དཔེ་ཀློག་གི་དགེ་མཚན་གླེང་བ།
རྩོམ་པ་པོ།:རྒྱལ་མོའི་འོད་དཀར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-11-23 17:27:16
ཀློག་གྲངས།:
མཁས་པ་དུ་མས་དཔེ་ཆ་ནི་འགྲོ་བ་མིའི་སེམས་ཀྱི་འཚོ་བཅུད་དང་། མིའི་རིགས་ཡར་རྒྱས་སུ་འགྲོ་བའི་ཐེམ་སྐས། འགྲོ་བ་མིའི་བློ་གྲོས་ཀྱི་གཤོག་རྩལ་ངོམ་པའི་གཤོག་ཡ་དང་། མིའི་རིགས་ཀྱི་དགེ་རྒན་བཟང་པོ། རིན་པོ་ཆེའི་ཚོང་ཟོག་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་སོགས་སུ་བསྔགས་པ་བརྗོད་ཡོད་ཅིང་། དངོས་པོའི་གནས་སྟངས་ལའང་དཔེ་ཆ་ནི་ས་སྒང་རིལ་མོ་འདིའི་སྟེང་གི་སྐྱེ་འགྲོ་མཐའ་དག་ལ་ཉི་འོད་བཞིན་ཤིན་ཏུ་གལ་ཆེ་བ་ཡིན་ཞེས་གསུངས་པ་ནང་བཞིན་དུ་མིའི་རིགས་ཀྱི་རིག་གནས་ཀྱི་ཆུ་རྒྱུན་ལོ་ངོ་སྟོང་ཕྲག་མང་པོར་དལ་བུར་བཞུར་བ་ལས། དཔེ་དེབ་ཀློག་པ་ནི་མི་མང་པོ་ཞིག་གི་འཚོ་བའི་གོམས་གཤིས་སུ་གྱུར་ཡོད། བློ་སྦྱོང་གི་གཞི་མ་ནི་དཔེ་དེབ་ཀློག་པ་ཡིན་ལ། དཔེ་དེབ་ཀློག་པ་ནི་འཇིག་རྟེན་གྱི་གནས་ལུགས་གསལ་བར་རྟོགས་པའི་ཆེད་དུའོ། །མིའི་རིགས་ཀྱི་བསམ་བློའི་ལོ་རྒྱུས་ལ་བལྟས་ན་སྦྱོང་བ་དང་ཀློག་པའི་བར་འབྲེལ་བ་ཤིན་ཏུ་ཟབ་ཅིང་། དེ་ནི་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཞིག་རེད། དེ་ལས་འཕྲོས་པའི་གླེང་གཞི་མང་པོ་ཞིག་ནི་མིའི་རིགས་ཀྱི་བསམ་བློའི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཞིག་ཅི་ལ་མིན་སྙམ།
འཇར་མན་གྱི་མཚན་ཉིད་རིག་པའི་མཁས་ཆེན་ཞོ་ཕེན་ཧ་ཝུར(叔本华)གྱིས༼རིག་ཚད་མཐོང་ཚད་གང་བྱུང་དུ་མི་བཀླག་པའི་གནད་འདི་ངེས་དགོས༽ཞེས་གསུངས་པ་ལྟར་དཔེ་ཀློག་བྱེད་པ་ལའང་ས་མཚམས་ཤིག་ཡོད་དགོས་ཏེ། དཔེ་ཆ་ཡིན་ན་ཁྱེད་ལ་གྲོགས་དན་བྱེད་པའི་ངེས་པ་མེད་དོ། །དཔེར་ན་རང་ལྟ་མཆོག་འཛིན་ཁོ་ནས་བྲིས་ཤིང་རིགས་པའི་གཏད་སོ་གང་ཡང་མེད་པའི་དཔེ་ཆ་ཡོད་ཅིང་། དེ་ལྟ་བུས་ཁྱེད་ལ་བསམ་བློའི་རྒྱགས་ཕྱེ་ཅི་ཡང་སྦྱིན་དུ་མེད་པ་ཡིན་པས་རང་ཉིད་ཀྱི་དུས་ཚོད་བརླག་པའི་བགོ་སྐལ་དུ་དང་ལེན་མི་བྱ་རྒྱུ་གལ་ཆེ་བ་རེད། མཚན་ཉིད་རིག་པ་སྨྲ་བས་དོ་ཁུར་བྱེད་པ་ནི་དཔེ་དེབ་ཀྱི་ཁ་གྲངས་དང་སྣ་ཁ་མིན་ལ། དཔེ་ཀློག་གི་ཐབས་ཤེས་ཀྱང་མིན། ཁོང་ཚོས་དོ་ཁུར་བྱེད་པ་ནི་དཔེ་ཀློག་གི་དོན་སྙིང་ངོ་། །མཚན་ཉིད་རིག་པའི་ལྟ་བ་ནས་གླེང་ན། དཔེ་ཀློག་གི་དོན་སྙིང་ནི་མི་སྒེར་གྱི་ཤེས་བྱའི་རྒྱགས་ཕྱེ་འཚོལ་བ་ཁོ་ན་མིན་པར། དེ་ལས་གལ་འགངས་ཆེ་བ་ནི་དཔེ་ཀློག་ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ལག་ལེན་གྱི་བྱེད་སྒོ་ཞིག་ཡིན་པས། ལྟོགས་པ་ཟས་རྔམ་དང་སྐོམ་པ་ཆུ་འདོད་ལྟ་བུའི་མིའི་རིགས་ཀྱི་ཤེས་དཔལ་མི་ཉམས་གོང་སྤེལ་གྱི་དགོས་མཁོ་སྐོང་བའི་ཆེད་དུ་རེད། ཤོག་བུ་དང་ཡི་གེ་གསར་དུ་བཏོད་པའི་དོན་སྙིང་ཆེ་ཤོས་ནི་འགྲོ་བ་མིའི་རིགས་ཀྱི་ཉམས་མྱོང་བདུད་རྩིའི་ཐིགས་པ་རེ་རེ་ངག་ནས་ངག་ཏུ་བརྒྱུད་པའི་རྣམ་པ་རྐྱང་པ་ལས་གྲོལ་བ་དེའོ། །དེས་ན། དཔེ་དེབ་ནི་མིའི་རིགས་ཀྱི་ཉམས་མྱོང་ཡི་གེར་ཕབ་སའི་གཞི་རྟེན་ཡིན་ལ། དཔེ་དེབ་ཀློག་པ་དང་འབྲི་བ་ནི་མིའི་རིགས་ཀྱི་ཉམས་མྱོང་དང་། ཤེས་རིག བློ་གྲོས་བཅས་ཡུལ་དུས་ལས་བརྒལ་ནས་གསོག་འཇོག་དང་མི་ཉམས་གོང་དུ་སྤེལ་བའི་ཐབས་ཤེས་གཙོ་བོའོ། །དེས་ན་དཔེ་ཀློག་ནི་མིའི་རིགས་ཀྱི་ཤེས་དཔལ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་གཙོ་བོ་ཞིག་ཡིན་པ་སྨྲས་མ་དགོས་པ་རེད།
དངུལ་ཆུ་དྷརྨ་བྷ་དྲའི་བསླབ་བྱ་རིན་པོ་ཆེའི་དོ་ཤལ་དུ། སྟོབས་འབྱོར་ཁ་དྲག་ལྡན་པའི་སྐྱེ་བོ་ནི། །མང་ཡང་བསྟན་འགྲོར་ཕན་ཐོགས་ཅང་མ་མཆིས། །དེ་ཕྱིར་ལུང་རྟོགས་ཡོན་ཏན་མཛོད་འཛིན་པའི། །དམ་པ་སྤྱི་གཙུག་རྒྱན་དུ་བསྟེན་པར་མཛོད། །ཅེས་ཤེས་ཡོན་ཅན་གོང་དུ་བཀུར་དགོས་པ་དང་། དམངས་ཁྲོད་ཀྱི་ངག་རྒྱུན་དུ་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་དང་། ས་སྐྱ་པཎ་ཆེན་གྱི་ས་སྐྱ་ལེགས་བཤད་ལས། རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་རིག་པའི་གནས་ལྔར་བརྩོན་པ་སྐྱེད་དགོས་པའི་གདམ་ངག་ཟབ་མོ་བགྲང་གིས་མི་ལང་། མ་གཞི་ཁེ་གྲགས་དོན་གཉེར་དང་རྒྱུ་ནོར་གྱི་ཆེད་དུ་དཔེ་དེབ་ཀློག་པའི་བགྱི་བ་དང་དུ་ལེན་མཁན་མེད་པ་མིན་ཀྱང་། ལོ་ངོ་སྟོང་ཕྲག་མང་པོའི་རིག་གནས་ཀྱི་ཤན་བཟང་པོས་དཔེ་དེབ་ཀློག་པ་ནི་དཔེ་ཆ་བ་མང་པོ་ཞིག་གི་འཚོ་བའི་གོམས་གཤིས་སུ་གྱུར་དང་འགྱུར་མུས་སུ་མཆིས། འཚོ་བའི་གོམས་གཤིས་ཀྱི་མཁའ་དབུགས་དེ་འདྲའི་འོག་ཏུ་དཔེ་དེབ་ཀློག་པའི་བགྱི་བ་ནི་དམིགས་ཡུལ་ཞིག་གམ་ལོངས་སྤྱོད་ཅིག་རེད།
དེང་རབས་པའི་དཔེ་ཀློག་ལ་མཚོན་ན། ཆེད་ལས་ཀྱི་དེབ་ཀློག་པ་དང་། ཆེད་ལས་མིན་པའི་དེབ་ཀློག་པ་གཉིས་རེད། འགའ་ཞིག་གིས་དཔེ་མང་ལྟ་བ་འཆོལ་བའི་རྒྱུ་རུ་བཤད་ཀྱང་། ཆེད་ལས་མིན་པའི་དཔེ་དེབ་ཀློག་པའམ་རང་གི་མོས་ཕྱོགས་དང་དེ་ཙམ་མི་མཐུན་པའི་དཔེ་དེབ་ཀློག་པའི་ཚེ་བམ་ཀློག་ཙམ་བྱས་ན་ཐང་མོད། ཆེད་ལས་ཀྱི་ཀློག་དེབ་ཀློག་པའི་ཚེ་ཚིག་ཟིན་ཁོ་ནར་ཤི་འཐམས་རོ་འཐམས་མི་བྱེད་པར་གང་དེའི་ཟབ་ཅིང་བརྗིད་པའི་སྙིང་དོན་ལ་བསམ་གཞིག་གི་མདའ་མོ་ཡང་ཡང་འཕངས་ན། བཀླགས་པ་གོ་ཆོད་དུ་འགྱུར་བར་ཐེ་ཚོམ་ཅི། མ་གཞི་དཔེ་དེབ་མི་འདྲ་ན། ཀློག་སྟངས་ཀྱང་མི་འདྲ་ལ། ཀློག་པ་པོ་མི་འདྲ་བར་དཔེ་ཀློག་གི་གོམས་གཤིས་དང་ཀློག་སྟངས་ཀྱང་མི་འདྲ་བས། དེ་ལ་གཏན་འཇགས་དང་རྒྱུན་འཇགས་ཤིག་མེད། དེ་ལྟར་ནའང་སུང་རྒྱལ་རབས་ཀྱི་མཁས་དབང་གྲུང་ཞིས“ཚུགས་པོར་བཞུགས་ལ་ཞིབ་མོར་ལྟ་ཞིང་ཅི་བདེར་འདོན། གཅིག་ཏུ་དོན་ལ་དཔྱོད་ཅིང་རང་རང་སྤྱོད་ལ་བྱ་ར་མཛོད”ཅེས་གསུངས་པ་ནི་གསུང་རྩོམ་ཕུལ་བྱུང་ཀློག་པའི་མན་ངག་གམ་ཐབས་མཆོག་ཅིག་ཡིན་ལ། རང་སེམས་ལ་ཞུན་བརྡར་དང་བློ་སྦྱོང་བྱེད་པའི་དཔེ་ཀློག་གི་བགྱི་བ་ཞིག་རེད།
རང་ཅག་བོད་ལའང་ལྕང་སྐྱ་རོལ་པའི་རྡོ་རྗེས་བསླབ་བྱ་གཞན་ཕན་བདུད་རྩིའི་སྙིང་པོ་ལས་གང་ལ་སློབ་པའི་གཞུང་ལུགས་དེ་ཉིད་ཀྱི། །མངོན་པར་མཐོ་དང་ངེས་པར་ལེགས་པའི་ལམ། །བསྐྱེད་དང་གོམས་དང་གྲུབ་པའི་འབྲས་བུའི་ཚུལ། །སྟོན་ཚུལ་ཚིག་སྤྱི་ཙམ་དུ་མ་ལུས་པར། །དོན་གྱི་གནད་འགག་སོ་སོར་ཕྱེད་