ཅོང་ཆུའི་གྲོལ་སྡེའི་ཚིགས་བཅད་སྙན་ངག་གསུམ།
རྩོམ་པ་པོ།:ཅོང་ཆུའི་གྲོལ་སྡེ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-01-21 14:30:28
ཀློག་གྲངས།:
རྫོགས་ཚིག
ཅོང་ཆུའི་གྲོལ་སྡེ།
དཔྱིད་ཉི་མ་ལོ་ལས་རིང་ངོ་ཟེར།།
མཚན་ཐུན་གསུམ་རྨི་ལམ་ཐུང་ངོ་ཟེར།།
དཔྱིད་རིང་བ་འདྲ་སྟེ་ཐུང་བ་འདྲ།།
ཞིང་འདེབས་བཞིན་འབུས་བཞིན་རྫོགས་སོང་ངོ་།།
དབྱར་ཙད་ཆེན་སྐོར་གསུམ་རིང་ངོ་ཟེར།།
སྤང་མེ་ཏོག་བཞད་ཡུན་ཐུང་ངོ་ཟེར།།
དབྱར་རིང་བ་འདྲ་སྟེ་ཐུང་བ་འདྲ།།
གནམ་འབབ་བཞིན་ཐང་བཞིན་རྫོགས་སོང་ངོ།།
སྟོན་མགོ་མའི་"ཆར་ཞོད་རིང་ངོ་ཟེར།།
སྡོང་ལོ་མ་འཐོར་དུས་ཐུང་ངོ་ཟེར།།
སྟོན་རིང་བ་འདྲ་སྟེ་ཐུང་བ་འདྲ།།
རླུང་ལྡང་བཞིན་འཇགས་བཞིན་རྫོགས་སོང་ངོ།།
དགུན་ཟླ་གསུམ་འཁྱགས་པའི་རིང་ངོ་ཟེར།།
ལོ་གསར་རྙིང་ཉེ་བའི་ཐུང་ངོ་ཟེར།།
དགུན་རིང་བ་འདྲ་སྟེ་ཐུང་བ་འདྲ།
ཁངས་ཆགས་བཞིན་ཞི་བཞིན་རྫོགས་སོང་ངོ་།།
ཉིན་སུམ་བརྒྱ་དྲུག་ཅུ་རིང་ངོ་ཟེར།།
ཟླ་བཅུ་གཉིས་འཁོར་བ་ཐུང་ངོ་ཟེར།།
ལོ་རིང་བ་འདྲ་སྟེ་ཐུང་བ་འདྲ།།
གྲངས་བགྲང་བཞིན་བགྲང་བཞིན་རྫོགས་སོང་ངོ་།།
མཆན། "ཆར་ཞོད།"རྒྱུན་བབ་ལ་གོ།
2019.1.26ཕ་ཡུལ།
དགོན་ནང་ནས་བཞེངས་བའི་མགུར།
སྐྱ་སང་ངེ་སྐྱ་རེངས་དང་པོ་བཀྱགས།།
ལྷ་དཀོན་མཆོག་མཆོད་པས་འཁར་རྔ་བརྡུངས།།
འོད་ཆེམ་མེ་སྐར་ཆེན་མཁའ་ལ་ཤར།།
མགོན་བསྟན་སྲུང་འདྲེན་པས་འཁར་རྔ་བརྡུངས།།
སེར་ལམ་མེ་ཉི་འོད་རི་རྩེར་ཕོག།
སྐྱབས་འདུས་མང་འདུ་བས་འཁར་རྔ་བརྡུངས།།
དུང་གསལ་ལེ་བཀྲ་ཤིས་དྲུག་འགྱོག་བཏང་།།
འབུ་བུང་བ་ཚང་ལ་འདུ་བཞིན་འཚོགས།།
དབུ་ལོ་ཡག་སྙེ་མ་ཁྲིགས་སེ་བསྒྲིགས།
ལོ་རྒན་གཞོན་བསླབ་རིམ་མ་ནོར་བཞུགས།།
གསུང་ལྡིར་རེ་ཞལ་འདོན་དབུ་སྐུལ་བསླངས།།
མཚོ་ཆེན་པོར་ཡེར་མོ་བརྒྱུགས་བཞིན་གསུངས།།
སྐུ་བརྗིད་ལེ་དགེ་སྐུལ་ཇ་གནང་ཞུས།།
ཐུགས་དམ་པོས་སྐྱབས་འཇུག་ལྷ་ལ་ཞུས།།
འཇམ་ཅག་གེ་བཟའ་བཏུང་ཟས་ལ་སྤྱོད།།
དཀོར་ཚུལ་བཞིན་སྦྱོང་བའི་དོན་ལ་འབད།།
ཆབ་བསིལ་ལེ་དགེ་འདུན་ཞལ་ལ་ཕུལ།།
གྲི་ནས་ཤུབས་བཏོན་ལྟར་མར་ལ་གྲོལ།།
དམར་སྨུག་གེ་འདུ་ཁང་ཁྱམས་ལ་འཚོགས།།
ཕྲུག་ཟླ་གམ་ཐང་ལ་བཏང་བཞིན་བཞུགས།།
གསུང་ལྷིང་ངེ་དྷཱི་སྐད་ངག་ནས་བཀྲོལ།།
ཕྱག་སྟངས་སྟབས་བར་ནས་ལུང་རིགས་བརྡོལ།།
ཐུགས་འཇམ་མེ་བརྒལ་བརྟག་ལས་ལ་བརྩོན།།
གཞུང་རྒྱ་བོད་གསུང་རབ་གཏན་ལ་ཕབ།།
ཉམས་དོད་ལེ་རས་གཟན་སྐེད་ལ་བཅིངས།།
ཚ་འཁོར་གསུམ་མེ་ཏོག་ཆར་བ་ཕབ།།
གཤིས་དུལ་ལེ་གཤེས་གཉེན་ཚུལ་བཞིན་བསྟེན།།
ཆོས་ལུང་ཁྲིད་བུམ་པ་གང་བྱོས་བྱེད།།
བློ་སྒྲིམ་མེ་ཚིག་དོན་ཚུལ་བསམ།།
སྒོམ་ཉམས་ལེན་རང་རྒྱུད་སྦྱོར་ལ་འབད།།
གོམ་དལ་ལེ་གྲྭ་ཤག་ནང་ལ་ཕེབས།།
ཕྱག་མཆོད་པའི་དགེ་སྦྱོར་ཆགས་མེད་མཛད།།
སྐུ་བུན་ནེ་ནམ་གུང་ཕར་ལ་བསྐྱལ།།
གཞུང་དཀའ་གནད་རྩེ་གཅིག་བློ་ཡིས་དཔྱད།།
ཐུགས་ཁྲོང་ངེ་ཐོ་རེངས་ཚུར་ལ་བསུ།།
འཛིན་སྐྱོར་སྦྱངས་ལོ་ཟླས་ཁྲོད་ལ་གཤེགས།།
༢༠༡༩.༤.༡༩རྫ་ཆུ་ཁ།
མཉམ་མགུར།
ཚེ་འདིར་མི་འབྲལ་ཡིད་ཆེས་བླ་མར་གཏད་ན།།
ཕྱི་མར་མི་འགྱུར་སྨོན་ལམ་དབང་ལ་བཅོལ་ན།།
དབང་སྐུར་མན་ངག་གནང་བའི་བླ་མའི་དྲུང་དུ།།
ལྷ་བུམ་ལུས་བུམ་བྱེད་པའི་ལས་འཕྲོ་ཨེ་ཡོད།།
གསོན་ན་ཁྱིམ་གཅིག་རྣལ་འབྱོར་སྙན་ལ་ཞུས་ན།།
ཤི་ན་དུར་གཅིག་ཁ་ཆད་མགུར་ལ་བཞེངས་ན།།
རྣམ་ཤེས་མགུར་དུ་འདྲེན་པའི་རྣལ་འབྱོར་མདུན་དུ།།
རྐང་གླིང་ཐོད་ཕོར་བྱེད་པའི་སྨོན་ལམ་ཨེ་ཡོད།།
ཚེ་རབས་ཕྲེང་བའི་བར་ཆད་ལྷ་ལ་ཞུས་ན།།
སྔོན་བསགས་ལས་ཀྱི་བྱས་ཉེས་ཆོས་ཀྱིས་སེལ་ན།།
དམ་ཆོས་ཚེ་ལ་གསུང་བའི་དགེ་སློང་ཕྱག་གི།།
