ཐའེ་ཏེ་དང་རྒན་ཐང་ཕུ་ཞུང་གི་གཏམ་རྒྱུད། 

རྩོམ་པ་པོ།:ལྷ་འབྲུག་གིས་བསྒྱུར།  ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-11-04 10:43:49 ཀློག་གྲངས།:
ཐའེ་ཏེ་དང་རྒན་ཐང་ཕུ་ཞུང་གི་གཏམ་རྒྱུད། 
ལྷ་འབྲུག་གིས་བསྒྱུར། 

        ལོ་དུ་མའི་སྔ་རོལ་ཏུ། དགེ་རྒན་ཐང་ཕུ་ཞུང་གིས་སློབ་རིམ་ལྔ་བའི་སློབ་མ་རྣམས་ལ“ཁོ་མོས་འདྲ་མཉམ་རིས་མེད་ཀྱིས་སློབ་མ་རེ་རེར་གཅེས་སྐྱོང་བྱ་རྒྱུ་ཡིན”ཞེས་རྫུན་ཤོབ་ཅིག་ལབ་པ་རེད། ཡིན་ན་ཡང་འདི་ནི་དཔེ་མི་སྲིད་པ་ཞིག་སྟེ། རྒྱུ་མཚན་ནི་མདུན་གྲལ་དུ་ཐའེ་ཏེ་ཟེར་བའི་སློབ་མ་སྒྱིད་ལུག་གི་དབང་དུ་ཤོར་ཞིང་། སློབ་ཁྲིད་སྐབས་བློ་རིག་པ་རྣལ་དུ་མི་གནས་པར་རྣམ་གཡེང་གི་དབང་དུ་གྱུར་བའི་སློབ་བུ་ཞིག་བསྡད་ཡོད་པས་རེད། དོན་དངོས་སུ་རྒན་ཐང་ཕུ་ཞུང་འབྲི་སྨྱུག་དམར་པོ་སྨྱུག་རྩེ་སྦོམ་པོ་བཀོལ་བར་དགའ་བས་ཐའེ་ཏེའི་རྒྱུགས་ཤོག་ཐོག་ཏུ་ནོར་རྟགས་རྒྱ་གྲམ་མ་ཆེན་པོ་ཞིག་བརྒྱབ་ཅིང་། དེ་ནས་རྒྱུགས་ཤོག་གི་སྟོད་དུ་རྒྱུགས་འཕྲོད་མེད་ཅེས་བྲིས།  
        ནམ་ཞིག་གི་ཉིན་མོར། རྒན་ཐང་ཕུ་ཞུང་གིས་སློབ་མ་རེ་རེའི་སྔོན་ཆད་ཀྱི་སློབ་སྦྱོང་གི་ཐོ་འགོད་རེའུ་མིག་ལ་ཞིབ་ལྟ་བྱས་པ་ན། བསམ་ཡུལ་ལས་འདས་པར་ཐའེ་ཏེའི་སྔོན་ཆད་ཀྱི་དགེ་རྒན་དག་གིས་ཁོ་བོར་བྲིས་པའི་དཔྱད་བརྗོད་ཀྱིས་ཁོ་མོ་ཧ་ལས་སུ་བཅུག
        སློབ་རིམ་དང་པོའི་དགེ་རྒན་གྱིས། “ཐའེ་ཏེ་ནི་སྤྱང་གྲུང་ལྡན་པའི་བྱིས་པ་ཞིག་ཡིན་ཞིང་། ནམ་ཡང་གདོང་ལ་འཛུམ་མདངས་འཁོལ་ཞིང་། ཁོའི་ལས་བྱ་གཙང་ཞིང་གྲལ་དག་པ། གུས་བརྩི་ཤིན་ཏུ་ཆེ་བས་ཁོས་མཐའ་འཁོར་ཀྱི་མི་རྣམས་ལ་དགའ་སྤྲོ་བསྐྱལ་ཡོང་།”ཞེས་བྲིས་འདུག 
