གདམ་ག་ནོར་བའི་ཐག་གཅོད་ལས་བྱུང་བའི་ཕམ་ཁའི་གཏམ་རྒྱུད།
རྩོམ་པ་པོ།:འཇམ་མགོན་སྐྱབས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-12-06 10:51:05
ཀློག་གྲངས།:
བརྩེ་བ་ནི་སློབ་གསོའི་སྒུལ་ཤུགས་ཡིན་པས། བརྩེ་བ་མེད་པའི་སློབ་གསོ་ཞིག་ཡོད་མི་སྲིད་ལ། སློབ་མའི་མི་ཚེའི་རིན་ཐང་དང་མ་འོངས་པའི་མདུན་ལམ་མི་བསམ་པའི་སློབ་གསོ་ཞིག་ཀྱང་ཡོད་མི་སྲིད། ཡང་གཅིག་བཤད་ན་དགེ་རྒན་ཞེས་པའི་མིང་བྱང་འདིའི་ཤུགས་ན་རི་རབ་ལས་ལྕི་བའི་འགན་ཁུར་དང་རྒྱ་མཚོ་ལས་ཟབ་པའི་བརྩེ་སེམས་ཤིག་ཉར་ཡོད་པ་སུས་རྟོགས་ཐུབ། བདག་གིས་ཐེངས་འདིར་བཤད་འདོད་པ་ནི་ངའི་སློབ་ཁྲིད་སློབ་གསོའི་ཁྲོད་དུ་དངོས་སུ་བྱུང་བའི་གཏམ་རྒྱུད་ཅིག་ཡིན་ལ། གཏམ་རྒྱུད་འདི་ནི་ངས་ད་ལྟ་སློབ་ཁྲིད་བྱེད་བཞིན་པའི་བདུན་གསུམ་འཛིན་གྲྭའི་བོད་ཡིག་གི་སློབ་སྦྱོང་ཨུ་ཡོན་ཞིག་གི་ངོས་ཐད་ནས་བྱུང་བའི་གཏམ་རྒྱུད་ཅིག་ཡིན་པས་མི་ཚད་ང་རང་ཉིད་ཀྱི་སློབ་གསོའི་སྟེགས་བུའི་སྟེང་གི་ཕམ་ཁ་ཞིག་ལས་བྱུང་བའི་རྒྱལ་ཁ་ཞིག་ཡིན་ཞེས་སྨྲས་ཀྱང་མི་ཆོག་པ་ཅི་ཡང་མེད།
ཕྱིར་དྲན་ཐེངས་ཤིག་བྱས་ན། དེ་རིང་ནི་སྐྱིད་སྡུག་མཉམ་མྱོང་དང་ཤེས་བརྩོན་ཟུང་འབྲེལ་སྒོས་ལོ་ངོ་གསུམ་ལ་སློབ་ཁྲིད་བྱས་པའི་ངའི་སེམས་ཀྱི་གཏིང་རིམ་ལ་ཟུག་པའི་དགུ་གསུམ་འཛིན་གྲྭ་བདེ་བླག་ངང་མཐར་ཕྱིན་ནས་སླར་ཡང་འཛིན་གྲྭ་གསར་བ་ཞིག་གི་སློབ་ཁྲིད་ཀྱི་འགན་དང་ལེན་བྱས་པའི་སློབ་སྐབས་གསར་བའི་ཉིན་གསུམ་པ་དེ་མ་ཡིན་ནམ། སློབ་གྲྭ་འཚོགས་ནས་ཉིན་གཉིས་འགོར་རྗེས་དངོས་སུ་སློབ་ཁྲིད་ཀྱི་མགོ་བརྩམས་བྱུང་། འཛིན་གྲྭ་གསར་བ་ཡིན་པའི་རྒྱུ་མཚན་གྱིས་སློབ་མའི་ཤེས་བྱའི་རྨང་གཞིའི་ཚད་གཞི་དང་སློབ་མ་སོ་སོའི་ཀུན་སྤྱོད་ཀྱི་ཐད་ནས་བདག་ལ་གསལ་ཆ་ཅི་ཡང་མེད། ངས་ཐོག་མར་སློབ་མའི་གཏམ་བཤད་ཀྱི་ནུས་པ་དང་སྤོབས་པའི་ཚད་འཇལ་ཞིག་གི་ཚུལ་དུ་སློབ་བུ་སོ་སོ་ལ་རང་ཉིད་ངོ་སྤྲོད་ཐེངས་གཅིག་བྱེད་དུ་བཅུག་པ་ཡིན། སློབ་བུ་དག་གི་སྐད་ཆའི་བཤད་སྟངས་ཀྱི་ཁྲོད་ནས་འབྲོག་པ་དང་རོང་བ། རོང་མ་འབྲོག་སོགས་མཉམ་དུ་འདུས་པའི་འཛིན་གྲྭ་ཞིག་ཡིན་པ་ཤེས་ཐུབ། སློབ་བུ་དག་གིས་རང་ཉིད་ངོ་སྤྲོད་བྱས་ཚར་རྗེས་ངས་སློབ་སྦྱོང་ཨུ་ཡོན་ཞིག་འདེམས་བསྐོ་བྱེད་དགོས་པའི་རེ་བ་ཞིག་བཏོན་པ་དང་ལྷན་དུ་སློབ་གྲོགས་སྐོར་ཞིག་ཡར་ལངས་ནས་ཁས་ལེན་གྱི་ལག་བརྡ་དང་སློབ་སྦྱོང་ཨུ་ཡོན་ལ་འདུག་འདོད་ཀྱི་འཛུམ་མདངས་དེ་ང་ལ་བསྟན་བྱུང་། བདག་ལ་གློ་བུར་དུ་སུ་ཞིག་འཇོག་དགོས་པའི་ཐབས་བཀོད་བཟང་བོ་ཞིག་མེད་ཀྱང་ངས་ལས་བྱ་བྲིས་པའི་གནས་ཚུལ་ལ་བལྟས་ཏེ་ཐག་གཅོད་བྱ་རྒྱུའི་བསམ་ཚུལ་བཏོན་པས་སློབ་གྲོགས་དག་ཀྱང་ཡིད་འཐད་མི་འཐད་ངང་ཕན་ཚུན་ལ་ལྟ་ཞོར་རིམ་བཞིན་རང་གི་འདུག་སྟེགས་སུ་བསྡད་བྱུང་།
ཕྱི་ཉིན་སྔ་མོར་ལས་བྱ་རེ་རེ་བཞིན་ཡར་སྤྲད་དེ་ཐོན་བྱུང་། བདག་གིས་རེ་རེ་བཞིན་ཞིབ་ཚགས་ཀྱིས་བལྟས་རྗེས། བྲིས་གཟུགས་ལེགས་ཤིང་ནང་དོན་ལ་ཡང་གནད་དོན་ཆེར་མེད་པའི་སློབ་བུ་ཁ་བ་ལྷ་མོ་སློབ་སྦྱོང་ཨུ་ཡོན་དུ་བདམ་རྒྱུའི་སེམས་ཐག་བཅད། ཕྱི་ཉིན་སྔ་དྲོའི་སློབ་ཁྲིད་ཀྱི་སྐབས་སུ་བདག་གིས་ཁོ་མོའི་ལས་བྱ་ཡག་པོ་བྲིས་ཡོད་པའི་གནས་ཚུལ་ལ་བསྟོད་པ་ཐལ་དྲགས་པ་ཞིག་བྱས་རྗེས་ཁོ་མོ་བོད་ཡིག་གི་སློབ་སྦྱོང་ཨུ་ཡོན་ལ་བདམས་བྱུང་ཞེས་གསལ་བསྒྲགས་བྱས། འོན་ཀྱང་སློབ་གྲོགས་ཚང་མའི་དགའ་བསུ་དང་གདོང་གི་རྣམ་འགྱུར་ལ་བལྟས་ན་དེ་འདྲའི་དང་ལེན་ལེགས་པོ་ཞིག་བྱེད་མི་འདོད་པ་འདྲ། གང་ལྟར་ངས་ཀྱང་ཞིབ་བཤེར་གསལ་བོ་ཞིག་མ་བྱས་པར་སློབ་སྦྱོང་ཨུ་ཡོན་ཞིག་གི་ཆ་ནས་གང་ཞིག་བསྒྲུབ་དགོས་པ་དང་ཇི་ལྟར་བསྒྲུབ་དགོས་པའི་རེ་བ་འགའ་བཏོན་རྗེས་སློབ་ཁྲིད་ཀྱི་མགོ་བརྩམས་པ་ཡིན། ནམ་རྒྱུན་གྱི་སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་དུ་དྲི་བ་འདྲི་བ་དང་བསམ་བློ་བརྗེ་རེས་སོགས་ཀྱི་སྐབས་སུ་སློབ་གྲོགས་རྟ་མགྲིན་མཚོ་ནི་སྤོབས་པ་ལྡན་ཞིང་སྨྲ་ལྕེ་དག་པ། ལན་བཏབ་པ་གནད་ལ་ཁེལ་བ་ཞིག་ཡིན་པ་རིམ་བཞིན་རྟོགས་ཡོང་། མི་ཡི་བཟང་ངན་འགྲོགས་ན་ཤེས། རྟ་ཡི་བཟང་ངན་རྒྱུགས་ན་ཤེས་ཞེས་པའི་དཔེ་ལྟར་སློབ་གྲོགས་རྟ་མགྲིན་མཚོའི་ཁྱད་ཆོས་ནི་རིམ་བཞིན་དུ་ཇེ་མང་དང་སློབ་སྦྱོང་གི་གྲུབ་འབྲས་ཀྱང་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཏུ་གྱུར་ཡོང་། འོན་ཀྱང་སློབ་གྲོགས་ཁ་བ་ལྷ་མོ་ལ་མཚོན་ན་ལས་བྱ་ཡག་པོ་ཞིག་འབྲི་བ་ལས་ནམ་ཡང་མི་སྨྲ་བའི་བརྟུལ་ཞུགས་ཤིག་འཛིན་པ་ལས་ཁྱད་ཆོས་གཞན་ཅི་ཡང་མངོན་མི་ཐུབ། རྐྱེན་དེའི་དབང་གིས་ངས་ཁ་བ་ལྷ་མོ་དང་རྟ་མགྲིན་མཚོ་གཉིས་ལ་ལྟ་རྟོག་དང་གཟབ་ནན་བྱེད་པའི་འདུ་ཤེས་ནི་ནམ་རྒྱུན་དང་མི་འདྲ་བར་ཇེ་དྲག་ཏུ་སོང་བ་དང་འདྲ། སློབ་གྲོགས་རྟ་མགྲིན་མཚོ་ནི་གཞན་གྱིས་མཉམ་མི་འཇོག་པའི་སློབ་བུ་གཤིས་བཟང་དཔེ་ལེགས་ཅན་ཞིག་ཡིན་པ་ངས་རིམ་བཞིན་ཤེས་ཡོང་། ཐེངས་ཤིག་གི་སློབ་རའི་སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་མིང་ཐོ་འགོད་སྐབས་འཛིན་གྲྭ་གང་བོའི་ནང་དུ་མི་གཅིག་ཀྱང་རང་འགུལ་གྱིས་ཞུགས་པའི་ཁས་ལེན་མི་ནུས་པའི་སྐབས་དེར་ཁོ་མོས་སྤོབས་པ་དང་བཅས་ཏེ་ཞུགས་རྒྱུའི་རེ་བ་བཏོན་པ་དང་། རྗེས་སུ་མོས་ཞུམ་མེད་ཀྱི་སྤོབས་པ་དང་བརྩོན་པའི་སྦྱང་སྟོབས་ལ་བརྟེན་ནས་ཨང་དང་པོའི་བྱ་དགའ་བླངས་བྱུང་། ཡང་ཐེངས་ཤིག་གི་འཛིན་གྲྭའི་ལོ་སར་དགོང་ཚོགས་ཀྱི་བྱ་འགུལ་ཞིག་གི་སྐབས་སུ་མོས་རང་འགུལ་གྱིས་རིག་རྩལ་འཁྲབ་སྟོན་གྱི་མདོ་འཛིན་པ་བྱེད་པའི་ལས་འགན་འཁུར་ཞིང་། ཐེངས་དེའི་མདོ་འཛིན་བརྒྱུད་དེ་དགེ་རྒན་མི་ཉུང་བ་ཞིག་གིས་ཁོ་མོ་སློབ་རའི་བྱ་འགུལ་སོ་སོའི་མདོ་འཛིན་པར་བཞག་ནས་སྐྱེད་སྲིང་བྱས་ན་མ་འོངས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་ཐུབ་པའི་གདེང་འཇོག་མི་དམན་པ་ཡང་གནང་མྱོང་། ཁོ་མོའི་ནམ་རྒྱུན་གྱི་ཞི་དུལ་བག་ཡོད་ཀྱི་གཤིས་རྒྱུད་དང་སློབ་སྦྱོང་ལ་བཅངས་པའི་ཡིད་ཆེས་དང་བརྩོན་སེམས་དེ་ལས་སློབ་གྲོགས་སུ་ཡིན་ཡང་མོ་ལ་མི་དགའ་མཁན་གཅིག་ཀྱང་མེད། དེ་བས་ང་རང་ཡང་སློབ་གྲོགས་རྟ་མགྲིན་མཚོ་ལ་ཤིན་ཏུ་དགའ་ཞིང་། མོས་ནམ་རྒྱུན་སློབ་ཁྲིད་སྐབས་སུ་བཟུང་བའི་རྣམ་འགྱུར་ཡག་པོ་དེས་ང་རང་གིས་སློབ་ཁྲིད་རེ་རེ་བྱེད་པའི་སྐབས་སུ་ཡང་རང་ཉིད་ལ་སྐུལ་ལྕག་དང་ཡར་ཐོན་ཆེན་པོ་འཐོབ་སོང་།
སློབ་སྐབས་གཉིས་པའི་སྐབས་སུ་ངས་ཁོ་མོ་སློབ་ཁང་གི་ཕྱི་རོལ་དུ་བོས་ཏེ་སློབ་སྐབས་འདི་ནས་བཟུང་ཁྱོད་རང་བོད་ཡིག་གི་སློབ་སྦྱོང་ཨུ་ཡོན་ལ་བདམས་པ་ཡིན། རྗེས་ཕྱོགས་འཛིན་གྲྭའི་བོད་ཡིག་གི་ཕྱོགས་ནས་ཁྱོད་ཀྱིས་ཧུར་བརྩོན་བྱེད་དགོས་པའི་རེ་བ་བཏོན་པ་དང་ལྷན་དུ་མོའི་དམར་ལ་མདངས་དང་ལྡན་པའི་མཁུར་ཚོས་མགོ་ནས་མིག་ཆུ་རྡོག་འགའ་རང་བཞིན་དུ་ཐུག་བྱུང་། ང་རང་གིས་རྒྱུ་མཚན་མ་ཤེས་པར་ཁ་ལྷོད་པོའི་སྒོ་ནས་ཅི་ཞིག་བྱུང་སོང་བའི་གནས་ཚུལ་དྲིས་པ་ན། མོས་ངུ་སྐད་དང་ལྷན་དུ་ང་རང་སློབ་སྦྱོང་ཨུ་ཡོན་ལ་འདུག་པའི་ཐོབ་ཐང་མེད། ངའི་ཡིག་གཟུགས་ནི་འཛིན་གྲྭའི་ཆེས་མི་ལེགས་པ་ཡིན་པས་འགན་འདི་ལྟ་བུ་ཞིག་འཁུར་ག་ལ་སྲིད་ཅེས་བཤད་བྱུང་། སྐབས་དེར་ངའི་སེམས་ལ་ཐོག་མར་ཤར་ཡོང་བ་ནི་ཆེས་ཐོག་དང་པོའི་སློབ་ཁྲིད་ཀྱི