པ་ཡིས། །བསམ་དང་སྒོམ་པས་ལག་ཏུ་ལེན་པ་ན། །ནམ་ཡང་གོལ་སར་འཆོར་དུ་མེད་པ་ཡི། །ཐབས་ཚུལ་སྟོན་དང་མཉན་པ་དམ་པའི་ཚུལ། །ཞེས་གསུངས་པ་ནི་བསམ་སྦྱོར་ལེགས་ལམ་དཀྲི་བའི་ཐབས་མཆོག་ཏུ་བཤད། མ་གཞི་དེ་དག་སྔོན་བྱོན་མེས་པོའི་དཔེ་ཀློག་གི་ལྟ་བ་དང་དཔེ་དེབ་ཀློག་སྟངས་སུ་ངེས་ཀྱང་། དེང་གི་དཔེ་ཆ་བ་ཚོས་བསམ་གཞིག་བྱེད་པའི་རིན་ཐང་ཧ་ཅང་ཆེ།
དཔེ་ཀློག་དང་བློ་སྦྱོང་གི་བར་ན་འབྲེལ་བ་དམ་ཟབ་ཡོད་དེ། བློ་སྦྱོང་གི་ལས་ཐོག་མ་ནི་དཔེ་དེབ་ཀློག་པ་དེ་ཡིན། ཡིན་ནའང་དོན་དེར་གནས་ལུགས་རིག་པའི་གྲུབ་མཐའ་འཛིན་པ་པྲུའུ་ཞི་དང་སེམས་རིག་གྲུབ་མཐའ་འཛིན་པ་ཝང་ཡཱ་མིང་གི་བར་ལ་ལྟ་སྟངས་མི་མཐུན་པ་ཡོད་དེ། སྔ་མས་དམ་པར་འགྱུར་དགོས་ན་དཔེ་དེབ་དང་བློ་སྦྱོང་གཉིས་ཁ་བྲལ་ཐབས་མེད་པར་འདོད་པ་དང་། ཕྱི་མས་རང་སེམས་རང་གིས་འདུལ་ཐབས་ལ་འབད་ནས་སེམས་རྒྱུད་དང་བློ་སྦྱོང་ལེགས་སུ་བཏང་ན་དཔེ་དེབ་ཀློག་མ་ཀློག་དང་འབྲེལ་བ་མེད་པར་འདོད། དེང་གི་དུས་སུ། དཔེ་དེབ་བཀླགས་པ་ཙམ་གྱིས་ཀུན་སྤྱོད་ལེགས་པོར་འགྱུར་བའི་ངེས་པ་མ་མཆིས་ཀྱང་། གལ་ཏེ་དཔེ་དེབ་མ་བཀླགས་ན། སེམས་རྒྱུད་དུལ་བ་ཁོ་ནར་འབད་འབད་དུང་དུང་བྱས་ཀྱང་། མི་དང་སྤྱི་ཚོགས། མི་དང་མིའི་བར་གྱི་འབྲེལ་བར་རྗེས་དཔག་བློ་ཡིས་ཤེས་རྟོགས་ཟབ་མོ་མ་བྱས་ན། འཚོ་བར་འཛིན་པའི་སྡོམ་ཚིག་ཡང་དག་ཅིག་རྙེད་དཀའ་བས། དཔེ་ཀློག་དང་བྲལ་ན་ག་ལ་འགྲིག
བློ་སྦྱོང་ནི་ཕྱི་ལུས་ཀྱི་སྦྱོར་བར་བཤད་པ་མིན་རུང་། ཕྱི་ལུས་ཀྱི་སྦྱོར་བ་མ་ལུས་ནང་སེམས་ཀྱི་སྐུལ་སློང་ལས་བྱུང་བ་ཡིན་པས། གོ་བདེར་བཤད་ན་ཕྱིའི་ལུས་ཀྱི་སྦྱོར་བ་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཀྱི་ཚད་གཞི་དང་ཇི་ལྟར་མཐུན་ཐབས་བྱེད་པ་དེ་རེད། ཕྱིའི་ལུས་ཀྱི་སྦྱོར་བ་དང་ནང་སེམས་ཀྱི་སྐུལ་སློང་གཞི་གཅིག་ཏུ་གྱུར་ན། མི་བུ་གང་དེའི་གཏམ་སྤྱོད་དང་མི་གཞི་ཚུགས་ཐུབ་ཏུ་གྱུར་ནས། གནག་སེམས་གནོད་སེམས་ངན་སེམས་ཅི་རིགས་པའི་སྦྱོར་བ་ཞི་བའམ་ཆུང་དུ་སོང་ནས་ཡ་རབས་དང་ལུགས་མཐུན་གྱི་སེམས་ཁམས་ཤིག་བསྐྱེད་པའོ། །
