ཕ་ཡུལ་ནི་བདེ་སྐྱིད་ཅིག
རྩོམ་པ་པོ།:རིགས་སྲུང་།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-04-14 15:24:12
ཀློག་གྲངས།:
ཕ་ཡུལ་ཆེའམ་ཕ་ཡུལ་སྔས་མགོ་བྱས།།
ཕ་ཡུལ་ཆུང་ངམ་ཕ་ཡུལ་དྲན་ནི་ཞིག།
ཕ་ཡུལ་ཆེ་ན་མཐོངས་ཀྱི་ནམ་མཁའ་ཡིན།།
ཕ་ཡུལ་ཆུང་ན་སྲིབ་ཀྱི་རྩྭ་ཐང་ཡིན།།
ཕ་ཡུལ་ཟེར་བ་གཏམ་རྒྱུད་རིང་མོ་ཞིག།
གཏམ་རྒྱུད་རེ་རེ་གནམ་སའི་བར་ནས་གྲུབ།།
ཕ་ཡུལ་ཟེར་བ་རྨི་ལམ་ལྐོག་གྱུར་ཞིག།
རྨི་ལམ་རེ་རེ་གཤོག་ཟུང་རེ་རེས་གྲུབ།།
དྲན་པའི་རི་རབ་རེ་རེ་བརྒྱུད་དུས་སུ།།
སྙན་མོ་གླུ་གཞས་གཏོང་ས་ཕ་ཡུལ་ཡིན།།
སྨྲེང་གཏམ་ཚིག་གི་མདུད་པ་གྲོལ་དུས་སུ།།
དུངས་བའི་འཛུམ་ཞལ་སྟོན་ས་ཕ་ཡུལ་ཡིན།།
ཡིད་ཀྱི་བག་ཆགས་ཕ་སའི་སྟེང་ནས་འཁྲུངས།།
སེམས་ཀྱི་བློ་སྤོབས་ཕ་སའི་སྟེང་ལ་འཇགས།།
ལས་དབང་བཅོལ་བའི་གདན་ས་གྲུ་བཞི་འདི།།
སྙིང་རྩར་འབྲེལ་བའི་ཕ་ས་ཕ་ཡུལ་ལགས།།
ལོ་ཟླས་མནན་པའི་རྡུལ་འཚུབ་རྒོད་ན་ཡང་།།
རྨ་ཤུལ་རེ་རེ་རང་གིས་ཉ་ར་བྱས།།
ལང་ཚོའི་སྣང་བ་རླུང་གིས་ཁྱེར་ན་ཡང་།།
དབྱངས་རྟ་རེ་རེ་རང་གིས་བདག་པོ་རྒྱབ།།
ཞེ་ངོར་ཧམ་སེམས་མེད་པའི་ཕ་ཡུལ་འདི།།
སེམས་རྒྱུད་དྲང་ལ་དྲི་མ་མེད་པ་འདི།།
མདོར་ན་ཕ་ཡུལ་ཁྱེད་ནི་ལོངས་སྤྱོད་ཅིག།
གཡང་གི་རུ་མར་ཁེན་པའི་བདེ་སྐྱིད་ཅིག།
ཕ་ཡུལ་ཆུང་ངམ་ཕ་ཡུལ་དྲན་ནི་ཞིག།
ཕ་ཡུལ་ཆེ་ན་མཐོངས་ཀྱི་ནམ་མཁའ་ཡིན།།
ཕ་ཡུལ་ཆུང་ན་སྲིབ་ཀྱི་རྩྭ་ཐང་ཡིན།།
ཕ་ཡུལ་ཟེར་བ་གཏམ་རྒྱུད་རིང་མོ་ཞིག།
གཏམ་རྒྱུད་རེ་རེ་གནམ་སའི་བར་ནས་གྲུབ།།
ཕ་ཡུལ་ཟེར་བ་རྨི་ལམ་ལྐོག་གྱུར་ཞིག།
རྨི་ལམ་རེ་རེ་གཤོག་ཟུང་རེ་རེས་གྲུབ།།
དྲན་པའི་རི་རབ་རེ་རེ་བརྒྱུད་དུས་སུ།།
སྙན་མོ་གླུ་གཞས་གཏོང་ས་ཕ་ཡུལ་ཡིན།།
སྨྲེང་གཏམ་ཚིག་གི་མདུད་པ་གྲོལ་དུས་སུ།།
དུངས་བའི་འཛུམ་ཞལ་སྟོན་ས་ཕ་ཡུལ་ཡིན།།
ཡིད་ཀྱི་བག་ཆགས་ཕ་སའི་སྟེང་ནས་འཁྲུངས།།
སེམས་ཀྱི་བློ་སྤོབས་ཕ་སའི་སྟེང་ལ་འཇགས།།
ལས་དབང་བཅོལ་བའི་གདན་ས་གྲུ་བཞི་འདི།།
སྙིང་རྩར་འབྲེལ་བའི་ཕ་ས་ཕ་ཡུལ་ལགས།།
ལོ་ཟླས་མནན་པའི་རྡུལ་འཚུབ་རྒོད་ན་ཡང་།།
རྨ་ཤུལ་རེ་རེ་རང་གིས་ཉ་ར་བྱས།།
ལང་ཚོའི་སྣང་བ་རླུང་གིས་ཁྱེར་ན་ཡང་།།
དབྱངས་རྟ་རེ་རེ་རང་གིས་བདག་པོ་རྒྱབ།།
ཞེ་ངོར་ཧམ་སེམས་མེད་པའི་ཕ་ཡུལ་འདི།།
སེམས་རྒྱུད་དྲང་ལ་དྲི་མ་མེད་པ་འདི།།
མདོར་ན་ཕ་ཡུལ་ཁྱེད་ནི་ལོངས་སྤྱོད་ཅིག།
གཡང་གི་རུ་མར་ཁེན་པའི་བདེ་སྐྱིད་ཅིག།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།