འབའ་ཚེས་སྦྱར་བའི་སྙན་ངག་ཚན་པ་གཉིས།
རྩོམ་པ་པོ།:འབའ་ཚེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-24 09:02:00
ཀློག་གྲངས།:
ཨ་མ།
…སྐྱེས་མའི་དུས་ཆེན་ལ་ཕུལ་བ།
རྩོམ་པ་པོ། འབའ་ཚེ།
དང་པོ་དང་པོ་ཞིག་ནས།
རྩེ་མོ་ཞིག་གི་ས་བོན་རུམ་ནས།
ནང་སེམས་ཀྱི་རི་མོར།
བཀྲ་ཤིས་པའི་རླུང་རྟ་བཏེགས་ཏེ།
འཇིག་རྟེན་ལ་རེ་བའི་མིག་ཟུང་སྦྱིན།
དུས་ཚོད་ཀྱི་བཀོད་སྒྲིག་དེས།
ཚེ་སྲོག་གི་རྩ་བ་མི་ཡུལ་ལ་འབུས།
དེ་ནས་བཟུང་།
སྲིད་པའི་གདོང་ཞལ་ལ་ཁ་དོག་ཞུགས།
ཁ་བ་ལྟར་གྱི་སྐྲ་ལོ།
ལྷུག་ལྷུག་གིས་འདར་བའི་ཕྱག་ཟུང་།
མིག་མཐར་གྱི་མཆི་མ་རྡོག་པོ།
སེམས་ཆུང་གིས་ས་གཞིར་ལྷུང་དུས།
སྐྱེ་འགྲོའི་ལམ་ཁ་ཡངས་བར་ཤོག
བཀྲ་ཤིས་པའི་ཉིན་མོ།
དོན་འགྲུབ་པའི་དུས་ཚོད།
ཁྱེད་ཁོ་ནར་དབང་བའི་ཉིན་མོར།
བཀྲ་ཤིས་པའི་རླུང་རྟ་གངས་རིའི་དབུ་རྩེར་བསྐྱོད།
ཚེ་རིང་པའི་ཁ་བཏགས་ཨ་སྔོན་དབྱིངས་སུ་འཕུར།
༢༠༡༤ལོའི་ཟླ3པའི་ཚེས8ཉིན།
སྨྱོ་གཏམ་ཁ་ཚ་མ།
ཀ་ཁ་སློབ་པའི་སྨྱོན་པས།།
ཁ་བའི་དཀར་མདོག་གླེང་གིན།།
ག་ས་གང་དུ་ཕྱིན་ཡང་།།
ང་ཡི་རང་ཚུགས་སྲུང་ཡོད།།
ཅ་ཅོ་འུར་ཟིང་མོད་པའི།།
ཆ་མེད་ཡུལ་དུ་ཕྱིན་ཡང་།།
ཇ་ལོ་ལྟར་གཡེང་སེམས་པ།།
ཉ་མོ་ཆུ་ལ་ཞུགས་འདྲ།།
ཏ་རིན་མཛེས་མར་ཞོགས་ཐལ།།
ཐ་ཤལ་ནོར་ལ་ཆགས་ཐལ།།
ད་ལྟའི་ངང་ཚུལ་འདི་དག།
ན་ནིང་བྱུང་བ་མ་རེད།།
པ་ཏྲའི་རི་མོ་ལྟར་གྱི།།
ཕ་བུའི་བརྩེ་སེམས་ལྟ་བུའི།།
བ་པྲའི་མ་ཡི་ཟླ་བོ།།
མ་བཅོས་ཆུང་འདྲིས་སེམས་པ།།
ཙ་རིར་གནས་སྐོར་ཕྱིན་ཏེ།།
ཚ་གྲང་དཀའ་སྡུག་སྤྱོད་ཞོར།།
ཛ་ཡིག་མཛའ་རུ་མཐོང་པ།།
ཝ་མོའི་ཟོལ་ལས་འདས་པ།།
ཞྭ་མོ་གཟུར་གོན་བྱས་ནས།།
ཟ་འཐུང་ཁོ་ན་བསམ་པའི།།
འ་ལེ་འོ་ལེའི་དྲན་པ།།
ཡ་མ་བརླ་རུ་གྱུར་སོང་།།
ར་བ་གངས་རིའི་ལྗོངས་འདིར།།
ལ་ལུང་མང་དུ་མཆིས་ཀྱང་།།
ཤྭ་མོའི་གྲངས་ནི་ཟད་པས།།
ས་ཕྱོགས་སྟོང་བར་གྱུར་ཐལ།།
ཧ་ཧ་དེ་འདྲ་མིན་མོད།།
ཨ་ཁ་ངག་ལས་ཤོར་ཐལ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།