དེ་ཡང་འཕེལ་རྒྱས་ཀྱི་གོམ་ཁ་མྱུར་བའི་སྤྱི་ཚོགས་སུ། ལུས་པོ་གསོ་བ་དང་སེམས་ཁམས་གསོ་བ་གང་ཞིག་ཡིན་རུང་། ལུས་སེམས་གཉིས་ཀར་གནོད་པའི་སེམས་ཀྱི་སྐུལ་སློང་ནི་བདག་འཛིན་གྱི་བསམ་པས་བསྐྱེད་པ་ཡིན། གལ་ཏེ་བདག་འཛིན་བསམ་པ་དེ་གཞན་ཕན་གྱི་བསམ་བློའམ་སྒེར་སེམས་མེད་པའི་ལེགས་སྐྱེས་སུ་བསྒྱུར་ཐུབ་ན་སྤྱི་ཚོགས་དང་མི་བུ་སྒེར་གཉིས་ཀར་ཕན་པ་ཧ་ཅང་ཆེ། མ་གཞི་ལུས་སེམས་གསོ་ཐབས་མང་དུ་མཆིས་ཀྱང་། དཔེ་དེབ་ལྟ་བ་ནི་ཐབས་ཤེས་མང་པོ་ལས་མཆོག་ཏུ་གྱུར་པ་ཞིག་ཡིན། དཔེ་དེབ་ཀློག་པ་ནི་རྣམ་རྟོག་ངན་པ་ཅི་རིགས་པ་སེལ་བའི་བརྒྱུད་རིམ་ཞིག་ཡིན། དེས་ན་དཔེ་དེབ་ཀློག་པ་ལ། སེམས་པ་རྩེ་གཅིག་ཏུ་གནས་པར་བྱེད་དགོས། འགའ་ཞིག་གིས་ཉེར་མཁོའི་དཔེ་དེབ་ཁོ་ནར་ལྟ་བ་ནི་འཚོ་གནས་ཀྱི་དགོས་མཁོའི་ཆེད་རེད། མི་གཞི་གསོ་བར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་སུ་ཁེ་སྤོགས་ཀྱི་ཆེད་དུ་དཔེ་དེབ་ཀློག་པ་ནི་དོན་སྙིང་དེ་ཙམ་མེད་པས། རྩོམ་རིག་གཙོས་མིའི་རིགས་ཀྱི་ཚེ་སྲོག་གི་གནས་སྟངས་ལ་དོ་ཁུར་དང་བསམ་གཞིག་བྱེད་པའི་དཔེ་དེབ་མང་ཙམ་ལྟ་བ་ནི་རང་སེམས་གསོ་བའི་གཞི་མའོ། །
ཁུང་ཙི་ནི་སློབ་ལ་དགའ་བའི་དཔེ་མཚོན་ཡིན་ལ། ཁོང་གི་མཐོང་ཆེ་ཤོས་དང་གདེང་འཇོག་ལེགས་ཤོས་བྱེད་པའང་སློབ་ལ་དགའ་བ་དག་རེད། ཁུང་ཙིས་བློ་དཀར་ལ་ཡིད་རྟོན་རུང་བའི་མི་ཧ་ཅང་མང་། ལེ་དབར་བཅུའི་ས་ནས་བློ་དཀར་ལ་ཡིད་རྟོན་རུང་བའི་མི་རེ་རྙེད་ཐུབ། ཡིན་ནའང་། སློབ་ལ་དགའ་བའི་མི་ཞིག་རྙེད་བསམས་ན་ལས་སླ་པོ་ཞིག་མིན་ཞེས་གསུངས་པ་ལས། ཁུང་ཙིས་སློབ་ལ་དགའ་བའི་ཀུན་སྤྱོད་ལ་གཙིགས་ཆེན་བྱེད་པ་ཤེས་ཐུབ་ལ། ཁོང་ཚེ་གང་སློབ་ལ་དགའ་ཞིང་། སློབ་བུ་སུམ་སྟོང་ལྷག་ཙམ་བསྐྱངས་པ་ལས། ཁོང་ནི་ང་ཚོའི་རིག་གནས་སློབ་སྦྱོང་གི་རྨང་གཞི་འདིང་མཁན་དུ་བཤད་ན་ཐལ་ཆ་ཆེ་བའི་གཏམ་ཅི་ལ་ཡིན་ཏེ་མིན་ནོ། །
