མགོ་ལོག་པ་ཐ་སྐར་ལགས་ཀྱི་སྙན་ངག
རྩོམ་པ་པོ།:ཐ་སྐར།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-06-16 10:53:35
ཀློག་གྲངས།:
མཚོ་སྔོན་པོ། བདག་ནམ་ཡང་ཁྱོད་ཀྱི་བརྩེ་བ་མཁོ་བའི་ཉ་མོ་དེ་ཡིན།
ཐ་སྐར།
ཁྱོད་ཁོ་ནར་གོམས་པར་གྱུར་པས།
ཁྱོད་ཁོ་ན་ངའི་ཚེ་གང་པོའི་ན་ཟུག་ཏུ་གྲུབ།
གདུང་སེམས་སྐྱེ་བ་ལྟར་ཁ་རོག་གེར་འཁྱིལ་སྟངས་དེས།
ང་རང་སེམས་ཚེགས་གཏད་པ་གྲངས་མེད།
ཕར་ཅམ་ཚུར་ཅམ་བརྩེ་ཆེན་གྱི་རྦ་རླབས་རེ་རེ།
ད་དུང་བདག་གི་སེམས་སུ་གཡོ་ཞིང་འཁྱོམས།
ཁྱོད་ནི་བདག་གི་ནམ་མཁའ་སྟེ། མཚོ་སྔོན་པོ།
ཁྱོད་ཀྱི་ལུས་སྟེང་དུ་ལྷུང་བའི་རྡུལ་ཕྲན་འདིས།
ཁྱོད་ཀྱི་དྭངས་གཙང་གི་བཞིན་རས་ལ་ཕོག་ཐུག་བཟོ་སྲིད་ཀྱང།
ང་ཡི་སྙན་ངག་གིས་དེ་ཙམ་ཡང་བསལ་ཐུབ་ཀྱིན་མི་འདུག
མཚོ་སྔོན་པོ།
སྲོད་ཁའི་ཉི་འོད་འདི།
ཁྱོད་ལ་འཁྲེང་བའི་ཕྱི་མིག་ཡིན་ན།
མཚོ་སྔོན་པོ བདག་ནམ་ཡང་ཁྱོད་ཀྱི་བརྩེ་བ་མཁོ་བའི་ཉ་མོ་དེ་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།