲུག་བརྐོས་པ་དང་། དེའི་ཕྱིས་སུ་མི་རྣམས་ཀྱིས་མུ་མཐུད་དུ་ལྷ་སྐུ་བརྐོས་པས་ད་ལྟའི་རྣམ་པ་འདི་བྱུང་བ་རེད་ཟེར། ཡང་བཤད་ཚུལ་གཅིག་ལ་སྟོང་སྐུ་གཡང་རོང་ནི་བཙན་པོའི་རྒྱལ་རབས་སོ་བརྒྱད་པ་སྟེ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཀྱི་གསོ་རིག་མཁས་ཆེན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དགོངས་པ་རྫོགས་པའི་རྗེས་དྲན་ལ་བྲག་ངོས་སུ་ལྷ་སྐུ་བརྐོས་ནས་ད་ལྟའི་བར་རྒྱུན་མ་ཆད་པར་དར་སྤེལ་བྱུང་བ་རེད་ཟེར།


ཆོས་མཇལ་དུ་ཡོང་བའི་དད་ལྡན་མང་ཚོགས་ཀྱིས་ཕྱག་འཚལ་བཞིན་པ།

  སྟོང་སྐུ་གཡང་རོང་གི་ངོས་སུ་ཀུན་གྱི་མཐོང་ལམ་དུ་ལྷག་པར་གསལ་བ་ནི་བྲག་འདབས་སུ་ཤཱཀྱ་མུ་ནེའི་སྐུ་དང་ལྷ་སྐུ་སྟོང་ཕྲག་དུ་མས་གྲུབ་པའི་རྡོ་བརྐོས་སྒྱུ་རྩལ་གྱི་ཞིང་ཁམས་འདི་ཡིན་ཞིང་། གཡང་རོང་གི་ངོས་སུ་བརྐོས་པའི་ལྷ་སྐུ་མང་ཆེ་བ་ནི་སྤྱན་རས་གཟིགས་དང་། འཇམ་པའི་དབྱངས། སྒྲོལ་མ། ཡི་དམ་ཆོས་སྐྱོང་སོགས་ཀྱི་སྐུ་བརྙན་ཡིན་པ་དང་། ལྷ་སྐུ་འདི་དག་མི་རབས་ནས་མི་རབས་བར་ཞིག་གསོ་དང་གསར་སྣོན་བྱས་པ་བརྒྱུད་ནས་ད་ལྟའི་བར་དུ་མ་ཉམས་པར་ཡུལ་འདི་ལ་ཡོང་བའི་མི་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གནས་རྒྱུས་ལོན་བྱེད་པའི་ལོ་རྒྱུས་ཀྱི་ཤུལ་རྟེན་གཙོ་བོ་ཞིག་ཏུ་གྲུབ་ཡོད་པ་རེད།


སྟོང་སྐུ་གཡང་རོང་གི་བྲག་ངོས་སུ་བརྐོས་པའི་ལྷ་སྐུ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།