རྐྱང་རྩེ་རྡོར་ལྷུན་གྱི་ཚིགས་བཅད་སྙན་ངག
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-02-08 09:08:48
ཀློག་གྲངས།:
ཁྲི་ཀའི་ཡུལ་ལྷར་བསྟོད་པ་ཕན་བདེ་ཀུན་འབྱུང་།
རྐྱང་རྩེ་རྡོར་ལྷུན།
ས་སྟེང་བློ་གྲོས་གཅིག་བསྡུས་རྩལ་རྫོགས་གདུལ་བྱ་སྐྱོབ་པའི་ཟླ་བྲལ་བློན།།
སུམ་རྩེན་མཐུ་སྟོབས་མ་ལུས་ཡོངས་མངའ་ཀུན་ལས་རྒྱལ་བའི་འགྲན་མེད་དཔོན།།
རྒྱུ་སྐར་ལམ་དུ་སྨིན་དྲུག་རིག་ལྡན་རྐང་གཉིས་མཛངས་མིའི་སྐལ་དབང་མཆོག།
སྨེ་བདུན་རི་བོའི་གཞན་བརྩེའི་སེམས་དཔའ་ཀྲང་ཡ་ཙི་ཡི་སྤྲུལ་ཆེན་ལྷ།།
མི་བསྲུན་ཕས་རྒོལ་སྣང་སྲིད་ཟིལ་གནོན་དམ་ཆོས་སྲུང་བའི་ཐུལ་དཀའ་བ།།
གསོ་བྱེད་སྟོང་གི་ནད་འཇོམས་མཚོན་ཐོགས་འགྲོ་ཚོགས་སྡུག་ལས་སྒྲོལ་མཛད་པ།།
རྒན་བཀུར་ཆུང་བྱམས་མཐུན་བཞིའི་དཔལ་གྱིས་མ་ལུས་ཞི་བདེར་འགོད་མཁས་པ།།
བཙན་གནོན་གཉོམ་སྐྱོང་དབུལ་སྐྱོབ་ལས་ཀྱིས་ཀུན་ལ་བདེ་སྐྱིད་འདྲེན་ཕོད་པ།།
ཕན་བདེ་དཔལ་གྱི་རྒྱལ་བོའི་མཚན་གྱིས་རིས་མེད་འགྲོ་ལ་སྤྱན་ཆེར་གཟིགས།།
ཞུམ་མེད་དཔའ་མངོན་རྒྱལ་བོའི་མཚན་གྱིས་སེམས་ཅན་འཇིགས་པའི་གནས་ལས་བསྒྲལ།།
མཁྱེན་རབ་ཡ་མེད་ཆོ་ལོ་དབང་ལ་བུན་ཁྲང་ལྷ་ཆེན་ཞེས་གྲགས་པའི།།
འཇམ་དབྱངས་ནག་པོ་སྣ་ཚོགས་སྐུར་རོལ་ལེགས་བྱོན་ཁྱེད་ཞབས་བརྟན་བཞུགས་གསོལ།།
ཕྱོགས་བཞིར་བརྗིད་ཆགས་ལྷུན་པོའི་མུ་ཁྱུད་དྲ་བས་མཛེས་པར་ཡོངས་བསྐོར་ཞིང་།།
མཐའ་ཀླས་ཁོ་རར་འབྲས་ལྡན་ལྗོན་ཤིང་གཡུ་ལོ་བར་མེད་ཚང་ཚིང་དཀྲིགས།།
གཡོན་དུ་རྨ་རྒྱལ་སྦོམ་རའི་སྲས་མོ་གསེར་ལྡན་བུ་མོ་འཇོ་སྒེག་མཁན།།
འདབ་བརྒྱད་ས་ཡི་དཀྱིལ་འཁོར་དབུས་འཕགས་ལྷ་དབང་ཕོ་བྲང་དཔལ་ལ་འཁུ།།
བྱ་རྒྱལ་ཁྱུང་གིས་གཤོག་རྩལ་བརྐྱངས་འདྲའི་གཡས་གཡོན་དབུས་ཀྱི་མདའ་ཡབ་ལ།།
