རྨ་ཆུ། སྒོ་མེ•དོན་གྲུབ་ཚེ་རིང་།
རྩོམ་པ་པོ།:སྒོ་མེ•དོན་གྲུབ་ཚེ་རིང་།
ཡོང་ཁུངས།:ཁྲི་ཤོར་རྒྱལ་མོ།
དུས་ཚོད།:2023-02-10 08:57:55
ཀློག་གྲངས།:
རྨ་ཆུ།
—ཁྲི་ཀའི་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་མཁན་གྱི་གཙང་པོ།
—ཁྲི་ཀའི་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་མཁན་གྱི་གཙང་པོ།
སྒོ་མེ•དོན་གྲུབ་ཚེ་རིང་།
རྨ་ཆུར་འབོད་པའི་གཙང་པོ་དེ་ནི་ཨ་ཆེན་གངས་རིའི་བྱང་ངོས་ནས་མགོ་བརྩམས་ཏེ། འཁར་ཆུ་ནས་ལྷུང་ལྷུང་འབབ་ཞོར། གྲོག་རོང་དང་རི་ཕྲན་མང་པོ་ནས་ཚ་རྔ་འགག་བརྒྱུད་ནས་ཁྲི་ཀའི་མངའ་ཁོངས་སུ་བཞུར་བ་རེད། གནས་འདིའི་རྨ་ཆུར་བྲག་ངོས་སུ་རྡེབ་པའི་རྦ་རླབས་ཆེན་པོ་མེད་པ་ནི་གཤིས་འཇམ་གྱི་བུད་མེད་མཛེས་མ་ཞིག་དང་འདྲ་བར། ལྷད་མེད་དང་དྭངས་གཙང་། སྒེག་ཉམས་ཀྱིས་ཕྱུག་འདུག ཁོ་མོ་ནི་ཕྱི་གསལ་ནང་གསལ་གྱིས་བརྩེ་བའི་སྤྲོ་སྣང་གིས་ཁེངས་སྟེ། སོས་དལ་བག་ཕེབས་ཀྱིས་མཐོ་སྒང་གི་ཁྲ་ཚོམ་མེ་ཏོག་གི་དཀྱིལ་ན་སྙན་མོའི་དབྱངས་རྟ་བདེ་མོའི་ངག་ལ་དྲངས་ནས་མདུན་དུ་བསྐྱོད་བཞིན་འདུགཁྲི་ཀ་ནི་རྨ་ཆུའི་གཞོང་སར་གནས། ཕྱོགས་བཞིར་གངས་རིས་བསྐོར་ལ། བར་དུ་གཙང་པོ་བཞུར། གཙང་པོའི་འགྲམ་ངོགས་གཉིས་སུ་ནགས་ཚལ་སྟུག་པོ་དང་བརླན་སས་ཁེབས་པས། ལྟོས་བཅོས་ཀྱི་བརླན་བཤེར་ཆེ་བའི་ནམ་ཟླ་ཆུང་ཆུང་ཞིག་གྲུབ་ཡོད། སྔོ་བསངས་ཀྱི་ནམ་མཁའ་དང་སྤྲིན་དཀར། རི་བོ་བཅས་ཀྱི་ལྗང་མདོག་གི་མཚར་སྡུག་འོག་ན། དྭངས་གཙང་གི་རྨ་ཆུ་དེར་མཛེས་པ་ཁྱད་པར་ཞིག་མངོན་འདུག ངོ་མ། གནམ་འོག་གི་རྨ་ཆུ་ཁྲི་ཀ་ན་དྭངས་ཟེར་བའི་སྐད་ཆ་དེ་ཅི་མ་བདེན།
ཁྲི་ཀར་ཐོན་རྗེས། ལྷོད་ཀྱིས་བཞུར་བའི་རྨ་ཆུ་སྔོན་མོའི་དྭངས་གཙང་མཐོང་ཐུབ་ལ། འགྲམ་ངོགས་གཉིས་ཀྱི་སྔོ་ལྗང་སྟུག་པོས་བདེན་ལུགས་ཅིག་ཀྱང་ར་སྤྲོད་བྱས་ཡོད། དེ་ནི་ལྗང་མདོག་གི་སྐྱེ་ཁམས་ཏེ། རི་མཐོ་ས་གཙང་གི་ལྗང་མདོག་ཁོར་ཡུག་གིས་ཁྲི་ཀའི་མི་དམངས་ལ་བདེ་སྐྱིད་ཀྱི་ཁོར་ཡུག་བསྐྲུན་ཡོད།
