༄༅།།དགེ་རྒན་ཆེན་མོ་ཚེ་དབང་ལྷ་མོའི་ངོ་སྤྲོད་མདོར་བསྡུས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:གངས་ལྗོངས་ཉི་གཞོན།
དུས་ཚོད།:2020-06-19 09:14:57
ཀློག་གྲངས།:
ཚེ་དབང་ལྷ་མོ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་རྫ་ཡུལ་རྫོང་གི་མི་ཡིན་ཞིང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་ཀྱི་བརྡ་སྤྲོད་རིག་པའི་ཆེད་སྦྱོང་གི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དང་ཁོང་ནི་བོད་རིགས་བུད་མེད་ཁྲོད་ཀྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཐོག་མ་ཡིན། སྐད་བརྡ་རིག་པའི་རྣམ་བཤད་སོགས་བརྩམས་དེབ་དྲུག་བརྩམས་པ་དང་། བོད་ཡིག་དུས་དེབ་ཁག་ཏུ་སྔ་ཕྱིར་དཔྱད་རྩོམ20ལྷག་སྤེལ། རྒྱལ་ཁབ་སློབ་གསོ་པུའུ་བོད་ཀྱི་སྐད་ཡིག་རྒྱུ་ཆའི་བང་མཛོད་འཛུགས་རྒྱུའི་ལས་གཞི་ལས་ཡན་ལག་ལས་གཞིའི་གཙོ་འགན་ཁུར་བ་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཁང་གི་སློབ་འཁྲིད་བཅོས་བསྒྱུར་ལས་གཞི་ཁག་བཞི་ལྷག་གི་གཙོ་འགན་ཁུར།
1982ལོར་བོད་ཀྱི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་། ཉན་ཤུལ་མཁྱེན་རབ་འོད་གསལ། སྐལ་བཟང་འགྱུར་མེད་སོགས་དང་ལྷན་སྒྲོན་འདྲ་པར།1980ལོར་ཚེ་དབང་ལྷ་མོ་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་མ་ཐག་སློབ་གྲྭ་དེའི་དགེ་རྒན་དུ་བསྐོ་བཞག་བྱས།
1994ལོར་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་ང་ཕོད་ངག་དབང་འཇིགས་མེད་དང་མཉམ་དུ་བསྐྱོན་པའི་འདྲ་པར།
ཨ་རིའི་ཇོ་ཅི་མེ་སིན་སློབ་ཆེན་དུ་སློབ་སྦྱོང་བྱེད་སྐབས་དགེ་སློབ་འགའ་ཡི་མཉམ་པར།གང་ལྟར། དགེ་རྒན་ཆེན་མོ་ཚེ་ལྷ་དབང་ལྷ་མོ་ནི་འདི་ལྟར་ལམ་ལ་ཆས་ཤིང་། ཁོང་གིས་ཡུམ་ཆེན་ཞིག་ལ་མངའ་འོས་པའི་བླ་མེད་ཀྱི་བྱམས་བརྩེ་དང་ཁྱད་འཕགས་ཀྱི་འཇོན་ཐང་ལ་བརྟེན་ནས་སྔར་བཞིན་གངས་རིའི་བུ་ཕྲུག་སྐྱོང་བའི་ལས་ལ་འབད་བརྩོན་གནང་བར་མ་ཟད། ཁྱད་པར་དུ་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཚོགས་འདུ་ལ་ཞུགས་ནས་གངས་ཅན་གཙུག་ལག་རིག་གནས་ཀྱི་ངོ་མཚར་ཕྱི་ལ་ངོམ་ཞིང་། མི་ལོ་སྟོང་ཕྲག་དུ་མའི་རིང་ལ་གུས་གུས་ཞུམ་ཞུམ་གྱི་ཚུལ་དུ་ལུས་པའི་བོད་རིགས་བུད་མེད་རྣམས་ལ་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་ཁ་ཕྱོགས་ཤིག་དང་ཡིད་ཆེས་ཤིག་བསྩལ་བ་ཡིན་པས། ང་ཚོས་ཀྱང་འདི་ནས་ཁོང་གི་མཛད་འཕྲིན་ཐམས་ཅད་གོང་ནས་གོང་དུ་འཕེལ་བ་དང་། ཁྱད་པར་དུ་མི་རིགས་ཀྱི་ཡུམ་ཆེན་དེ་ལས་མང་པོ་ཞིག་གསོ་སྐྱོང་ཐུབ་པའི་སྨོན་འདུན་སྙིང་ནས་ཞུ།
འབྲེལ་ཡོད་འོས་སྦྱོར།
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།






青公网安备63252102000006号