        སློབ་རིམ་གཉིས་པའི་དགེ་རྒན་གྱིས། “ཐའེ་ཏེ་ངོ་མ་ཕུལ་དུ་བྱུང་བས་སློབ་གྲོགས་ཚོས་དགའ་བསུ་ཚད་མེད་བྱེད། ཡིན་ན་ཡང་ཁོ་བོའི་ཨ་མར་བཅོས་དཀའ་བའི་ནད་བྱུང་བས། ཁོར་སེམས་ཚེགས་ཤིན་ཏུ་ཆེ་ཞིང་ཁྱིམ་ཚང་གི་འཚོ་བ་སྐྱེལ་དཀའ་བའི་གནས་སུ་གྱུར་ཡོད་པ་གདོན་མི་ཟ།” 
        སློབ་རིམ་གསུམ་པའི་དགེ་རྒན་གྱིས། “ཨ་མ་ཚེ་ལས་འདས་པས་ཐའེ་ཏེས་འཚོ་བ་སྐྱེལ་དཀའ་ཞིང་། ཁོས་ཧུར་ཐག་འབད་ཐག་བྱས་ཀྱང་ཨ་ཕས་སྣང་དོགས་ཙམ་ཡང་མི་བྱེད། གལ་ཏེ་ད་དུང་ལེགས་བཅོས་བྱེད་མ་ཐུབ་ན་ཁོ་བོའི་ཁྱིམ་ཚང་གི་འཚོ་བས་ཐའེ་ཏེ་ལ་ཉམ་ཉེས་ཚབས་ཆེན་ཐེབས་སྲིད།”ཅེས་བྲིས་ཡོད། 
        སློབ་རིམ་བཞི་བའི་དགེ་རྒན་གྱིས། “ཐའེ་ཏེས་ཐོག་མར་བག་འཁུམ་ཕྱི་བཤོལ་བྱེད་པ་དང་། སློབ་གཉེར་གྱི་ལས་ལ་སྤྲོ་བ་མེད་པ་དང་། གྲོགས་པོ་ཡང་མེད་ལ་སྐབས་རེར་སློབ་ཐུན་ཐོག་གཉིད་ལྕོག་རྒྱག་པ་རེད།”ཅེས་བྲིས་འདུག  
        དེ་ནས་ད་ལྟའི་བར། རྒན་ཐང་ཕུ་ཞུང་གིས་ད་གཟོད་ཐའེ་ཏེའི་དཀའ་ཁག་ལ་རྒྱུས་ལོན་བྱུང་བ་མ་ཟད། སེམས་གཏིང་ནས་རང་ཉིད་ཀྱི་སྤྱོད་སྟངས་ལ་ངོ་གནོང་བར་གྱུར། ཁོ་མོར་ཐའེ་ཏེས་ཕུལ་བའི་འཕགས་པའི་དུས་ཆེན་གྱི་ལེགས་སྐྱེས་འབྱོར་དུས། གཞན་དག་གི་ལེགས་སྐྱེས་དར་སྐུད་ཀྱིས་དཀྲིས་ཤིང་ཐུམ་བྱེད་མཛེས་ཤིང་མིག་ལ་འབབ་པ་དང་། ཐའེ་ཏེས་ཕུལ་བའི་ལེགས་སྐྱེས་ནི་ཟོག་མང་ཚོང་ཁང་གི་ཤོག་ནག་གི་ཐུམ་པོ་བསྡམས་མ་ཞིག་ཡིན་པས། རྒན་ཐང་ཕུ་ཞུང་གིས་ཀྱང་སེམས་ནས་མི་བཟོད་པ་ཞིག་རེད། རྒན་ཐང་ཕུ་ཞུང་གིས་བསྲན་ཚུགས་ཏེ་སློབ་གྲོགས་ཡོངས་ཀྱི་མདུན་དུ་ཐའེ་ཏེའི་ལེགས་སྐྱེས་ཀྱི་ཁ་ཕྱེ་བ་ན། སློབ་གྲོགས་ལ་ལས་ཐའེ་ཏེའི་འཕགས་པའི་ལེགས་སྐྱེས་ལ་ཁྲེལ་དགོད་བྱེད་པའི་འགོ་བརྩམས། དེ་ནི་རྡོ་རྗེ་ཕ་ལམ་རྫུན་མའི་ལག་གདུབ་ཅིག་ཡིན་པ་དང་། དེའི་ཐོག་ཏུ་ཕྲ་རྒྱན་གྱི་གཡུ་རྡོག་ཀྱང་དུ་མ་ཞིག་ཆད་འདུག