༄༅། །དོམ་པ་སྒོ་ཉལ།
རྩོམ་པ་པོ།:ཁྲི་ཟླ་གཞོན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-02-06 17:20:25
ཀློག་གྲངས།:
དོམ་པ་སྒོ་ཉལ་ནི་སློབ་གྲྭར་ཚེ་ཕྱེད་རིང་སོང་ཡང་ཅི་ཡང་མ་འཁྱོངས་པར་ཕྱིར་ཁྱིམ་དུ་ལུས་པ་དེ་དག་གི་སྤྱི་མིང་ཡིན་ལ། ང་ནི་དེ་དག་གི་གྲས་ཀྱི་གཅིག་ཡིན། ངའི་མིང་ལ་རྡོ་རྗེ་ཟེར། ཆུང་དུས་ནས་འབྲོག་ཕྱོགས་ནས་ནར་སོན་ཅིང་སློབ་གསོ་མྱངས། དེ་དུས་ཕ་ཡུལ་དུ་བྱིས་གཉོར་ཁང་མེད་པས་གྲ་སྒྲིག་འཛིན་གྲྭ་ཟེར་བ་ཞིག་ཏུ་ལོ་གཅིག་རིང་ཀ་ཁ་ག་ང་ཁོ་ན་སྦྱངས། bpmfའདོན་མ་ཤེས་པས་རྒྱ་ཡིག་དགེ་རྒན་གྱིས་ང་ལ་གླེན་ཕྲུག་ནོར་འདྲ་བ་འདི་ཞེས་སྡིགས་པ་དང་སློབ་གྲྭའི་རྒྱ་སྒོའི་འགྲམ་ནས་ལངས་ཆད་ཀྱང་བཅད། སྐབས་དེ་དག་ཏུ་སློབ་གྲོགས་དང་དགེ་རྒན་ཚང་མས་ང་ལ་ཟུར་ཟ་དང་སྙིང་འཕྱས་མང་དུ་བྱས་པ་ལས་སེམས་གསོ་དང་རྒྱབ་སྐྱོར་གཏན་ནས་བྱས་མ་མྱོང་། ཡིན་ནའང་ངས་ད་ལྟའི་བར་འདང་མི་ཕོགས་པ་ནི་རྒྱ་ཡིག་དགེ་རྒན་ཁོང་འབྲོག་ཐང་འདི་ནས་ལོ་ངོ་དྲུག་བདུན་ལྷག་ལ་དགེ་རྒན་བྱས་ཀྱང་བོད་ཡིག་ཆེ་ཤེས། བོད་སྐད་ཀྱང་ཚིག་གཅིག་ཀྱང་མི་ཤོད་པ་དེ་རེད་ལ། དེ་ལས་ལྡོག་སྟེ་དགོད་བྲོ་བ་ཞིག་ལ་བོད་རིགས་དགེ་རྒན་དང་བོད་རིགས་སློབ་གྲོགས་ཚོར་རང་ཚུགས་མེད་པའམ་ཨ་གསར་ཆེ་བ་གང་ཡིན་མི་ཤེས་མོད། མི་གཅིག་གི་ཤན་ཤུགས་ཀྱིས་ཚང་མ་རྒྱ་མ་བོད་དང་ར་མ་ལུག་འབའ་ཞིག་ཏུ་བསྒྱུར་ཡོད་པ་དེ་རེད།
ང་རང་ལོ་ན་བཅོ་ལྔར་སླེབས་དུས་རྫོང་མཁར་གྱི་སློབ་གྲྭར་ཆས་ཤིང་སྡེ་བ་དང་ཚོ་བ། གྲོང་རྡལ་དང་རྫོང་ཁག་མི་གཅིག་པའི་རོང་འབྲོག་གི་སློབ་གྲོགས་གང་མང་དང་འཕྲད། སློབ་ཆུང་དང་དམའ་འབྲིང་གི་སློབ་གྲྭ་དེ་དག་བོད་རིགས་རྐྱང་རྐྱང་གི་སློབ་གྲྭ་ཡིན་པས་མི་རིགས་གཞན་གཅིག་ཀྱང་མི་འདུག