མདོངས་མཐའི་སྒྲོ་གུར་དགུང་དུ་ཕུབ་འདྲའི་ཚོན་མདོག་བཀྲ་བའི་པ་ཏྲས་བརྒྱན།།
སྟེང་དུ་བང་རིམ་རྒྱ་ཆེར་བརྩེགས་པའི་དྲ་བ་དྲ་ཕྱེད་བརྐོས་འབུར་རིས།།
མཛེས་པར་དོད་བའི་ཞི་བདེའི་སྒོ་མོས་བརྒྱ་བྱིན་མཚོན་ཆར་མཐོ་མཚམས་བྱེད།།
སྲ་མཁྲེགས་རྡོ་སྐས་དབྱིངས་རིམ་བསྒྱིངས་པའི་ཁང་བཟང་ལ་ཟུག་ལྟ་བའི་ཚེ།།
མགོ་ཡི་ཞྭ་མོ་ཐང་ལ་འཕེན་ཞིང་ཟངས་མདོག་དཔལ་རིར་ཅོ་འདྲི་རྩོམ།།
མཐའ་སྐྱོབ་རྡོར་འཇུས་རྐང་སྟེགས་རེ་རེར་ཡན་ལག་ས་རུ་ཚུལ་གྱིས་ནི།།
དད་ལྡན་དག་གིས་ཡན་ལག་ལྔ་བ་རི་ལ་ངལ་བའི་རྣམ་ཐར་སྐྱོང་།།
དབུ་ལ་དཔྱོད་ལྡན་མདུན་ན་འདོན་གྱི་སྙན་ཅོག་ལྡེམ་པའི་དཔོན་ཞྭ་མཛེས།།
སྐུ་ལ་འབྲུག་རིས་རིན་ཆེན་འོད་འཕྲོ་ཟ་འོག་ན་བཟས་མིག་དབང་གནོན།།
ཞལ་ལ་མཛངས་པའི་སྨྲ་ར་ཞམ་མེར་རྫི་མ་སྟུག་པོའི་གཤོག་ཟུང་འོག།
རྒྱང་གཟིགས་སྤྱན་རས་ཡོམ་པ་མེད་པར་མཐོན་པོའི་ཁྲི་ལ་ལྷན་ནེར་བཞུགས།།
མདུན་དུ་མཆོད་རྫས་རི་རབ་སྤུངས་ལ་ཁ་བཏགས་དབང་གཞུའི་གུར་ཁང་ཕུབ།།
ཤུགས་དྲག་དད་པའི་སྐྱབས་འཇུག་དབྱངས་སྙན་ལྷ་དབང་འགུགས་པའི་ཕོ་ཉར་གྲུབ།།
མ་འོངས་ལུང་ཞུས་བརྒྱན་གྱི་ཤིང་དཀྲུགས་ཐག་སྒྲས་ཁེངས་པའི་རོལ་མོའི་དབྱངས།།
ཡིད་ཀྱི་རེ་སྨོན་དམིགས་སར་བསླེབས་པའི་རྟ་མཆོག་རྨིག་སྒྲའི་གདངས་ལ་ཟ།།
གཡས་གཡོན་རྟ་བདག་རྒྱལ་བོས་ལེགས་ཁྲིད་གྱི་ལིང་དྲེལ་དང་ཅང་ཤེས་རྟ།།
ཀླུ་རྟ་དཀར་བོའི་དཔལ་གྱིས་རབ་སྒེག་ཤུགས་བགྲོད་བརྩོན་པའི་བྲང་ཁ་ལྡིར།།
འཁྲུལ་མེད་ལམ་ལ་འཇུག་པ་ཡངས་པའི་གཟུགས་འཛིན་རྣོ་བའི་སྤྱན་དཀྱུས་རིང་།།
མགོ་འཕང་མཐོར་བཏེགས་འགྲོ་དོན་ཕྱིར་དུ་རྟག་ཏུ་ཆས་པའི་གྲབས་ཀྱིས་འགྱིངས།།