རྡོ་རྗེ་དྲིལ་བུ་བྱེད་པའི་བསོད་ནམས་ཨེ་ཡོད།།
ཐར་བར་དད་པས་ཐལ་མོ་ཟུང་གཅིག་སྦྱར་ན།།
དམྱལ་བར་འཇིགས་པས་ངེས་ཤེས་ཆ་གཅིག་འདྲོངས་ན།།
ལྷ་ཁང་གཅིག་ལ་བཞེངས་བའི་ལྡེབས་རིས་ངོས་ཀྱི།།
ལྷ་དང་ལྷ་མོ་བྱེད་པའི་ལས་དབང་ཨེ་ཡོད།།
མདུན་མའི་རྨི་ལམ་མཚོ་མོ་དབྱར་ལ་བསྐྱིལ་ན།།
རེ་བའི་གོད་ཆགས་དར་ཁ་དགུན་གྱིས་བསྒྲིགས་ན།།
མཚོ་མཐའ་ལྷན་དུ་སྐོར་བའི་ངང་བ་ཆ་ཡི།།
ལུས་ཀྱི་གཤོག་ཟུང་གཡར་བའི་རང་དབང་ཨེ་ཡོད།།
དམ་ཚིག་གཙང་མའི་བདུད་རྩི་གཅིག་ཏུ་བསྙལ་ན།།
ཡིད་ཆེས་འཛུབ་མོའི་མཆོད་ཁ་མཉམ་དུ་འཕངས་ན།།
ཆང་མ་ཡེ་ཤེས་མཁའ་འགྲོའི་ཆང་ཕོར་ཐོག་གི།།
རྨ་འབྲུག་ཁ་སྤྲོད་བྱེད་པའི་རྟེན་འབྲེལ་ཨེ་ཡོད།།
ཡིད་ཀྱི་སྙིང་གཏམ་རི་མོ་ཡི་གེར་བྲིས་ན།།
ངག་གི་སྲིད་པའི་མཛའ་གཞས་དབྱངས་སུ་གྱེར་ན།།
རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ནང་གི།།
དབྱངས་དང་གསལ་བྱེད་བྱེད་པའི་རྨི་ལམ་ཨེ་ཡོད།།
སྡང་བའི་དགྲ་ལ་གོ་མཚོན་གཡུལ་ལ་འཛོམས་ན།།
བྱམས་པའི་མི་ངང་བ་མཚོ་ལ་མཐུན་ན།།
གླིང་དཀར་སྟོད་ཀྱི་གེ་སར་འབྲུག་མོའི་སྒྲུང་གི།།
གཏམ་རྒྱུད་ཕྱི་མ་འབྲི་བའི་ལོ་ཟླ་ཨེ་ཡོད།།
ཡིད་གཅུགས་མཛའ་བ་ཤིང་དང་ཡལ་གར་གྲུབ་ན།།
ན་ཚོད་གཞོན་པའི་ལོ་འདབ་མཉམ་ཏུ་རྒྱས་ན།།
གཞིས་ཁྱིམ་གཅིག་གིས་ཕུབ་པའི་མགོ་ཁང་གྲུ་བཞིར།།
ཀ་བ་གདུང་མ་བྱེད་པའི་གོ་སྐབས་ཨེ་ཡོད།།
མི་ཚེའི་སྟོན་མཇུག་བ་མོ་མ་སླེབ་བསྡད་ན།།
མི་ཁའི་རླུང་དང་བསེར་བུ་མ་ལྡང་བསྡད་ན།།
སྐྱེད་ཚལ་ལྷུག་པོར་གྲོལ་བའི་ལྡུམ་ར་གཅིག་ནས།།
གཡུ་སྦྲང་མེ་ཏོག་བྱེད་པའི་སྐལ་བ་ཨེ་ཡོད།།
དཔྱིད་ཉི་མ་ལོ་ལས་རིང་ངོ་ཟེར།།
མཚན་ཐུན་གསུམ་རྨི་ལམ་ཐུང་ངོ་ཟེར།།
དཔྱིད་རིང་བ་འདྲ་སྟེ་ཐུང་བ་འདྲ།།
ཞིང་འདེབས་བཞིན་འབུས་བཞིན་རྫོགས་སོང་ངོ་།།
