མཛེས་སེ་ལགས་ཀྱི་ལྷུག་རྩོམ་གསར་པ། ༢
རྩོམ་པ་པོ།:མཛེས་སེ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-02-16 09:44:46
ཀློག་གྲངས།:
༄༅། །རླངས་འཁོར་ནང་གི་མཐོང་ཐོས་དོགས་གསུམ་ཞེས་པའི་ཕྲེང་བསྟར་ལྷུག་རྩོམ་ལས།
ཟི་ལིང་གི་སྤྱི་སྤྱོད་རླངས་འཁོར་ཐམས་ཅད་ཀྱི་ལུས་རྟེན་ནི་མོ་ཡི་རིགས་སུ་གཏོགས་པ་འདྲ་སྟེ། མོས་རྒྱ་ཡུལ་གྱི་སྤྱི་སྐད་བཤད་ཤེས་པ་མ་ཟད། ད་དུང་ཕྱི་གླིང་དབྱིན་ཇིའི་སྐད་རིགས་ཀྱང་བཤད་ཐུབ་པ་རེད།
མོ་རང་ལམ་ཐག་སྨི་སྟོང་ཙམ་གྱི་སར་བསླེབས་རྗེས་རྒྱུག་མཚམས་བཞག་ནས། རྒྱ་ཡུལ་གྱི་སྤྱི་སྐད་ཚིག་འགའ་བཤད་པ་དང་། མཐུད་དེ་ཕྱི་གླིང་དབྱིན་སྐད་ཚིག་འགའ་བཤད་རྗེས། མདུན་ཕྱོགས་ཀྱི་ཚིགས་མལ་རྗེས་མ་བསྙེགས་ཏེ་བརྒྱུགས་སོང་།
ཟི་ལིང་གི་སྤྱི་སྤྱོད་རླངས་འཁོར་གྱིས་རྒྱ་ཡུལ་གྱི་སྤྱི་སྐད་བཤད་ན། འགྲུལ་བ་མང་པོས་ཕལ་ཆེར་ཧ་གོ་ཐུབ་སྙམ། འོན་ཀྱང་ཕྱི་གླིང་དབྱིན་སྐད་བཤད་སྐབས། དེ་ལ་ཉན་མཁན་ཡོད་མེད་སུས་ཤེས། རྒྱུ་མཚན་ནི། ཟི་ལིང་གི་སྤྱི་སྤྱོད་རླངས་འཁོར་ནང་དུ་ངས་སྐྲ་སེར་པོ་དང་མིག་སྔོན་པོ་ཅན་གཙོ་བོར་གྱུར་བའི་ཕྱི་གླིང་བ་ཞིག་མཐོང་མ་མྱོང་། ཡང་གཅིག་བཤད་ན། ཟི་ལིང་དུ་བསླེབས་པའི་ཕྱི་གླིང་བ་དག་གིས་སྐད་དང་ཡི་གེ་འདྲ་མིན་སྣ་གཉིས་གསུམ་ཙམ་བཤད་ཤེས་པ་འདྲ། ངས་ཐོས་ཚོད་ལྟར་ན། ཁོ་ཚོ་ཁྲོམ་སྲང་རྙིང་བའི་ཉི་འོད་དང་གནའ་བོའི་གྲོང་ཚོའི་བསིལ་རླུང་ཉམས་སུ་མྱོང་རྒྱུར་སྤྲོ་བ་ཤིན་ཏུ་ཆེ་ཟེར།
ཟི་ལིང་གི་སྤྱི་སྤྱོད་རླངས་འཁོར་རྣམས་ཉིན་རེ་བཞིན་སྲང་ལམ་དུ་རྒྱུག་གིན་འདུག