བསྟན་འཛིན་ལྷ་དར་གྱི་སྙན་རྩོམ《འཁོར་བའི་དགའ་སྐྱོ》།
རྩོམ་པ་པོ།:བསྟན་འཛིན་ལྷ་དར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-06-03 08:54:00
ཀློག་གྲངས།:
འཁོར་བའི་དགའ་སྐྱོ།
བསྟན་འཛིན་ལྷ་དར།
རང་རིགས་བཅུ་ཕྲག་ལྡན་དུས་དགའ་བ་ལ།
དེ་ལ་སྦྱངས་བརྩོན་དཀོན་པ་སྐྱོ་བ་ལ།
བུ་ཆུང་སློབ་གྲྭ་ཞུགས་ན་དགའ་བ་ལ།
མདོ་མེད་ཆང་རག་འཚོལ་དུས་སྐྱོ་བ་ལ།
སློབ་གྲྭའི་བ་གམ་མཐོང་དུས་དགའ་བ་ལ།
གསར་སྐྱེས་རྫི་བོ་སྤྲུལ་དུས་སྐྱོ་བ་ལ།
གོང་རིམ་ཞིབ་དཔྱོད་བྱོན་དུས་དགའ་བ་ལ།
སྔོན་ལ་ཁ་པར་སྤྲིངས་དུས་སྐྱོ་བ་ལ།
འགན་གསུམ་འཚོ་བ་རོལ་རྒྱུ་དགའ་བ་ལ།
མཆོད་མཁན་མགྲོན་འབོད་ཞུ་དུས་སྐྱོ་བ་ལ།
གོང་བཀུར་བཤེས་གཉེན་མཇལ་དུས་དགའ་བ་ལ།
ར་བཟི་སློབ་ཁྲིད་གནང་དུས་སྐྱོ་བ་ལ།
ལྷག་བསམ་རྩེ་གཅིག་སློབ་གཉེར་དགའ་བ་ལ།
ཁྱིམ་བདག་དཔུང་པ་ཕྱར་དུས་སྐྱོ་བ་ལ།
བསླབ་ཚན་གསར་བཅོས་བསྒྱུར་བ་དགའ་བ་ལ།
སློབ་མས་དགེ་རྒན་མི་བཀུར་སྐྱོ་བ་ལ།
དགོན་དང་ན་བཟའ་མཐོང་དུས་དགའ་བ་ལ།
གྲུབ་མཐའ་ཕྱོགས་རེ་བྱེད་དུས་སྐྱོ་བ་ལ།
སངས་རྒྱས་གསུང་དེ་ཐོས་དུས་དགའ་བ་ལ།
སྡིག་རྩ་གསོལ་དཀྲུམ་མཆོད་དུས་སྐྱོ་བ་ལ།
དགོན་པའི་གཙུག་ལག་མཇལ་རྒྱུ་དགའ་བ་ལ།
གྲུབ་ཆ་ཨར་ག་མཐོང་དུས་སྐྱོ་བ་ལ།
དབང་དང་ཁ་འདོན་ཇེ་ཕྱུག་དགའ་བ་ལ།
གཞུང་དྲང་དྲང་བདེན་ཇེ་ཉུང་སྐྱོ་བ་ལ།
འཚོ་བ་ཇེ་ལེགས་མཐོང་དུས་དགའ་བ་ལ།
སེམས་སྐྱིད་སྡོད་ལོང་མེད་དུས་སྐྱོ་བ་ལ།
ཚན་རིག་གོམ་བགྲོས་ཇེ་སྐྱེན་དགའ་བ་ལ།
རང་བྱུང་གནོད་འཚེ་ཇེ་མང་སྐྱོ་བ་ལ།
ཁྲོམ་གཞུང་ཚོང་ཟོག་རྒྱས་པ་དགའ་བ་ལ།
རིན་ཆེ་མཁྲེགས་མེད་གྱུར་དུས་སྐྱོ་བ་ལ།
བོད་ཡིག་མཉེན་ཆས་མང་བ་དགའ་བ་ལ།
ལྟ་མཁན་འཚོལ་མཁན་མི་འདུག་སྐྱོ་བ་ལ།
མངར་རིགས་བཏུང་རྒྱུ་འབེལ་བ་དགའ་བ་ལ།
ཁྱད་མཚར་རིམས་ནད་ཁེངས་དུས་སྐྱོ་བ་ལ།
ཆབ་མདོའི་མཚན་ལྗོངས་མཛེས་པ་དགའ་བ་ལ།
སྲང་ལམ་སྨད་འཚོང་ལག་བརྡ་སྐྱོ་བ་ལ།
འགུ་རོའི་ལྗགས་སྤོས་མྱོང་རྒྱུ་དགའ་བ་ལ།
ཕོ་བ་ནད་ཀྱི་མནར་དུས་སྐྱོ་བ་ལ།
དབུལ་སྐྱོར་ཆ་འཕྲིན་ཐོས་དུས་དགའ་བ་ལ།
མ་རུང་འཕྲི་སྣོན་མཐོང་སྐབས་སྐྱོ་བ་ལ།
ཡུལ་མི་རང་དཔོན་སྐལ་བ་དགའ་བ་ལ།
རྟག་པར་ཉེ་ཕྱོགས་བྲེལ་དུས་སྐྱོ་བ་ལ།
ཨོ་ལོ་རང་རྐྱ་འཕེར་བ་དགའ་བ་ལ།
ཡབ་ཡུམ་བྱོན་གྲབས་བྱེད་དུས་སྐྱོ་བ་ལ།
ཕ་ས་གངས་ཀྱིས་སྤུད་དུས་དགའ་བ་ལ།
ཚན་རྩལ་རྗེས་ལུས་ཐེབས་དུས་སྐྱོ་བ་ལ།
ལ་རྒྱ་གླེང་མཁན་མང་བ་དགའ་བ་ལ།
ལ་རྒྱ་ཁུ་ཚུར་ཡིན་ན་སྐྱོ་བ་ལ།
རང་སྐད་ཟེར་མཁན་མི་ཉུང་དགའ་བ་ལ།
ལབ་གླེང་་གཞན་སྐད་བརྟེན་དུས་སྐྱོ་བ་ལ།
ས་འོག་གཏེར་གྱིས་ཕྱུག་པ་དགའ་བ་ལ།
དེ་དག་བེད་སྤྱད་མི་ཤེས་སྐྱོ་བ་ལ།
བྷོ་ཊར་རིག་སོན་མཆེད་པ་དགའ་བ་ལ།
ལུས་རྗེན་ཕ་སྐད་ཤོར་དུས་སྐྱོ་བ་ལ།
དྲང་གཏམ་འཁོར་བའི་དགའ་སྐྱོ་སྨྲ་མི་འདོད།
མདོར་ན་ལེགས་ཆ་ཡག་ཐོག་ཡག་རྩེག་དང་།
ཞན་ཆ་སེལ་བའི་འབད་བརྩོན་མ་བགྱིས་ན།
གདོང་དམར་བོད་པའི་ཡོད་ཚད་བོར་ལ་ཉེ།
བྲག་གཡབ་རྫོང་དཀྱིལ་དམ་སློབ་ཆུང་གི་བསྟན་འཛིན་ལྷ་དར་ནས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།