་སྐབས་སུ་བཤད་པའི་སྐད་ཆ་དེ་ཡིན། མ་གཞི་ངས་བཤད་པའི་སྐད་ཆ་སྟེ། ཡིག་གཟུགས་ལེགས་མིན་གྱིས་མིའི་གཤིས་རྒྱུད་མཚོན་ཐུབ་ལ། སློབ་སྦྱོང་ལ་བཟུང་བའི་རྣམ་འགྱུར་ཡང་མཚོན་ཐུབ་ཅེས་པའི་ང་རང་གིས་སློབ་མའི་ཡིག་གཟུགས་ཇེ་ལེགས་སུ་གཏོང་ཐབས་ཀྱི་སྐད་ཆ་འདིར་ལན་སོང་བ་མ་ཡིན་ནམ། བདག་གིས་དེ་མུར་མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཁྱོད་ལ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཡོད་པས་ཡིག་གཟུགས་ལེགས་པོ་ཞིག་འབྲི་མི་ཐུབ་པ་དེར་ཅི་སྐྱོན། ཡིག་གཟུགས་ལེགས་པོ་འབྲི་མི་ཐུབ་པ་དེ་སྐྱོན་ཆ་ཞིག་ཏུ་བརྩི་བ་ནི་ནམ་རྒྱུན་ལས་བྱ་ལ་དོ་སྣང་མི་བྱེད་པར་གང་འདོད་དུ་འབྲི་བའི་སློབ་གྲོགས་དེའི་སྐོར་ལ་བཤད་པ་ཡིན། ཁྱོད་ལ་མཚོན་ན་བརྩོན་སེམས་ལྡན་ཞིང་མིག་རྒྱང་རིང་བ། གཤིས་རྒྱུད་ལེགས་པས་མ་འོངས་པ་ན་ཡིག་གཟུགས་ལེགས་པོ་ཞིག་འབྲི་ཐུབ་པ་ལས་གཞན་ཕུལ་བྱུང་སྙན་ངག་གྱེར་འདོན་པ། ཕུལ་བྱུང་བུད་མེད་རྩོམ་པ་པོ། གཏམ་བཤད་པ་སོགས་ཀྱི་ཁྱད་ཆོས་ཀྱང་རང་ཤུགས་ཀྱིས་འབྱོར་བར་ཡིད་ཆེས་བརྟན་པོ་ཡོད་ཅེས་ལབ་རྗེས། དེ་འཕྲལ་དུ་ཁོ་མོའི་གདོང་གི་མིག་ཆུ་ཡང་མཚམས་ཆད་དེ་འཛུམ་དམུལ་དམུལ་གྱི་ངང་ནས་སློབ་སྦྱོང་ཨུ་ཡོན་ལེགས་པོ་ཞིག་བྱ་རྒྱུའི་དམ་བཅའ་བཞག་ནས་ཕྱིར་སློབ་ཁང་དུ་བུད་སོང་། ང་རང་ཡང་ཁོ་མོས་སློབ་སྦྱོང་ཨུ་ཡོན་གྱི་འགན་འཁུར་བའི་གནས་ཚུལ་འདིས་སེམས་ལ་དགའ་སྣང་ཞིག་དང་ལྷན་དུ་ཕྱིར་གཞུང་སྒྲུབ་ཁང་དུ་སོང་བ་ཡིན། ཅུང་མ་འགོར་བར་སློབ་བུ་ཁ་བ་ལྷ་མོས་གདོང་ལ་ངོ་ཚ་དང་འགྱོད་གདུང་གི་ཉམས་ཤིག་མངོན་བཞིན་ངའི་གམ་དུ་ཡོང་ནས་ངག་འདར་འདར་གྱི་སྒོ་ནས་དགེ་རྒན་གྱིས་སློབ་སྦྱོང་ཨུ་ཡོན་བརྗེ་སོང་ངམ་ཞེས་དྲིས་བྱུང་། ངས་ཐད་ཀར་ཁོ་མོ་ལ་སློབ་བུ་རྟ་མགྲིན་མཚོ་ནི་ཕྱོགས་གང་ཐད་ནས་ཁྱོད་དང་བསྡུར་ན་ཧ་ཅང་ལེགས་པས་སློབ་སྦྱོང་ཨུ་ཡོན་གྱི་ལས་འགན་འདི་ཁོ་མོར་བསྒྲུབ་ཏུ་བཅུག་ན་ལྷག་ཏུ་བཟང་རྒྱུ་རེད་ཅེས་བཤད་པ་ན་ཁོ་མོའི་གདོང་གི་མདོག་ཀྱང་འགྱུར་ཏེ་མིག་ཆུའི་ཕྲེང་རྡོག་འགའ་རེ་ཐང་ལ་ཐུག་བཞིན་དུ་ཅི་ཡང་མི་སྨྲ་བར་གཞུང་སྒྲུབ་ཁང་གི་ཕྱི་ལ་བུད་སོང་། སྐབས་དེ་ནས་བཟུང་སློབ་མ་འདི་གཉིས་ལས་སློབ་བུ་རྟ་མགྲིན་མཚོ་ནི་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འཕེལ་རྒྱས་ཤིན་ཏུ་མགྱོགས་ལ། སློབ་བུ་ཁ་བ་ལྷ་མོ་ལ་མཚོན་ན་སློབ་གྲོགས་ཕན་ཚུན་ལ་འབྲེལ་འདྲིས་མི་བྱེད་པར་མ་ཟད། སློབ་སྦྱོང་གི་གྲུབ་འབྲས་ཀྱང་སྔོན་དང་བསྡུར་ན་ཇེ་ཞན་ནས་ཇེ་ཞན་དུ་གྱུར་སོང་། ཀྱི་ཧུད། སློབ་བུ་ཁ་བ་ལྷ་མོའི་སློབ་སྦྱོང་གི་གནས་ཚུལ་འདི་དང་སྦྲགས་ཏེ་ཕྱིར་འདང་ཞིག་བརྒྱབ་ན་ཁོ་མོའི་སློབ་སྦྱོང་བྱེད་མི་འདོད་པ་དང་ནམ་རྒྱུན་གདོང་ལ་སུན་སྣང་དང་འགྱོད་གདུང་ལྟ་བུའི་གདོང་མདོག་ཅིག་ཤར་ཡོད་པ་ནི་དགེ་རྒན་དགའ་ཞིག་ཡིན་འདོད་པའི་ང་རང་ཉིད་ཀྱི་ལུགས་མེད་ཀྱི་སློབ་གསོའི་སྐད་ཆ་དང་། དོན་དག་གི་ཐག་གཅོད་བྱེད་སྟངས་མི་འོས་པ་དག་གིས་བསྐྲུན་པའི་ཆག་སྒོ་མ་ཡིན་ནམ།
དགེ་རྒན་ཞིག་ལ་མཚོན་ན་སློབ་མའི་རབ་འབྲིང་གི་དབྱེ་བ་མི་ཕྱེས་པར་དེ་ལ་དེ་བསྟུན་གྱི་བརྩེ་སེམས་ཤིག་དང་སློབ་ཁྲིད་ཐབས་ལམ་ཞིག་བཀོལ་རྒྱུ་ནི་ཧ་ཅང་གལ་ཆེ། ང་རང་ཉིད་ལ་མཚོན་ཏེ་བཤད་ན། སློབ་སྦྱོང་ཨུ་ཡོན་ཞིག་བདམས་པའི་ནོར་འཛོལ་འདི་ལྟ་བུའི་དཔེ་ཞིག་གི་སྟེང་ནས་ཀྱང་སློབ་མའི་ཕྱིའི་རྣམ་འགྱུར་ལ་བརྟགས་མི་ཤེས་ཤིང་། དུས་རྒྱུན་གྱི་སློབ་སྦྱོང་གི་འཚོ་བའི་ཁྲོད་ཀྱི་སློབ་མ་དག་གི་སེམས་ཁམས་མི་རྟོག་པ་འདིས་ངས་ནམ་རྒྱུན་སློབ་མ་ཁྱད་ཆོས་ཅན་མང་པོ་ཞིག་སྐྱེད་སྲིང་བྱེད་མ་ཐུབ་པར་མ་ཟད། ད་དུང་སློབ་སྦྱོང་གི་མདུན་ལྗོངས་ལ་བཀག་རྒྱ་བཟོས་སོང་བ་ཡང་མེད་མི་སྲིད། དོན་དངོས་སུ་སློབ་གསོ་ནི་སློབ་མ་རེ་རེའི་འཚོ་བའི་ནང་དུ་ཞུགས་ནས་དེའི་ཁྱིམ་ཚང་གི་གནས་ཚུལ་དང་། སེམས་ཁམས་ཀྱི་འགྱུར་ལྡོག མ་འོངས་པའི་རེ་བ་སོགས་གང་ཅིའི་ཐད་ནས་གོ་བ་ལེགས་པོ་ཞིག་ལེན་ཐུབ་པ་བྱུང་ན་ནི་དགེ་སློབ་ཕན་ཚུན་འདྲིས་སླ་བར་མ་ཟད་སློབ་གསོ་དང་སློབ་ཁྲིད་ཀྱི་ནང་དོན་ཡང་གཏིང་ཟབ་པར་ཡིད་ལ་གོམས་པར་འགྱུར་ངེས། དེའི་སྟབས་ཀྱིས་བྲིས་གཟུགས་ལེགས་ཤིང་ནམ་རྒྱུན་མི་སྨྲ་བའི་རྟུལ་ཞུགས་འཛིན་པར་དགའ་བའི་སློབ་མ་ཁ་བ་ལྷ་མོ་ལྟ་བུ་ལ་མཚོན་ན་དགེ་རྒན་གྱིས་ལྷག་ཏུ་ལས་བྱེད་མི་སྣའི་འགན་འཁུར་སྤྲད་དེ་སྤོབས་པ་སྐྱེད་སྲིང་དང་འཛིན་གྲྭའི་བོད་ཡིག་སློབ་སྦྱོང་གི་ཁྲོད་དུ་གནས་པའི་གནད་དོན་ཐེར་འདོན་དང་ཐག་གཅོད་བྱེད་པར་སྐུལ་ནས་རིམ་བཞིན་འཚར་ལོངས་བྱུང་དུ་བཅུག་ན་དངོས་ནས་གྲུབ་འབྲས་ལེགས་པོ་ཞིག་ལེན་ཐུབ་པར་གདོན་མི་ཟ། གཞན་བྲིས་གཟུགས་མི་ལེགས་ཀྱང་ཁྱད་ཆོས་གཞན་པ་མང་བའི་སློབ་བུ་རྟ་མགྲིན་མཚོ་ལྟ་བུ་མཚོན་ན། དགེ་རྒན་གྱིས་ཟུར་གང་མང་ནས་ཐབས་བཀོད་འཐེན་ནས་སྐྱེད་སྲིང་བྱེད་དགོས་ཏེ། སྤྱི་སེམས་ལྡན་ཞིང་སྒེར་སེམས་མེད་པ། མཐུན་སྒྲིལ་ཡོད་ཅིང་དབྱེན་དང་ཕྲ་མ་མེད་པ། ཀུན་ལ་བྱམས་ཤིང་ཆེ་ལ་བཀུར་བ། བརྩོན་སེམས་ལྡན་ཞིང་ལེགས་པར་སྨྲ་བ་སོགས་ཀྱི་ཀུན་སྤྱོད་གཙང་བའི་གནས་སུ་ཁྲིད་དེ་སྐུལ་མ་བཏང་ན་སློབ་མ་དཔེ་ལེགས་ཅན་མང་པོ་སྐྱེད་སྲིང་བྱེད་ཐུབ་པ་དང་རང་ཉིད་ཀྱང་ཐབས་དང་ལྡན་ཞིང་ཀུན་གྱིས་བརྩི་བའི་དགེ་རྒན་དཔེ་ལེགས་ཅན་ཞིག་ཏུ་འགྱུར་ཤ་སྟག་རེད།
རྩོམ་པ་པོ་ནི་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།