ལྷུན་དར་སྐལ་བཟང་བསྟན་པའི་བྱིས་རྩོམ་བོད་འགྱུར་མ་གཉིས།
རྩོམ་པ་པོ།:ལྷུན་དར་སྐལ་བཟང་བསྟན་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-12-24 15:09:29
ཀློག་གྲངས།:
གལ་ཏེ།
[ཀྲུང་གོ]ཀྲང་རུང་གིས་བརྩམས།
ང་ནི་གལ་ཏེ་རླུང་བུ་ཞིག་ཡིན་ན།
ཨ་མ་ལགས་ཀྱི་ཕྱག་ལས་གནང་སར་འཕུར་ཏེ།
ཨ་མ་ལགས་ཀྱི་ཚབ་ཏུ།
ཞལ་རས་ངོས་ཀྱི་རྔུལ་ཆུའི་མུ་ཏིག་རེ་རེ།
ཕུ་རྒྱབ་ཏེ་སྐམ་པོར་བཏང་ཆོག
ང་ནི་གལ་ཏེ་དགེ་རྒན་ཞིག་ཡིན་ན།
རྟག་ཏུ་ལུས་རྩལ་སློབ་ཚན་འཚོག་ཏེ།
སློབ་ཕྲུག་རྣམས་ལ་བློ་ཕམ་སྦྱིན་མི་འདོད།
ང་ནི་གལ་ཏེ་ཨ་ཕ་ཡིན་ན།
ངས་ངེས་པར་དུ་ཆང་རག་བཅད་ནས།
ཨ་མ་ལགས་རྟག་པར་སྤྱན་ཆབ་བསིལ་དུ་འཇུག་མི་འདོད།
ང་ནི་གལ་ཏེ་དཀོན་མཆོག་ཡིན་ན།
ངས་མིའི་རིགས་དགོད་པ་ལས་ངུ་རུ་མི་འཇུག
རྒྱུ་མཚན་ནི། མི་རེ་རེ་བགད་དུས་ཧ་ཅང་གཅེས་སུ་འོས་པ་ཞིག་རེད།
«བྱིས་པའི་སྙན་ངག་བརྒྱ་བཞུགས་སོ»ལས་བཏུས།
བྱིས་དུས།
[ཀྲུང་གོ]ཚུང་ཚུང་གིས་བརྩམས།
བྱིས་དུས་ནི།
ནམ་མཁའི་སྐར་ཚོགས་དང་འདྲ་བར།
ཡ་མཚན་གྱི་གཏམ་རྒྱུད་རེ་རེ་འོད་དུ་འཚེར་བྱུང་།
བྱིས་དུས་ནི།
རྒྱ་མཚོའི་ཁ་ཡི་ཟེགས་མ་དང་འདྲ་བར།
ཡིད་སེམས་འགུལ་བའི་གླུ་དབྱངས་རེ་རེ་བླངས་བྱུང་།
བྱིས་དུས་ནི།
ནོར་མཛོད་ཀྱི་སྒོ་ལྕགས་ཆེན་པོ་ཞིག་དང་འདྲ་བར།
སྒོ་ཕྱེ་མ་ཐག
མཛེས་སྡུག་གི་ཕྱིར་དྲན་དུམ་བུའི་ནང་དུ་འཕུར་ཐུབ།
ཨེ་མ། བྱིས་དུས།
རྨི་ལམ་མང་བའི་བྱིས་དུས།
«བྱིས་པ་ཚོར་ཕུལ་བའི་སྙན་ངག»ལས་བཏུས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།