རང་ཅག་བོད་ལ་མཚོན་ན། གུང་ཐང་བསྟན་པའི་དཀོན་མཆོག་སྒྲོན་མེས་མཛད་པའི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ནི་སློབ་གཉེར་དང་དཔེ་ཀློག་གི་ཐབས་མཆོག་བསྟན་པའི་གསུང་རྩོམ་གྲགས་ཅན་ཞིག་ཡིན་ཏེ། དེ་ལས་དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། །བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། །དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། །ཉེན་རེར་འགྲོ་ཐབས་དེས་ཀྱང་མི་ཕན་པས། །དཔེ་འཛིན་སྐྱོར་སྦྱོང་ཡུན་དུ་གྱིས་ཤིག་ཨང་། །ཞེས་པ་དང་། ཉིན་རེ་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ། །ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད། །ཞག་གསུམ་ལོན་ཚེ་རྒྱུས་མེད་གཡེང་བས་ཁྱེར། །དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས། །བརྩོན་པ་ཆུ་བོའི་རྒྱུན་བཞིན་སྟེན་ཅིག་ཨང་། །ཞེས་སྐྱོར་སྦྱངས་ཡུན་རིང་དང་། དོན་ལ་བརྟག་དཔྱད། དཀའ་སྤྱད་སྡུག་རུས་སོགས་ཀྱི་གདམས་ངག་ཟབ་མོ་གནང་བ་གོང་དུ་བཀུར་ནས་ལུས་སེམས་གསོ་བའི་གཞི་མ་དཔེ་ཀློག་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པར་བྱའོ། །
མིའི་གཤིས་ཀ་འདྲ་མིན་གྱི་དབང་གིས་གོང་དུ་བཤད་པའི་དཔེ་ཀློག་སྐོར་གྱི་སྐད་ཆ་དེ་ཚོ་ངོས་ལེན་བྱེད་མི་ཐུབ་པའང་ཡོད་མོད། སྤྱིའི་ཆ་ནས་བལྟས་ན་ཅུང་གཏན་ཚིགས་ཅན་གྱི་སྐད་ཆ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད། གང་ལྟར་རང་ཉིད་ནི་སློབ་གཉེར་གྱི་ལས་ལ་ཞུགས་ནས་མང་པོ་ཕྱིན་མེད་ཀྱང་། དཔེ་ཀློག་ལ་དགའ་མོས་བྱེད་མཁན་ཞིག་ཡིན་པས་རང་ཉིད་ལ་ཐོབ་པའི་ཉམས་མྱོང་དང་མཐོང་ཐོས་སོགས་དབུལ་བོ་དབུལ་རྐྱང་ཞིག་མིན། གལ་སྲིད་ཁྱེད་རང་ངེད་ཀྱི་ལྟ་ཚུལ་ལ་སོམ་ཉིའི་དོགས་འདྲི་ཡོད་ཚེ་སེམས་པ་རྣམ་དག་གིས་བགྲོ་གླེང་བྱ་རྒྱུར་ངང་སྒུག་བྱེད་འདང་ཡིན་ལ། དཔེ་ཀློག་སྐོར་གྱི་བསམ་ཚུལ་བརྗེ་རེས་བྱེད་པར་དགའ་བསུ་ཚད་མེད་ཞུ་རྒྱུ་ཡོད་ལགས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།