དབྱར་ཙད་ཆེན་སྐོར་གསུམ་རིང་ངོ་ཟེར།།
སྤང་མེ་ཏོག་བཞད་ཡུན་ཐུང་ངོ་ཟེར།།
དབྱར་རིང་བ་འདྲ་སྟེ་ཐུང་བ་འདྲ།།
གནམ་འབབ་བཞིན་ཐང་བཞིན་རྫོགས་སོང་ངོ།།
སྟོན་མགོ་མའི་"ཆར་ཞོད་རིང་ངོ་ཟེར།།
སྡོང་ལོ་མ་འཐོར་དུས་ཐུང་ངོ་ཟེར།།
སྟོན་རིང་བ་འདྲ་སྟེ་ཐུང་བ་འདྲ།།
རླུང་ལྡང་བཞིན་འཇགས་བཞིན་རྫོགས་སོང་ངོ།།
དགུན་ཟླ་གསུམ་འཁྱགས་པའི་རིང་ངོ་ཟེར།།
ལོ་གསར་རྙིང་ཉེ་བའི་ཐུང་ངོ་ཟེར།།
དགུན་རིང་བ་འདྲ་སྟེ་ཐུང་བ་འདྲ།
ཁངས་ཆགས་བཞིན་ཞི་བཞིན་རྫོགས་སོང་ངོ་།།
ཉིན་སུམ་བརྒྱ་དྲུག་ཅུ་རིང་ངོ་ཟེར།།
ཟླ་བཅུ་གཉིས་འཁོར་བ་ཐུང་ངོ་ཟེར།།
ལོ་རིང་བ་འདྲ་སྟེ་ཐུང་བ་འདྲ།།
གྲངས་བགྲང་བཞིན་བགྲང་བཞིན་རྫོགས་སོང་ངོ་།།
མཆན། "ཆར་ཞོད།"རྒྱུན་བབ་ལ་གོ།
2019.1.26ཕ་ཡུལ།
དགོན་ནང་ནས་བཞེངས་བའི་མགུར།
སྐྱ་སང་ངེ་སྐྱ་རེངས་དང་པོ་བཀྱགས།།
ལྷ་དཀོན་མཆོག་མཆོད་པས་འཁར་རྔ་བརྡུངས།།
འོད་ཆེམ་མེ་སྐར་ཆེན་མཁའ་ལ་ཤར།།
མགོན་བསྟན་སྲུང་འདྲེན་པས་འཁར་རྔ་བརྡུངས།།
སེར་ལམ་མེ་ཉི་འོད་རི་རྩེར་ཕོག།
སྐྱབས་འདུས་མང་འདུ་བས་འཁར་རྔ་བརྡུངས།།
དུང་གསལ་ལེ་བཀྲ་ཤིས་དྲུག་འགྱོག་བཏང་།།
འབུ་བུང་བ་ཚང་ལ་འདུ་བཞིན་འཚོགས།།
དབུ་ལོ་ཡག་སྙེ་མ་ཁྲིགས་སེ་བསྒྲིགས།
ལོ་རྒན་གཞོན་བསླབ་རིམ་མ་ནོར་བཞུགས།།
གསུང་ལྡིར་རེ་ཞལ་འདོན་དབུ་སྐུལ་བསླངས།།
མཚོ་ཆེན་པོར་ཡེར་མོ་བརྒྱུགས་བཞིན་གསུངས།།
སྐུ་བརྗིད་ལེ་དགེ་སྐུལ་ཇ་གནང་ཞུས།།
ཐུགས་དམ་པོས་སྐྱབས་འཇུག་ལྷ་ལ་ཞུས།།
འཇམ་ཅག་གེ་བཟའ་བཏུང་ཟས་ལ་སྤྱོད།།
དཀོར་ཚུལ་བཞིན་སྦྱོང་བའི་དོན་ལ་འབད།།
ཆབ་བསིལ་ལེ་དགེ་འདུན་ཞལ་ལ་ཕུལ།།
གྲི་ནས་ཤུབས་བཏོན་ལྟར་མར་ལ་གྲོལ།།
དམར་སྨུག་གེ་འདུ་ཁང་ཁྱམས་ལ་འཚོགས།།
ཕྲུག་ཟླ་གམ་ཐང་ལ་བཏང་བཞིན་བཞུགས།།
གསུང་ལྷིང་ངེ་དྷཱི་སྐད་ངག་ནས་བཀྲོལ།།