རྒྱ་ཡུལ་གྱི་་སྤྱི་སྐད་ཚིག་འགའ་བཤད་ཤེས་ལ་ཕྱི་གླིང་དབྱིན་སྐད་ཏིལ་ཙམ་ཡང་ཧ་མི་གོ་བའི་ང་དང་ངའི་ཕ་ཡུལ་ཕྱོགས་ནས་གྲོང་ཁྱེར་ནང་དུ་བསླེབས་པའི་ཞིང་བ་དང་འབྲོག་པ་རྣམས་ཀྱིས། ཟི་ལིང་གི་སྤྱི་སྤྱོད་རླངས་འཁོར་གྱིས་དཀའ་ཚེགས་མང་པོ་མྱོང་གིན་ཡོད་པ་ཤེས་པས། ཁྱེད་ཅག་གིས་མི་དམངས་ལ་ཞབས་ཞུ་བསྒྲུབས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་བརྗོད་པར་འདོད་ཀྱང་། མོས་གོ་བ་ལོག་ནས་སྡིགས་མོ་བྱེད་ཀྱིན་མཆིས་སྙམ་ཨེ་སྲིད་དམ།
ཟི་ལིང་གི་སྤྱི་སྤྱོད་རླངས་འཁོར་རྣམས་ཀྱིས། གལ་ཏེ་ཚིགས་མལ་རེ་རེར་མཚོ་སྔོན་གྱི་རྒྱ་སྐད་དང་། བོད་སྐད་དང་། སོག་སྐད་དང་། ཧོར་སྐད་དང་། ཟ་ལར་སྐད་སོགས་སྤྱད་དེ་ད་ནི་ས་གནས་གང་ཞིག་ཏུ་བསླེབས་ཡོད་མེད་དང་། ཚིགས་མལ་རྗེས་མ་དེའི་མིང་ལ་ཅི་ཟེར་བ་གསལ་འདེབས་ཀྱི་ཚུལ་དུ་འགྲུལ་བའི་རྣ་ལམ་དུ་འཇོག་ཐུབ་ཚེ། ང་ཚོ་ལམ་ལོག་དུ་འགྲོ་མི་དགོས་ཤིང་། བླུན་པོ་དང་ལྐུགས་པ་ནང་བཞིན་ལག་བརྡ་སྟོན་གྱིན་པར་མི་གཞན་ལ་ཞུ་བ་བྱས་ཏེ་ལམ་དང་ཁ་ཕྱོགས་ཀྱང་འདྲི་ག་ལ་དགོས།
ནམ་ཞིག་གི་ཚེ། ཟི་ལིང་གི་སྤྱི་སྤྱོད་རླངས་འཁོར་རྣམས་ཀྱིས་སྐད་རིགས་དེ་འདྲ་མང་བོ་ཞིག་བཤད་ཤེས་པར་གྱུར་ན། གཅིག་བྱས་ན་གྲོང་ཁྱེར་བ་ཚོ་སུན་སྣང་སྐྱེ་སྲིད། གལ་ཏེ་སུན་སྣང་མི་སྐྱེ་པ་མ་ཟད་ད་དུང་དེ་ལ་བསམ་ཤེས་བྱེད་ཐུབ་ཚེ། དེ་ནི་ཅི་འདྲའི་དགའ་འོས་པའི་དོན་བཟང་ཞིག་རེད་ཨང་། རིགས་སོ་སོའི་མི་མང་གིས། ཟི་ལིང་ནི་ང་རང་གི་ཁྱིམ་དང་སྤྱི་སྤྱོད་རླངས་འཁོར་ནི་ང་རང་གི་རྒྱན་ཡིན་ཞེས་ཁ་སེམས་གཉིས་ཀས་ནམ་ཡང་བསྔགས་བརྗོད་བྱ་ཁོ་ཐག་རེད།
དེ་རིང་ཉིན་གུང་ང་ཟི་ལིང་གི་སྤྱི་སྤྱོད་རླངས་འཁོར་དགུ་བ་ལ་བསྡད་དེ་རང་ཁྱིམ་དུ་ལོག་ཞོར། ཁ་པར་ནང་དུ་གོང་གི་བསམ་ཚུལ་དག་འབྲི་དགོས་བྱུང་།
སྐད་ཆ་བཤད་ཤེས་པའི་སྤྱི་སྤྱོད་རླངས་འཁོར།
མཛེས་སེ།

སྤྱི་རྩིས༢༠༡༨ལོའི་ཟླ༥ཚེས༡༢ཉིན་ཟི་ལིང་གི་སྤྱི་སྤྱོད་རླངས་འཁོར་ནང་དུ་བྲིས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།