སྟག་ཤར་བུ་ལོའི་སེམས་ཀྱི་མཛེས་རྒྱན་ཡིན།

རྩོམ་པ་པོ།:ཁྲི་བྱམས་བརྩེ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-03 08:48:00 ཀློག་གྲངས།:

སྟག་ཤར་བུ་ལོའི་སེམས་ཀྱི་མཛེས་རྒྱན་ཡིན།
     ཁྲི་བྱམས་བརྩེ་རྒྱལ། ལན་གྲུ


དུང་མདོག་ཟླ་བའི་འཛུམ་ཞལ་དཀར་ཞིང་སྒོར།།
སྨན་ཆུང་བུ་མོའི་ཞལ་རས་དེ་བས་སྒོར།།
དཀར་ཞིང་སྒོར་བའི་བུ་མོའི་ཞལ་རས་འདི།།
སྟག་ཤར་བུ་ལོའི་སེམས་ཀྱི་མཛེས་རྒྱན་ཡིན།།

ཁུ་བྱུག་སྔོན་མོའི་གསུང་སྐད་སྙན་ཞིང་འཇེབས།།
སྨན་ཆུང་བུ་མོའི་གླུ་སྐད་དེ་བས་སྙན།།
སྙན་ཞིང་འཇེབས་པའི་བུ་མོའི་གླུ་སྐད་འདི།།
སྟག་ཤར་བུ་ལོའི་སེམས་ཀྱི་མཛེས་རྒྱན་ཡིན།།

རབ་དཀར་གངས་རིའི་བཞིན་དཔལ་དཀར་ཞིང་དྭངས།།
སྨན་ཆུང་བུ་མོའི་ཐུགས་རྒྱུད་དེ་བས་དཀར།།
དཀར་ཞིང་དྭངས་བའི་བུ་མོའི་ཐུགས་རྒྱུད་འདི།།
སྟག་ཤར་བུ་ལོའི་སེམས་ཀྱི་མཛེས་རྒྱན་ཡིན།།

སྤྱི་ལོ་ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་བའི་ཚེས་ལྔ་ཉིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།