ཡིན་ནའང་མིང་རྒྱ་མིང་དང་རིགས་བོད་རིགས་ཡིན་པའི་སློབ་གྲོགས་འགའ་ཤས་ལ་ང་རང་རྒྱུན་ཏུ་འཕྲད་པས་སྐབས་དེའི་ང་རང་ཏན་ཏན་ཡ་མཚར་སོང་། དེ་ནི་ཏག་ཏག་ང་སློབ་གྲོགས་དེ་དག་ལ་ལྟ་ཚུལ་ཡོད་པ་མ་ཡིན་པར། ཁོ་ཚོའི་རིགས་ཅིའི་ཕྱིར་རྒྱ་རིགས་མིན་པ་དེ་རེད། ངས་ཡང་བསྐྱར་ས་གནས་མི་གཅིག་པ་སོ་སོ་ནས་སློབ་གྲྭ་གཅིག་ཏུ་འཛོམས་པའི་སློབ་གྲོགས་དག་ལ་རྒྱུས་ལོན་བྱས་མཐར་སླར་ཡང་ཡ་མཚན་པའི་དོན་དག་ཅིག་ཤེས་སོང་། དེ་ནི་ང་དང་སློབ་གྲོགས་དེ་དག་རྫོང་ཁག་དང་སྡེ་བ་མི་གཅིག་ཀྱང་རུས་དང་ཚོ་བའི་མིང་ནི་འདྲ་བ་དང་གཅིག་པ་མང་དུ་བྱུང་། དཔེར་ན་ཚོ་བའི་མིང་ཆོས་ཚ་དང་ཟླ་ཚང་ལྟ་བུ། སྡེ་བའི་མིང་རྐང་ཚ་ལྟ་བུ། དེ་ནི་སྔོན་དུས་ང་ཚོ་མེས་པོ་སྤྲེའུ་བྱང་ཆུབ་སེམས་དཔའ་ལས་མཆེད་དེ་བོད་མིའུ་གདུང་དྲུག་གི་རུས་ཁོངས་སུ་གཏོགས་པའི་ཤས་ཡིན་ལས་ཆེ། གང་ལྟར་ང་ཚོ་རྫོང་ཁག་དང་སྡེ་བ་མ་གཅིག་པར་རྡུང་རེས་དང་འཁོན་རེས་མང་དུ་བྱས་མོད། མཇུག་མཐར་ཁ་གཅིག་ཏུ་འཆམ་ནས་སྤུན་ལྟར་མཉམ་དུ་སློབ་སྦྱོང་དང་རྩེད་འཇོར་རོལ་མྱོང་།
ཏག་ཏག་དམའ་འབྲིང་གི་སྐབས་སུ། སློབ་གྲྭས་བོད་སྐད་ཡིག་གི་བསླབ་དེབ་མ་གཏོགས་དངོས་ལུགས། རྫས་འགྱུར། ས་ཁམས། ལོ་རྒྱུས་སོགས་རྒྱ་སྐད་རྒྱ་ཡིག་ལ་བསྒྱུར་བའི་སྟ་གོན་བྱས་ཏེ་ཡིག་ཆ་བཀྲམས། དེར་ང་དང་སློབ་གྲོགས་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཤིང་དེའི་དོན་དུ་དགེ་རྒན་གྱི་གཅར་རྡུང་དང་གཤེ་གཤེ་མང་དུ་མྱངས། ཁོ་ཚོས་འབྲོག་ཕྱོགས་ཀྱི་སློབ་མ་ཚོ་དམུན་པོ་དང་གླེན་པ་རེད། རྒྱ་སྐད་རྒྱ་ཡིག་ཏོག་ཙམ་ཡང་ཤེས་ཀྱིན་མི་འདུག ཡང་གཅིག་བཤད་ན་ཁོ་ཚོའི་ཕ་མའི་རེ་བ་ནི་རྒྱ་ཡིག་རྒྱ་སྐད་ཁོ་ན་ཤེས་སུ་འཇུག་རྒྱུ་དེ་རེད། བོད་སྐད་བོད་ཡིག་ལ་དགོས་མཁོ་མི་འདུག་ཟེར། ང་ཚོ་བྱ་ཐབས་ཟད་ཀྱང་ཨུ་ཚུགས་མཐར་བསྐྱལ་བྱས་པས་མཐར་བོད་སྐད་བོད་ཡིག་སོར་འཇོག་ཙམ་བྱ་ཐུབ་པ་བྱུང་།