དེ་ལས་གཞན་པ་ཞིག་ནི་བསུང་ཞིམ་བྱུགས་ཆུ་བཞི་ཆའི་གཅིག་ལས་ལྷག་མེད་པ་དེ་རེད། ཡིན་ན་ཡང་རྒན་ཐང་ཕུ་ཞུང་གིས་ངོ་མཚར་བའི་ཉམས་ཀྱིས་“ཧ་ཅང་ཡག་པོ་འདུག”ཅེས་སྐད་བརྒྱབ་པ་མ་ཟད། ལག་གདུབ་གོན་ཞིང་བྱུགས་ཆུ་ལག་པའི་མཁྲིག་མར་གཏོར། གྲོགས་པོ་ཆུང་ཆུང་གཞན་དག་ཚོ་ཧ་ལས་པར་གྱུར། སློབ་གྲྭ་གྲོལ་རྗེས་ཐའེ་ཏེ་སྲི་ཐར་ཐུ་རྗེས་སུ་བསྡད་དེ་རྒན་ཐང་ཕུ་ཞུང་ལ་བཤད་རྒྱུར། “རྒན་ལགས། དེ་རིང་ཁྱོད་ཀྱིས་ངའི་ཨ་མར་སྣོམ་བྱུང་།”ཐའེ་ཏེ་ཡུལ་དུ་སོང་རྗེས། རྒན་ཐང་ཕུ་ཞུང་དུས་ཚོད་གཅིག་ཙམ་ལ་ངུས་བསྡད་པ་རེད། ཉིན་དེ་ནས་བཟུང་། རྒན་ཐང་ཕུ་ཞུང་གིས་དཔེ་ཆ་མི་འཁྲིད་པ་དང་། ལྟ་ཀློག་མི་སློབ་པ་དང་། རྩིས་རིག་མི་འཁྲིད་པར་དེ་ལས་ལྡོག་སྟེ་ཁོ་མོས་བྱིས་པར་སློབ་གསོ་གཏོང་བའི་མགོ་བརྩམས། 
        དགེ་རྒན་གྱིས་སློབ་ཁྲིད་བྱེད་བཞིན་ཡོད་དམ། ཅིའི་ཕྱིར་ཁོ་མོས་སློབ་ཁྲིད་བྱེད་གིན་མེད་དམ།  
        རྒན་ཐང་ཕུ་ཞུང་གིས་ཐའེ་ཏེ་ལ་དམིགས་བསལ་གྱིས་དོ་སྣང་བྱས་པས་ཐའེ་ཏེའི་སེམས་ལ་ཡང་བསྐྱར་གསོན་ཤུགས་རྒྱས་པར་གྱུར། རྒན་ཐང་ཕུ་ཞུང་གིས་སྔར་ལས་ལྷག་པར་ཐའེ་ཏེ་ལ་སྐུལ་ལྕག་གནང་བ་དང་། ཐའེ་ཏེའི་ཚོར་བ་རྣོ་ཞིང་རིག་པ་སྐྱེན་པས། སློབ་མཇུག་ཏུ་ཐོན་དུས། ཐའེ་ཏེའི་འཛིན་གྲྭའི་ནང་གི་ཆེས་སྤྱང་གྲུང་འཛོམས་པའི་སློབ་བུ་ཞིག་ཏུ་གྱུར། གང་ལྟར་རྒན་ཐང་ཕུ་ཞུང་གིས་ཁོ་མོས་བྱིས་པ་ཚང་མ་འདྲ་མཉམ་རིས་མེད་ཀྱིས་གཅེས་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་མྱོང་ན་ཡང་། ད་ནི་ཐའེ་ཏེ་ནི་ཁོ་མོ་ཆེས་དགའ་བའི་སློབ་མ་ཞིག་ཏུ་གྱུར་འདུག