གྲུ་ཆེན་གྱིས་གཙང་པོ་གཅོད་དུས། རི་ཚོགས་ཀྱི་གཟུགས་བརྙན་བལྟ་ཐུབ། ཆུ་ཆེན་དང་ཉེ་རུ་བཅར་དུས། མེ་ཏོག་གི་ཚོམ་བུ་མཐོང་ཐུབ། ཁྲི་ཀ རྨ་ཆུ་ཡོད་པ་ནས་ཁྱེད་ལ་མཚར་སྡུག་གི་འོད་མདངས་ལྡན། དེས་ཁ་སང་གི་དཀའ་ངལ་དང་དེ་རིང་གི་འཕེལ་རྒྱས་མངོན་ལ།ལྷད་མེད་དྭངས་གཙང་གི་བརྩེ་མདངས་དང་བདེ་སྐྱིད་སྙེག་པའི་འདུན་མ་དེའང་མངོན། འདམ་རྩྭ་དང་མཚེའུ་མང་པོ་ཞིག་རྩི་ཤིང་གི་འབྱུང་གཞིར་གྱུར་དུས།ལྗང་བུ་མང་པོ་ཞིག་བྱེ་མའི་ཐང་ཆེན་ན་དལ་གྱིས་འཕགས་བཞིན་འདུག བྱེ་འདམ་གྱིས་བཀང་བའི་ཆུ་ལོག་དེ་དག་དྭངས་གཙང་གི་ཆུ་བོས་དེད་ནས་ལྗང་མདོག་གི་རྩི་ཤིང་མང་པོ་ཞིག་གསོས་པ་དེས། ཁྲི་ཀ་ལ་སྔར་མེད་ཀྱི་ལྗང་མདོག་གི་སྐྱེ་ཁམས་གསར་བ་ཞིག་བསྐྲུན་བྱུང་།
ཁྲི་ཀ་རྫོང་ནི་གྲོང་ཁྱེར་ལྔ་ཡིས་མཉམ་དུ་བསྐྲུན་པའི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་ཡོན་འཛུགས་སྐྲུན་ཅན་གྱི་རྫོང་དང་། རྒྱལ་ཁབ་ཀྱི་འཕྲོད་བསྟེན་རྫོང་མཁར། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་དཔེ་སྟོན་རྫོང་མཁར། ཞིང་ཆེན་རིམ་པའི་ཤེས་ཡོན་རྫོང་མཁར། ཞིང་ཆེན་རིམ་པའི་སྐྱེད་ཚལ་གྲོང་ཁྱེར་བཅས་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ། རྨ་ཆུས་བསྐྲུན་པའི་ལྗང་མདོག་གི་སྐྱེ་ཁམས་ཀྱིས། ཁྲི་ཀའི་ནམ་མཁའ་སྔོན་མོ་དང་ཆུ་དྭངས་མོ་བསྐྲུན་ནས། ཁྱད་ཆོས་ལྡན་པའི་མདོ་དབུས་མཐོ་སྒང་གི་ལྗང་མདོག་ཁུལ་དང་སིལ་ར་ཆེན་པོར་གྱུར་འདུག ཞིང་ཆེན་རིམ་པའི་ཡུལ་སྐོར་གསར་སྤེལ་ས་ཁུལ་དང་རྒྱལ་ཁབ་རིམ་པའི་ཅན་གྱི་ཡུལ་སྐོར་ལྗོངས་ཁུལ་དུ་གཏན་ཁེལ་བྱས་ཡོད། ནུབ་ཕྱོགས་ས་ཁུལ་གྱི་ཆེས་འགུལ་ཤུགས་ཆེ་བའི་ཡུལ་སྐོར་ལྟེ་གནས་སུ་གྱུར་འདུག
མིག་གི་མཐོང་ལམ་སྔོ་ལྗང་གིས་ཁེངས་པས། ནགས་ཀྱི་བང་རིམ་མཛེས་པའི་རི་མོ་འདྲ། རི་བོའི་རྩེ་རུ་འགོས་ནས། ནགས་ཁྲོད་ཀྱི་ཁྲི་ཀར་བལྟས་ན། བསྟོད་པའི་ཚིག་གིས་དབུལ་བའི་གྲོང་ཁྱེར་གྱི་རྣམ་པ་གསར་བ་དེ་མཐོང་ཐུབ་ལ། ལྗང་མདོག་གི་ཁོར་ཡུག་ཆེན་པོ་དེས་སྐྱེ་ཁམས་ཀྱི་ཤེས་ཡོན་འཛུགས་བསྐྲུན་གྱི་རྣམ་པ་དེ་མངོན་ཐུབ།