དམའ་འབྲིང་གི་སྐབས་སུ་དགེ་རྒན་ལ་ཤས་ཀྱིས་ལས་རྒྱུ་འབྲས་བརྩིས་ཤིང་ལྷག་བསམ་ཟོལ་མེད་ཀྱིས་སློབ་མ་ཚོར། རང་གི་ཤ་ཉེ་བོ་དང་ཚའུ་ཚན་པ་ལྟར་ཤ་འབད་རུས་འབད་ཀྱིས་སློབ་ཁྲིད་བྱས། ལ་ཤས་ཀྱིས་རང་གི་ཕོར་བ་བསམ་ནས་འབྲེལ་མེད་ཀྱི་ལས་བྱ་མང་དུ་བགོས་ཤིང་ཉི་མ་འཁྱོལ་ཐབས་བྱས། གང་ལྟར་དགེ་རྒན་སུ་ཞིག་གིས་རང་གི་སློབ་མ་དང་མི་སེར་གྱི་བདེ་སྡུག་ལ་བསམ་གཞིགས་གནང་བ་དང་དགེ་རྒན་སུ་ཞིག་གིས་འགན་མ་ཁུར་བར་མི་སེར་གྲངས་མེད་ཀྱི་བུ་ཕྲུག་གི་དུས་ཚོད་རླུང་ཟད་བཏང་སྟེ་མཐར་ཅི་ཡང་མ་འཁྱོངས་པར་ལུས་པ་ནི་ད་ལྟའི་དོན་དངོས་དང་སྐབས་དེའི་སློབ་མ་ཚོའི་སེམས་སུ་གསལ།
ལོ་ངོ་མང་པོ་ཞིག་གི་རྗེས་ཀྱི་དེ་རིང་། མི་མང་པོ་ཞིག་གིས་ང་ལ་ཅིའི་ཕྱིར་དགེ་རྒན་གྱི་ལག་རྟགས་བླངས་ནས་དགེ་རྒན་གྱི་ལས་གནས་སུ་མི་ཞུགས་ཞེས་འདྲི། དེ་ལ་ངས་ཕྱིར་དགེ་རྒན་གྱི་ལས་ཀ་ནི་འགན་ཐེག་ནུས་པའི་ལས་ཀ་ཞིག་མ་ཡིན་ཏེ། དགེ་རྒན་གྱིས་སློབ་མ་མི་སྒེར་གྱི་འཚོ་གནས་དང་འབྱུང་འགྱུར་གྱི་ལས་དབང་ལ་བསམ་ན། འབད་པ་ཆེན་པོས་རྒྱ་སྐད་རྒྱ་ཡིག་ཁྲིད་དེ་སློབ་མའི་དུས་ཚོད་ཡོད་ཚད་རྒྱུགས་སྐར་དང་རྒྱུགས་ཤོག་སྟེང་བསྟིམས་དགོས་ལ། དེས་ན་འབྱུང་འགྱུར་བོད་ཕྲུག་རྣལ་མ་གང་མང་ཞིག་ར་མ་ལུག་དང་ཕུང་གསུམ་པ། བོད་ཕྲུག་ཟོལ་མར་བསྒྱུར་ངེས་པས། ཁ་དཔེར་ཕ་བཟང་བོའི་རུས་པ་གསེར་གྱིས་བརྒྱན་མ་ཐུབ་རུང་། སྐྲ་དཀར་པོ་སྐྱི་བསེར་རླུང་ལ་མ་བསྐུར་ཅེས་པ་དང་ནང་འགལ་དུ་འགྱུར་ལ། ང་ཡང་མི་རིགས་འདིའི་རྗེས་རབས་པའི་ཁྲོད་ཀྱི་ཉེས་ཅན་ཞིག་ཏུ་འགྱུར་ངེས། ཡང་དགེ་རྒན་གྱིས་རང་གི་མི་རིགས་དང་རིག་གནས་བསམ་སྟེ་སློབ་མ་ཚོར་བོད་སྐད་བོད་ཡིག་དང་བོད་ཀྱི་རིག་གནས་རྐྱང་རྐྱང་ཁྲིད་པ་ཡིན་ན། རྒྱུགས་དང་སྐར་གྲངས་ལ་གནོད་པ་ཆེར་ཐེབས་ཏེ་ཁོ་ཚོའི་མ་འོངས་པའི་འཚོ་གནས་དང་འབྱུང་འགྱུར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ལ། དེས་ན་ཡང་བསྐྱར་དགེ་རྒན་དེ་སློབ་མ་མི་སྒེར་བརླགས་པའི་ཉེས་ཅན་དུ་འགྱུར་ངེས། དེ་བས་ང་ལ་མཚོན་ན། དགེ་རྒན་གྱི་ལས་ཀ་འདི་ཤིན་ཏུ་ནས་ཉེན་ཁ་ཆེ་ཞིང་འདི་དག་ནི་ད་ལྟ་ང་རང་དགེ་རྒན་ཞིག་བྱེད་མི་འདོད་པའི་རྒྱུ་རྐྱེན་ཡང་ཡིན་ལ། རང་རེ་བོད་ཀྱི་ན་གཞོན་རིག་གནས་ཀྱི་རྫོངས་མཐུག་ཅིང་རུས་ཞེན་གྱི་སེམས་ན་བ་ཅན་གང་མང་དགེ་རྒན་གྱི་ལས་ཀར་མི་ཞུགས་པའི་རྒྱུ་རྐྱེན་ཡང་ཡིན་སྲིད་ངེས།
སླར་ཡང་ལོ་ངོ་དྲུག་ལྷག་འགོར་སོང་། ང་རང་རྫོང་མཁར་དང་གྱེས་ཏེ་གྲོང་ཁྱེར་གྱི་སློབ་གྲྭར་ཆས། གྲོང་ཁྱེར་གྱི་སློབ་གྲྭར་གྲངས་མང་གྲངས་ཉུང་གི་མི་རིགས་དང་ཞིང་ཆེན་མི་གཅིག་པའི་སློབ་མ་མང་དུ་འཛོམས། ང་རང་སོང་ས་དེ་ལག་རྩལ་སློབ་གྲྭ་ཞིག་ཡིན་པས་དངོས་གཞིར་རྒྱུགས་མ་འཕྲོད་པའི་སློབ་མ་མང་དུ་འདུག་ལ། རང་རེ་མདོ་དབུས་ཁམས་གསུམ་གྱི་སློབ་མས་བརྒྱ་ཆའི་དྲུག་ཅུ་ལྷག་ཟིན། ཡོང་བ་མདོ་དབུས་ཁམས་གསུམ་ནས་ཡིན་ཡང་བོད་སྐད་བོད་ཡིག་ལ་གཏན་ནས་དུངས་ཞེན་མི་འདུག ཐེངས་ཤིག་ངས་མིང་རྟགས་ཤིག་བོད་ཡིག་གིས་བྲིས་པས། ལྷ་སའི་བུ་མོ་ཞིག་ཧ་ལས་ཤིང་མྱིང་རྒྱ་ཡིག་གིས་འབྲི་དགོས་པར་སྐུལ། ཡིན་ནའང་དགོད་བྲོ་བ་ཞིག་ལ། སློབ་སྐབས་རེ་རེའི་བྱ་བ་སྤྱི་བསྡོམས་བྱེད་ཐེངས་རེ་རེ་དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཆེད་ལས་ཀྱི་འགྲན་བསྡུར་སྤེལ་ཐེངས་རེ་རེར། བོད་རིགས་སློབ་མས་བརྒྱ་ཆའི་གཅིག་ཙམ་ཡང་མི་ཟིན་ལ། སློབ་གྲྭའི་སྒྲིག་འགལ་དང་ཆད་པ་གཅོད་པ་དག་བཤད་དུས་བརྒྱ་ཆའི་ལྔ་བཅུ་ཟིན་པས། བོད་རིགས་ནི་རྗེས་ལུས་པའི་མཚོན་རྟགས་འབའ་ཞིག་ཏུ་གྱུར། དེ་ནི་ཏག་ཏག་རང་རེའི་བོད་ཀྱི་ཁ་དཔེ་ལ་བཟང་བོ་མྱིང་ཅན་ཞིག་བྱེད་མི་ཐུབ་ན། ངན་པ་རྟགས་ཅན་ཞིག་བྱ་དགོས་ཞེས་པ་དེའི་ཤུགས་རྐྱེན་ཡང་ཡིན་ཤས་ཆེ།
