ཁྲ་གླག་སྲས་ཀྱི་སྙན་ངག

རྩོམ་པ་པོ།:ཁྲ་གླག་སྲས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-11-13 10:14:03 ཀློག་གྲངས།:
ཆབ་ཆ། མཚན་མོ་བདེ་ལེགས།
ཁྲ་གླག་སྲས།

རླུང་མ་གཡུག་པའི་མཚན་མོ་བདེ་ལེགས།
འབྱུང་ཁམས་མ་འཁྲུག་པར་མཚན་མོ་བདེ་ལེགས།
ལུས་སེམས་མ་ངལ་བར་མཚན་མོ་བདེ་ལེགས།
གོམ་པ་སྒྲོག་ལ་མ་བཙུད་པར་མཚན་མོ་བདེ་ལེགས།
དགུན་ཁའི་མཚན་ལམ་རིང་བའི་མཚན་མོ་བདེ་ལེགས།

རླུང་བུས་ཁྱོད་ཀྱི་ལུས་སེམས་མ་དཀྲུགས་པར།
རྒྱང་རིང་གི་གླུ་གཞས་གྱེར་འོང་།
བརྩེ་དུང་གི་དྲོད་ཁོལ་བསྩལ་འོང་།

ཆབ་ཆ། ས་ཆ་གང་དུ་ཕྱིན་ཡང་།
ང་ཁྱོད་ཀྱི་བརྩེ་དུང་གི་ཁུགས་པར་འཁྱིལ་འོང་།
ཆབ་གཞུང་རིང་མོའི་སྒལ་ཚིགས་ཀྱི་སྟེང་ལ།
ལོ་མ་ལྟ་བུའི་སེར་ཐིགས་ཀྱི་བརྩེ་འདང་ལྷུང་ཡོད།

ཆབ་ཆ། ཆང་འཐུང་ས་ནས་གཏམ་རྒྱུད་མ་བརྗེད།
ཀི་འདེབས་ས་ནས་རུས་པ་མ་ཐོར་བར།
ཁྱོད་ཀྱི་མཚན་མོ་ནི་ཞི་འཇམ་གྱི་མཚན་མོ་ཡིན་པར་ཡིད་ཆེས་ཡོད།
ཁྱོད་ཀྱི་རྨི་ལམ་ཡང་དཀར་ངོགས་གསལ་བའི་ཟླ་འོད་འདྲ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།