ཞོགས་པའི་ཉི་ཟེར་ཤར་ཕྱོགས་ནས་ཡུན་གྱིས་འཛུམ་དུས། རྨ་ཆུའི་ངོས་ཀྱི་སྨུག་པས་ཁྲི་ཀའི་རྫོང་མཁར་ཡོངས་སུ་གཡོགས་འདུག དེ་ནི་ཨ་མའི་བརྩེ་བ་ཇི་བཞིན་ཁྲི་ཀའི་བུ་རབས་ཚ་རྒྱུད་ལ་བྱམས་ཀྱིས་སྐྱོང་བ་དང་ཨ་ན་མ་ན་རེད། རྨ་ཆུ་ཁྲི་ཀ་ནས་འཁྱིལ་སྟེ། བཞུར་རྒྱུན་གྱི་གོམ་སྟབས་དལ་མོར་བསྒྱུར་ནས། དྭངས་པའི་རྨ་ཆུ་ཁྲི་ཀའི་ས་ཆེན་ལ་བསྐྱོད་དུས། ལྗང་མདོག་གི་སྐྱེ་ཁམས་སྟུག་པོ་ཞིག་ཁྲིད་ནས་ཡོང་ཡོད། ལས་ལ་བརྩོན་པའི་ཁྲི་ཀའི་མི་དམངས་ཀྱིས་རྨ་ཆུའི་ཆུ་བེད་སྤྱོད་ལ་བརྟེན་ནས། ས་འདིར་ཚེ་སྲོག་གི་རྒྱུན་ཐག་གསར་བ་ཞིག་བཙལ་བ་རེད།
ཧན་རྒྱལ་རབས་ཀྱི་དོར་འདེབས་ཞིང་ལས་དང་ས་ཞིང་ལ་ཆུ་འདྲེན་པ་ནས་བཟུང་། ཁྲི་ཀའི་མི་དམངས་ཀྱིས་རང་ཉིད་ཀྱི་བློ་གྲོས་དང་དཀའ་ངལ་ལ་བརྟེན་ནས། ཆུ་བེད་ཀྱི་ངོ་མཚར་བསྐྲུན་པ་རེད། ད་སྔའི་བར་དུ། རྨ་ཆུའི་འགྲམ་གཉིས་སུ་གནམ་ས་བླ་འོག་བརྗེས་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་རེད། ༢༠༡༩ལོའི་ཟླ༥པའི་ཚེས༢༢ཉིན། ཁྲི་ཀའི་མི་དམངས་ལ་མཚོན་ན་ཧ་ཅང་གལ་ཆེ་བའི་ལོ་རྒྱུས་ཀྱི་དུས་སྐབས་ཤིག་ཡིན། མ་རྩ་སྒོར་དུང་ཕྱུརབཏང་ནས། ལོ་ངོ་བཞིའི་རིང་ལ་དངོས་སུ་ཁྲི་ཀ་རྫོང་བཟོ་སྐྲུན་གྱི་ཕྱོགས་ཡོངས་སུ་ཆུ་དྲངས་པ་རེད། རྒྱལ་ཁབ་ཀྱི་ལྔའི་བཅུ་གཉིས་བོད་ཁུལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འཛུགས་སྐྲུན་གྱི་རྣམ་གྲངས་གཙོ་བོའི་རམ་འདེགས་ལ་བརྟེན། ཞིང་ཆེན་ཡོངས་ཀྱི་ཁུལ་བཞིའི་སྣེ་ཁྲིད་གཉིས་དང་ལམ་ཐིག་གཅིག་གི་སྤྱིའི་འཕེལ་རྒྱས་བཀོད་སྒྲིག་ཁྲོད་དུ། རྨ་ཆུའི་འགྲམ་ངོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་གཙོ་བོ་དང་ཤར་ཁུལ་གྱི་རྨ་ཆུའི་གཞོང་སའི་ས་མུའུ་བརྒྱ་ཁྲི་ལྷག་གི་གསར་སྤེལ་རྣམ་གྲངས་གལ་ཆེན་གྲས་ཀྱིས། ཁྲི་ཀའི་རྨ་ཆུའི་ལྷོ་འགྲམ་གྱི་ཆུ་ལེན་ཞིང་ཆུ་འདྲེན་པ་ནས་རང་འགུལ་ཞིང་ཆུ་འདྲེན་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་རེད། དེ་ནས་བཟུང་། ཁྲི་ཀའི་མི་དམངས་ཀྱིས་རྨ་ཆུ་གཉོར་ནས་རྨ་ཆུ་འཐུང་མི་ཐུབ་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད།
མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་གཞི་གཙོ་བོ་ནི་བདེ་སྐྱིད་ལ་བརྩོན་རྒྱུ་དེའོ། །ད་བར། ང་ཚོ་ཁྲི་ཀའི་སྲང་ལམ་དུ་ཡུན་གྱིས་བསྐྱོད་དུས། ལམ་ཆེན་སོ་སོའི་འགྲམ་གྱི་ལྗང་མྱུག་དེ་དག་དང་། གནའ་བོའི་ཅང་ནན་དང་དེང་རབས་ཀྱི་བཟོ་བསྐྲུན་ཟུང་དུ་སྦྲེལ་བའི་ཁྱད་ཆོས་དེ་དག་མཐོང་ཐུབ། ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་རྒྱ་ལྕང་དེས། ལྗང་མདོག་མཁར་གྲོང་འདིའི་ནར་སོན་གྱི་ལོ་ཟླ་མཚོན་ཡོད།
ཞོགས་པར། མི་རྣམས་རྨ་ཆུའི་འགྲམ་དུ་དལ་གྱིས་བསྐྱོད་དུས། དྲང་མོའི་སྦྱར་ལྕང་དང་རྒྱ་ལྕང་ཆུ་ལ་ཟུག་ནས། རླུང་བུ་དང་མཉམ་དུ་ཕར་བསྐྱོད་ཚུར་བསྐྱོད་བྱེད་བཞིན་འདུག སྲོད་ཁར། ལ་ཁའི་ཉི་མའི་འོད་ཟེར་གྱི་ཁྲོད་ནས། མི་རྣམས་ཀྱིས་དགའ་བའི་སྐོར་བྲོ་འཁྲབ་བཞིན་འདུག ལྗང་མདོག་གི་སྡོང་བོ་དང་ཁྲ་ཚོམ་གྱི་མེ་ཏོག་གི་བར་ན། ཁྲི་ཀའི་མི་དམངས་ཀྱིས་བྲེལ་འཚུབ་ཀྱི་བར་ནས་སྲོད་ཁའི་དུས་ཚོད་ལ་རོལ་བཞིན་འདུག
ཧན་ཐང་གི་གནའ་མཁར་ནས་གཟི་ཉམས་ཀྱི་དབུ་ཚུགས་ནས། །ལོ་ངོ་ནི་ལྔ་སྟོང་གི་ལོ་རྒྱུས་ཀྱི་དབུ་ཁྱུད་བྲིས། །ནགས་ཚལ་གྱིས་བརྒྱན་པའི་སྟོན་མདོག་དང་། ཞིང་ཁ་ཡིས་བརྒྱན་པའི་དཔྱིད་དཔལ་གྱི་ར་བ། ཧྭ་ཞ་གཙང་པོ་རིང་མོའི་བཞུར་རྒྱུན་སྙན་ངག་དང་འབྲེལ་ནས། ལེ་བར་ཁྲི་ཕྲག་གི་རི་མོ་བྲིས་ཤིང་། ཚལ་ཞིང་མང་མང་གི་མཚན་སྙན་རྒྱས་ནས། གནམ་འོག་གི་ཁྲི་ཀ་ན་རྨ་ཆུ་དྭངས་ཟེར་བའི་མཚན་སྙན་གྲགས།