ཏག་ཏག་ལོ་ངོ་བཅུ་ཕྲག་ལྷག་འགོར་སོང་། ལོ་ངོ་བཅུ་ལྷག་འགོར་བའི་རྗེས་ཀྱི་དེ་རིང་། ང་སླར་ཡང་ཕྱིར་ཕ་ཡུལ་གྱི་པང་དུ་ལོགས། ཕ་ཡུལ་དུ་ལས་ཤོར་གྱི་སློབ་ཆེན་སློབ་མ་མང་དུ་འདུག་པས། ང་རང་དེ་ལ་ཧ་ཅི་ཡང་མི་ལས། ལོ་ངོ་མང་པོའི་ཡར་སྔོན་དུ་ཡུལ་མི་ཚོས་བྱིས་པ་སློབ་གྲྭར་མི་བསྐྱལ་བར་གནག་ཕྱུགས་ཀྱི་རྗེས་སུ་མངགས་ཤིང་། སྡེ་བའི་ནང་དུ་བཙུགས་པའི་སློབ་གྲྭའི་དགེ་རྒན་ཚོར་སྐམ་ལུག་འགའ་རེ་བྱིན་ནས་རང་གི་བྱིས་པ་སློབ་གྲྭ་ནས་བླུ་ཅི་ཐུབ་བྱེད། དེའི་རྗེས་སུ། ཡུལ་མི་ཚོས་བྱིས་པ་ཚོ་སློབ་གྲྭར་མ་བསྐྱལ་ན་བརླགས་ཚར་འདུག་ཟེར་ནས་འཚང་ཁ་ཤིག་ཤིག་ངང་དགེ་རྒན་དང་འགོ་ཁྲིད་འགའ་རེར་ཀུན་དགའ་དོན་འགྲུབ་རེ་བྱིན་ནས་སློབ་གྲྭའི་ནང་དུ་བརྫངས་ཅི་ཐུབ་བྱས། ཡིན་ནའང་ད་ལྟ་ཡུལ་མི་ཚོས། རང་སྐད་དག་མ་མི་ཤོད་པ་དང་རང་གི་དམངས་སྲོལ་ཏིལ་འབྲུ་ཙམ་ཡང་མི་ཤེས་པ། ཐ་ན་ལུག་ནོར་གྱི་མྱིང་ཡང་མི་ཐོགས་པ། ལོ་ངོ་ཉི་ཤུ་ལྷག་ལ་རང་གི་སེན་མགོ་རྣག་དང་སེན་རྟིང་ཁྲག་བྱས་ནས་དམངས་སྒོར་ཁྲི་སུམ་ཅུ་ལྷག་གི་མ་རྩ་བཏང་བའི་བྱིས་པ་ཚོ་ཅི་ཡང་མ་འཁྱོངས་བ་མཐོང་དུས། ཡིད་སེམས་གཏིང་ནས་ཆད་དེ་དོམ་པ་སྒོ་ཉལ་དང་ཕུང་གསུམ་པ། བར་དོ་བ་སོགས་དགོད་བྲོ་བའི་འཚང་མྱིང་མང་དུ་བཏགས་ཤིང་། དམའ་འབྲིང་དང་མཐོ་འབྲིང་ཙམ་མཐར་ཕྱིན་ཏེ་ཡིག་ངོ་ཙམ་ཆོད་ན་དེས་ཡོངས་སུ་ཆོག་འདུག་ཟེར་ནས་ཁ་བརྡ་བྱེད།
ཕ་ཡུལ་གྱི་མི་གྲངས་ནི་གོང་དུ་འཕར་ཏེ་ཐེམ་ཚད་ཀྱི་རྩྭ་ས་ཇེ་ཉུང་དུ་གྱུར། རྩྭ་སའི་སྤུས་ཀ་ཇེ་ཞན་དུ་གྱུར་ཏེ་ཕྱུགས་ཟོག་གི་ཆས་ཚར། ཡུལ་མི་ཚོ་སླ་ང་ཚ་པོའི་སྟེང་གི་གྲོག་མ་ལྟར་བྱ་ཐབས་ཟད་པས་སྨད་ཕྱོགས་ནས་ཆས་ཉོས་ཤིང་ཟོག་བཙོངས་ནས་ཁ་གྲངས་ཇེ་ཉུང་དུ་བཏང་། ལོ་སར་སྐབས་སུ། རྒྱ་གྲོང་གི་ཤ་ཚོང་ཁང་སོ་སོ་ན་འབྲོག་པ་ཚོས་ཕྱུགས་གོང་ལས་ལྷག་པའི་རིན་བྱིན་ནས་སྐམ་ཤ་ཉོ། འདི་ནི་གཅིག་བྱས་ན་ཆོས་ལུགས་ཀྱི་ཤུགས་རྐྱེན་ཡིན་སྲིད་ལ། གཉིས་བྱས་ན་ང་ལྟ་བའི་ལུག་བཤའ་མི་ཤེས་པ་དང་བཤའ་མི་ཕོད་པའི་བུ་ཕྲུག་མང་དྲགས་པས་ཡིན་སྲིད། གང་ལྟར་རོང་འབྲོག་བོད་མི་ཐམས་ཅད་ཀྱིས་འདི་ལྟར་དགོད་བྲོ་བའི་ཟློས་གར་ཅིག་འཁྲབ་བཞིན་འདུག
ཉི་ཤུའི་ལང་ཚོ་སློབ་གྲྭ་ནས་ཟད་པའི་འབྲོག་པའི་རྗེས་འཇུག་ང་ལ་མཚོན་ན། ད་ནི་ནོར་ལུག་གི་མྱིང་མི་ཤེས་ལ་ཁལ་མར་ཁལ་འགེལ་མི་ཤེས། ཐ་ན་ལུག་བཤའ་བ་དང་བལ་འབྲེག་པ། སྦྲ་ཕུབ་པ་སོགས་ཀྱང་མི་ཤེས་ལ། རྩྭ་ཆུའི་བཟང་ངན་དང་འབྲོག་ལས་ཡོ་བྱད་ཀྱི་མིང་ནི་དེ་བས་ཀྱང་མི་ཤེས།
ཁ་ན་དགག་སྒྲའི་བཀང་བའི་ང་རང་ད་ལྟ་ཕ་ཡུལ་ལ་ངོ་གནོངས་ཤིང་ཡུལ་མི་ཚོར་ངོ་གནོངས། དེ་བས་ཀྱང་ངའི་ཕ་མེས་པོའི་ཕ་ཆོས་དང་དཔའ་མཛངས། བློ་སྤོབས་དང་ལོ་རྒྱུས་ལ་ངོ་གནོངས། ངས་རང་གི་མེས་པོའི་ལོ་རྒྱུས་དང་ཡིག་ཚངས་ཤེས་པ་ལྟ་ཅི་སྨོས་ཀློག་ཀྱང་མི་ཤེས་ལ། ཆིན་ཧྲི་ཧོང་ནས་འཇར་འགོག་དམག་འཁྲུག་གི་ལོ་རྒྱུས་ཐོགས་མེད་དུ་ཤེས། ངས་རང་གི་ཕ་མ་དང་ཕུ་ནུའི་འཚོ་གནས་ལ་འགྱུར་བ་ཏོག་ཙམ་ཡང་གཏོང་མི་ཐུབ་ལ། ར་ཤི་ཡ་དང་ཡུག་རེན་གྱི་གསར་འགྱུར་ཐོགས་མེད་དུ་ཤེས། ངས་ཕ་སྐད་མ་ཡིག་གི་དག་ཆ་རྣམ་དབྱེ་བརྒྱད་པ་གང་ཡིན་ཙམ་ཡང་མི་ཤེས་ལ། རྒྱ་བོད་འདྲེས་མ་ཡི་བསྲེས་སྐད་ངོ་མི་ཚ་བར་ཐོགས་མེད་དུ་ཤེས། དེ་བས། ང་ནི་ཏག་ཏག་བོད་སྐད་བོད་ཡིག་མི་ཤེས་པའི་བོད་མི་དང་རུས་མིང་གཞན་དུ་གྱུར་བའི་བོད་མི། རུ་སྤོར་སྐྱས་འགེལ་མི་ཤེས་པའི་འབྲོག་པ་དང་ལུག་བཤའ་མི་ཤེས་པའི་འབྲོག་པ་ཞིག་ཡིན།

སྤྱི་ལོ༢༠༢༣ལོའི་ཟླ༡པའི་ཚེས༡༣ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།