ཕྱག་སྟངས་སྟབས་བར་ནས་ལུང་རིགས་བརྡོལ།།
ཐུགས་འཇམ་མེ་བརྒལ་བརྟག་ལས་ལ་བརྩོན།།
གཞུང་རྒྱ་བོད་གསུང་རབ་གཏན་ལ་ཕབ།།
ཉམས་དོད་ལེ་རས་གཟན་སྐེད་ལ་བཅིངས།།
ཚ་འཁོར་གསུམ་མེ་ཏོག་ཆར་བ་ཕབ།།
གཤིས་དུལ་ལེ་གཤེས་གཉེན་ཚུལ་བཞིན་བསྟེན།།
ཆོས་ལུང་ཁྲིད་བུམ་པ་གང་བྱོས་བྱེད།།
བློ་སྒྲིམ་མེ་ཚིག་དོན་ཚུལ་བསམ།།
སྒོམ་ཉམས་ལེན་རང་རྒྱུད་སྦྱོར་ལ་འབད།།
གོམ་དལ་ལེ་གྲྭ་ཤག་ནང་ལ་ཕེབས།།
ཕྱག་མཆོད་པའི་དགེ་སྦྱོར་ཆགས་མེད་མཛད།།
སྐུ་བུན་ནེ་ནམ་གུང་ཕར་ལ་བསྐྱལ།།
གཞུང་དཀའ་གནད་རྩེ་གཅིག་བློ་ཡིས་དཔྱད།།
ཐུགས་ཁྲོང་ངེ་ཐོ་རེངས་ཚུར་ལ་བསུ།།
འཛིན་སྐྱོར་སྦྱངས་ལོ་ཟླས་ཁྲོད་ལ་གཤེགས།།
༢༠༡༩.༤.༡༩རྫ་ཆུ་ཁ།
མཉམ་མགུར།
ཚེ་འདིར་མི་འབྲལ་ཡིད་ཆེས་བླ་མར་གཏད་ན།།
ཕྱི་མར་མི་འགྱུར་སྨོན་ལམ་དབང་ལ་བཅོལ་ན།།
དབང་སྐུར་མན་ངག་གནང་བའི་བླ་མའི་དྲུང་དུ།།
ལྷ་བུམ་ལུས་བུམ་བྱེད་པའི་ལས་འཕྲོ་ཨེ་ཡོད།།
གསོན་ན་ཁྱིམ་གཅིག་རྣལ་འབྱོར་སྙན་ལ་ཞུས་ན།།
ཤི་ན་དུར་གཅིག་ཁ་ཆད་མགུར་ལ་བཞེངས་ན།།
རྣམ་ཤེས་མགུར་དུ་འདྲེན་པའི་རྣལ་འབྱོར་མདུན་དུ།།
རྐང་གླིང་ཐོད་ཕོར་བྱེད་པའི་སྨོན་ལམ་ཨེ་ཡོད།།
ཚེ་རབས་ཕྲེང་བའི་བར་ཆད་ལྷ་ལ་ཞུས་ན།།
སྔོན་བསགས་ལས་ཀྱི་བྱས་ཉེས་ཆོས་ཀྱིས་སེལ་ན།།
དམ་ཆོས་ཚེ་ལ་གསུང་བའི་དགེ་སློང་ཕྱག་གི།།
རྡོ་རྗེ་དྲིལ་བུ་བྱེད་པའི་བསོད་ནམས་ཨེ་ཡོད།།
ཐར་བར་དད་པས་ཐལ་མོ་ཟུང་གཅིག་སྦྱར་ན།།
དམྱལ་བར་འཇིགས་པས་ངེས་ཤེས་ཆ་གཅིག་འདྲོངས་ན།།
ལྷ་ཁང་གཅིག་ལ་བཞེངས་བའི་ལྡེབས་རིས་ངོས་ཀྱི།།
ལྷ་དང་ལྷ་མོ་བྱེད་པའི་ལས་དབང་ཨེ་ཡོད།།
མདུན་མའི་རྨི་ལམ་མཚོ་མོ་དབྱར་ལ་བསྐྱིལ་ན།།
རེ་བའི་གོད་ཆགས་དར་ཁ་དགུན་གྱིས་བསྒྲིགས་ན།།
མཚོ་མཐའ་ལྷན་དུ་སྐོར་བའི་ངང་བ་ཆ་ཡི།།
