བྲག་གསུམ་མཚོའི་མཚོ་སྙིང་གི་མཚོ་རྫོང་དགོན།
ཞིག་གསོ་བྱས་རྗེས་ཀྱི་འདུ་ཁང་ཉིས་ཐོག་ཅན།
མཚོ་རྫོང་དགོན་པའི་ཟུར་ཞིག
བོད་ལྗོངས་ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་ཁོངས་ཀྱི་བྲག་གསུམ་མཚོའི་མཚོ་སྙིང་དུ་ཆགས་འདུག་པའི་མཚོ་རྫོང་དགོན་ནི་རྙིང་མ་བའི་ཆོས་སྡེ་ཞིག་ཡིན་པ་དང་། འདི་ལ་ལོ་རྒྱུས་ཀྱི་བྱུང་བ་རིང་མོ་ལྡན་ཏེ། ངག་སྒྲོས་ལྟར་ན་རྙིང་མ་པའི་བཤེས་གཉེན་དམ་པ་སངས་རྒྱས་གླིང་བས་སྤྱི་ལོ600ཡི་ཡར་སྔོན་དུ་བཞེངས་པར་བཤད།
ངག་རྒྱུན་ལྟར་ན་སྡོང་ལོའི་སྟེང་བོད་ཡིག་ཡོད་པའི་སྟོང་ལོའི་བེར་དོ་སྡོང་རྟེན།
དགོན་སྡེ་འདི་དེ་འདྲའི་རྒྱ་ཆེན་པོ་མེད་ཅིང་། ལོ་ཟླའི་ཆར་རླུང་སོགས་རང་བྱུང་གནོད་པ་ཐེབས་པའི་ཁར། ལོ་རྒྱུས་ཀྱི་འཕེལ་འགྲིབ་གང་མང་མང་ཞིག་བརྒྱུད་པས་ཐོག་མའི་བཟོ་བཀོད་ཞིག་རུལ་ཏུ་གྱུར་འདུག་ལ། དགོན་པའི་ད་ལྟའི་རྣམ་པ་ནི་ཕྱིས་སུ་ཞིག་གསོ་བྱས་པ་ཡིན།
བྲག་གསུམ་མཚོའི་གླིང་ཕྲན་འདི་ལ་གཏམ་རྒྱུད་ཀྱང་མི་ཉུང་ཞིག་ཡོད་དེ། མཚོ་རྫོང་དགོན་གྱི་གཡོན་ངོས་སུ་སངས་རྒྱས་གླིང་བའི་དགོན་སྡེ་འདི་བཞེངས་པའི་དུས་སུ་རྡོའི་སྟེང་དུ་བཞག་པའི་ཞབས་རྗེས་ཤིག་དང་བཙན་པོ་སྲོང་བཙན་སྒམ་པོའི་ཕྱོགས་བཞིའི་དགྲ་རྣམས་འདུལ་ཆེད་ཡུལ་འདི་འགྲིམ་པའི་སྐབས་སུ་བཞག་པའི་རྟའི་རྨིག་རྗེས་སོགས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com