དུས་རབས་གསར་བར་བསྐྱོད་ནས། ལམ་ཆེན་གསར་བ་ཞིག་གི་མགོ་བརྩམས་ནས། ཁྲི་ཀ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་ཡོན་བསམ་བློའི་དགོངས་དོན་ལྟར། རི་མཐོ་ས་གཙང་ལ་གསེར་གྱི་མདངས་འཛིན་པའི་ཚན་རིག་གི་ལྟ་ཚུལ་བསྐྱངས་ནས། སྐྱེ་ཁམས་ཅན་གྱི་རྫོང་ཆེན་འཛུགས་བསྐྲུན་སྤྱིའི་དམིགས་འབེན་དུ་བཟུང་ནས། ཞིང་ཆེན་ཨུ་ཡོན་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་སྲུང་སྐྱོབ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་སྐུལ་འདེད། སྤྲོ་བས་ཕྱུག་པའི་འཚོ་བ་བསྐྲུན་པར་ཐབས་ཇུས་བཀོད་སྒྲིག་བཅས་ཀྱི་འཆར་གཞི་ལྟར། བཟང་བསྟོད་ང་ལ་མེད་རུང་། བཟང་དོན་ང་ཡིས་བསྒྲུབ་ཡོང་ཞེས་པའི་བསམ་བློ་དང་ལོ་རྒྱུས་ཀྱི་འགན་འཁྲི་བཟུང་ནས། ལས་དོན་རེ་རེ་བཞིན་སྒྲུབ་ནས། རྨ་ཆུ་ནི་ཁྲི་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བདེ་སྐྱིད་ཀྱི་གཙང་པོ་ཞིག་ཏུ་འགྱུར་བར་བརྩོན།
རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
སྒོ་མེ•དོན་གྲུབ་ཚེ་རིང་། ཕོ། བོད་རིགས། 1972ལོར་མཚོ་སྔོན་མཚོ་ལྷོ་ཁྲི་ཀ་རུ་སྐྱེས། 1992ལོའི་ཟླ7པར་ལས་ཀར་ཞུགས། ད་ལྟ་མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་པ་དང་ཞུས་ཆེན་པའི་འགན་བཞེས་ཡོད། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་མི། སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་སྤྱོད་ཡོན་ཟུང་ལྡན་ལས་དོན་པ། “མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ། གསར་གཏོད་ཤེས་ལྡན་མི་སྣ་རྩེ་གྲ་སྟོང་མིའི་འཆར་གཞིའི་སྣེ་ཁྲིད་ཤེས་ལྡན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སྤྱོད་ཆེད་མཁས་པ་། མཚོ་ནུབ་ཁུལ་གྱི”གསར་གཏོད་ཤེས་ལྡན་མི་སྣ་རྩེ་གྲ་བརྒྱའི་འཆར་གཞིའི་སྣེ་ཁྲིད་ཤེས་ལྡན་མི་སྣའི་ཆོ་ལོ་དང་རྒྱལ་ཡོངས་གཞི་རིམ་ཕུལ་བྱུང་སྲིད་གྲོས་ཨུ་ཡོན་དུ་བདམས་ཐོན་བྱུང་མྱོང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།