ལྷུན་དར་སྐལ་བཟང་བསྟན་པའི་བྱིས་རྩོམ་བོད་འགྱུར་མ་གཉིས།

རྩོམ་པ་པོ།:ལྷུན་དར་སྐལ་བཟང་བསྟན་པ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-02-10 11:45:17 ཀློག་གྲངས།:
                    འཕུར།
                            [ཀྲུང་གོ] ཧུའུ་རུང་གིས་བརྩམས།

འཕུར། ང་འཕུར་སྙིང་འདོད།
ཨ་སྔོན་དབྱིངས་སུ་འཕུར། སྤྲིན་དཀར་པང་དུ་འཕུར།
ཡ་གིའི་གསེར་མདོག་གི་ཉི་མར་ལྟ། 
མ་གིའི་ས་ཡི་ལྗོན་ཤིང་ཚོགས་ལ་ལྟ།

འཕུར། ང་འཕུར་སྙིང་འདོད།
བྱེའུ་ཆུང་ལ་འོ་ཞིག་སྟེར། གནམ་གྲུར་བྱིལ་བྱིལ་བྱེད།
བསིལ་འཇམ་རླུང་གིས་བདག་གི་སྐྲ་ལོ་རིང་པོ་འགུལ་དུ་བཅུག

ང་པེ་ཅིང་ལ་འཕུར་རྒྱུ་ཡིན།
ལྕགས་རི་རིང་པོར་བལྟ་བཞིན། གནའ་བོའི་ཕོ་བྲང་མཇལ།
ང་ཐའེ་ཝན་ལ་འཕུར་རྒྱུ་ཡིན།
སྤུན་ཟླ་ཐའེ་ཝན་བ་ཚོར་ཁམས་བདེའི་མཚམས་འདྲི་ཞུ།

འཕུར། ང་འཕུར་དགོས།
རང་དབང་བག་ཕེབས་སྒོས། འཚེར་སྣང་ཅི་ཡང་མེད་པར།
འཕུར།
                                《བྱིས་པའི་རང་རྩོམ་སྙན་ངག་ཀུན་བཏུས》ཞེས་པ་ལས་བཏུས།

                    པཱ་ལགས།
                               [ཀྲུང་གོ]ལི་ཐིང་གིས་བརྩམས།

པཱ་ལགས་ཐུགས་སེམས་སྤྲོ་བས་མྱོས་དུས།
གསུང་སྐད་ཧ་ཅང་ཆེ།
གནམ་གཅལ་ཡང་འདར་ཡོམ་ཡོམ་བྱེད།

པཱ་ལགས་ཐུགས་སེམས་སྐྱོ་བས་མནར་དུས།
སྤྱན་གཉིས་ཧུར་རེར་གཟིགས་བཞིན།
ཤིང་མི་ཞིག་དང་ཀུན་ནས་མཚུངས།

པཱ་ལགས་སྐུ་རླུང་བཞེངས་དུས།
མེ་རི་འབར་བ་དང་འདྲ་བར།
སུ་ཞིག་ལ་འཕྲད་ཀྱང་།
དེ་རླུང་རྟ་ཆག་གཏན་རེད།
                       《དེང་རབས་བྱིས་པའི་སྙན་ངག་ཕྱོགས་བསྒྲིགས》ཞེས་པ་ལས་བཏུས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།