གཡོན་དུ་གྱི་ལིང་དྲེལ་དང་མེ་ལྷ་རྟ་མགྲིན་དམར་བོ་གླང་རྒྱལ་དང་།།
གཡས་སུ་ཨ་མྱེས་རི་གླང་སྤུན་གྱི་འཁོར་ཚོགས་འདུས་པའི་ལྷ་ཁང་གཙོས།།
གྱི་ལིང་རྟ་དང་གོང་མ་རྒྱལ་མོ་མཆོད་པའི་ལྷ་མོ་བུ་གནང་མ།།
ཤན་པ་ར་མགོ་དང་བཅས་ལྷ་ཁང་ཕྲེང་བསྟར་བསྒྲིགས་པའི་དཔུང་སྟོབས་བརྗིད།།
མདུན་གྱི་ཁ་གཏད་སྒོ་མོའི་སྟེང་དུ་ཤན་པ་ཙི་ཐང་ཞལ་ཤར་ཕྱོགས།།
ངོ་བོ་དབྱེར་མེད་འཇམ་དབྱངས་ནག་པོའི་ཞལ་གྱི་དཀྱིལ་འཁོར་ཡུལ་ལྷར་ཕྱོགས།།
གཡས་གཡོན་འདབ་བརྒྱད་གནམ་བཏེགས་ཟངས་ཀྱི་ཅོང་སྒྲ་སྙན་མོ་མཚམས་མེད་པ།།
ལྷང་ལྷང་ལྡིར་བས་ཕྱི་ནང་སྣོད་བཅུད་བདེ་བའི་ལམ་དུ་ཅིག་ཅར་འགོད།།
འཛིན་མས་ཐེགས་དཀའི་བསང་ཁྲི་ཆེན་མོར་དྲི་ཟ་འགུགས་འགྱུར་བསང་དུད་སྤྲིན།།
ལང་ལོང་འཕྱུར་བས་གནམ་ས་བསྒྲིབས་ཤིང་གསེར་སྐྱེམས་མཆོད་པའི་ལྷ་འབོད་སྒྲ།།
ཆུ་འཛིན་འཁྲིགས་པའི་དབྱར་སྐྱེས་རྔར་འཁྲུལ་ལྔ་བའི་གྲོང་གི་ཟིལ་རྫོགས་པ།།
ཁྲི་ཀའི་ཡུལ་ལྷའི་མཚན་ཙམ་གྱིས་ཀྱང་སྲིད་གསུམ་འཇིག་རྟེན་དངངས་ཤིང་འདར།།
གང་ཁྱོད་རྣམ་འདྲེན་མི་ཡི་གར་རོལ་སྐུ་འབུམ་ལིམ་བུའི་དགའ་ཚལ་གྱི།།
མདོ་སྔགས་རིག་གནས་གསེར་ཁྲིའི་མངའ་བདག་ཨ་རྒྱའི་སྐུ་ལ་སྡོངས་གྲོགས་ཀྱིས།།
གནས་འདིར་བྱོན་ཞིང་འཇིག་རྟེན་སྐྱབས་སུ་མཆོད་པའི་ལྷ་ཁང་ཕན་བདེ་ཅན།།
བཞེངས་པའི་སྟོབས་འདིས་རྣམ་ཀུན་ཁམས་འདིར་བདེ་སྐྱིད་ལོངས་སྤྱོད་ཀུན་འབྱུང་ཤོག།

ཅེས་སྒོ་མེའི་དཀར་བརྗིད་པ་རྡོ་རྗེ་ལྷུན་གྲུབ་བམ་རྐྱང་རྩེ་རྡོར་ལྷུན་དུ་འབོད་པས་བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་ལོ་སར་ཚེས་དྲུག་མཚན་ཅི་ནུས་སྦྱར་བས་ཀྱང་འཇིག་རྟེན་དགེ་བའི་རྒྱུར་སྐུལ་ཅིག
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།