ལུས་ཀྱི་གཤོག་ཟུང་གཡར་བའི་རང་དབང་ཨེ་ཡོད།།
དམ་ཚིག་གཙང་མའི་བདུད་རྩི་གཅིག་ཏུ་བསྙལ་ན།།
ཡིད་ཆེས་འཛུབ་མོའི་མཆོད་ཁ་མཉམ་དུ་འཕངས་ན།།
ཆང་མ་ཡེ་ཤེས་མཁའ་འགྲོའི་ཆང་ཕོར་ཐོག་གི།།
རྨ་འབྲུག་ཁ་སྤྲོད་བྱེད་པའི་རྟེན་འབྲེལ་ཨེ་ཡོད།།
ཡིད་ཀྱི་སྙིང་གཏམ་རི་མོ་ཡི་གེར་བྲིས་ན།།
ངག་གི་སྲིད་པའི་མཛའ་གཞས་དབྱངས་སུ་གྱེར་ན།།
རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ནང་གི།།
དབྱངས་དང་གསལ་བྱེད་བྱེད་པའི་རྨི་ལམ་ཨེ་ཡོད།།
སྡང་བའི་དགྲ་ལ་གོ་མཚོན་གཡུལ་ལ་འཛོམས་ན།།
བྱམས་པའི་མི་ངང་བ་མཚོ་ལ་མཐུན་ན།།
གླིང་དཀར་སྟོད་ཀྱི་གེ་སར་འབྲུག་མོའི་སྒྲུང་གི།།
གཏམ་རྒྱུད་ཕྱི་མ་འབྲི་བའི་ལོ་ཟླ་ཨེ་ཡོད།།
ཡིད་གཅུགས་མཛའ་བ་ཤིང་དང་ཡལ་གར་གྲུབ་ན།།
ན་ཚོད་གཞོན་པའི་ལོ་འདབ་མཉམ་ཏུ་རྒྱས་ན།།
གཞིས་ཁྱིམ་གཅིག་གིས་ཕུབ་པའི་མགོ་ཁང་གྲུ་བཞིར།།
ཀ་བ་གདུང་མ་བྱེད་པའི་གོ་སྐབས་ཨེ་ཡོད།།
མི་ཚེའི་སྟོན་མཇུག་བ་མོ་མ་སླེབ་བསྡད་ན།།
མི་ཁའི་རླུང་དང་བསེར་བུ་མ་ལྡང་བསྡད་ན།།
སྐྱེད་ཚལ་ལྷུག་པོར་གྲོལ་བའི་ལྡུམ་ར་གཅིག་ནས།།
གཡུ་སྦྲང་མེ་ཏོག་བྱེད་པའི་སྐལ་བ་ཨེ་ཡོད།།
རྩོམ་མཁན་ངོ་སྤྲོད། དངོས་མིང་ལ་ལེགས་བཤད་གྲོལ་སྡེ་ཟེར་ཞིང་རྩོམ་ཡིག་ཆེད་སྤྱོད་ཀྱི་ཅོང་ཆུའི་གྲོལ་སྡེ་རུ་འབོད། 1997ལོར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ཅོང་ཆུ་གྲོང་བརྡལ་གྱི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས། ལོ་བརྒྱད་སྟེང་ཅོང་ཆུ་གྲོང་བརྡལ་མི་རིགས་བཅའ་སྡོད་སློབ་ཆུང་དུ་ཞུགས་ཤིང་ལོ་རིམ་ལྔ་བའི་བར་འགྲིམས། ལོ་བཅོ་ལྔའི་སྟེང་ལྷ་མོ་དྲེལ་དགོན་དུ་སོང་། 2015ལོ་ནས་རྩོམ་ཡིག་གསར་རྩོམ་གྱི་ལམ་ཁར་ཞུགས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།