        ལོ་གཅིག་གི་རྗེས་སུ། རྒན་ཐང་ཕུ་ཞུང་གིས་སྒོ་འགྲམ་དུ་ལྟེབ་ཡིག་ཅིག་ཡོད་པ་མཐོང་བྱུང་། དེ་ནི་ཐའེ་ཏེས་བྲིས་པ་ཞིག་རེད། ཡིག་ཐོག་ཏུ“དགེ་རྒན་ཐང་ཕུ་ཞུང་ནི་ཁོ་བོ་མི་ཚེ་འདིར་འཕྲད་པའི་ཆེས་ལེགས་པའི་དགེ་རྒན་ཡིན”ཞེས་འཁོད་ཡོད།
        ལོ་དྲུག་འདས་སོང་། དགེ་རྒན་ཐང་ཕུ་ཞུང་གིས་ཡང་བསྐྱར་སྒོ་འགྲམ་ནས་ཐའེ་ཏེས་བྲིས་པའི་ལྟེབ་ཡིག་གཞན་ཞིག་མཐོང་བྱུང་། “ཐའེ་ཏེ་མཐོ་འབྲིང་མཐར་ཕྱིན་པ་དང་། སྦྱངས་འབྲས་འཛིན་གྲྭ་ཡོངས་ལས་ཨང་རིམ་གསུམ་པར་སླེབས་ཡོད། རྒན་ཐང་ཕུ་ཞུང་ནི་ཁོའི་མི་ཚེ་འདིར་འཕྲད་པའི་ཆེས་ལེགས་པའི་དགེ་རྒན་ཡིན།” 
        ལོ་བཞིའི་རྗེས་སུ། རྒན་ཐང་ཕུ་ཞུང་ལ་ཡང་བསྐྱར་འཕྲིན་ཡིག་ཅིག་འབྱོར་བྱུང་། ཐའེ་ཏེས་བཤད་རྒྱུར“སྐབས་རེར་སློབ་གྲྭའི་འཚོ་བ་ལམ་འགྲོ་མིན་མོད། ཁོས་སྔར་བཞིན་རྒྱུན་འཁྱོངས་བྱས་ཏེ་མི་འགྱངས་པར་ཁོ་རང་ཉིད་ལ་བསླབ་གནས་མཐར་ཕྱིན་གྱི་མཚན་སྙན་འཐོབ་ཐུབ”ཅེས་དང་། ཁོས་ཡང་བསྐྱར་བརྣན་པའི་ཚུལ་དུ་དགེ་རྒན་ཐང་ཕུ་ཞུང་ལ“ཁོ་མོ་ནི་ཁོ་བོའི་མི་ཚེ་འདིར་འཕྲད་པའི་ཆེས་ལེགས་པའི་དགེ་རྒན་ཡིན།”ཞེས་བཤད་ཡོད། ཡིན་ན་ཡང་། འཕྲིན་ཡིག་འདིའི་མཇུག་བྱང་དུ“རབ་འབྱམས་པ་ཐའེ་ཏེ་སྲི་ཐར་ཐུ”ཞེས་ཡིག་འབྲུ་དུ་མ་ཞིག་གིས་མང་བར་གྱུར་ཡོད།  
        གཏམ་རྒྱུད་ད་དུང་མཇུག་རྫོགས་མེད་དེ། ཁྱོད་ཀྱིས་ལྟོས་དང་། ལོ་དེའི་དཔྱིད་ཀར་ཡང་བསྐྱར་འཕྲིན་ཡིག་ཅིག་འབྱོར་བྱུང་། ཐའེ་ཏེས་བཤད་རྒྱུར། “ཁོ་རང་ལས་ཀྱི་བསྐོས་ཐང་གི་བུ་མོར་འཕྲད་ཅིང་། མི་འགྱངས་པར་གཉེན་སྒྲིག་བྱ་རྩིས་ཡོད། ཁོའི་ཨ་ཕ་ལོ་ངོ་དུ་མའི་ཡར་སྔོན་དུ་ཚེ་ལས་འདས་སོང”ཟེར། ཁོས་རྒན་ཐང་ཕུ་ཞུང་གཉེན་སྟོན་དུ་ཕེབས་དགོས་པ་མ་ཟད། མག་པའི་ཨ་མའི་འདུག་སྟེགས་སུ་འཁོད་དགོས་པའི་རེ་བ་བཏོན་ཡོད། རྒན་ཐང་ཕུ་ཞུང་གིས་ཁོའི་རེ་བ་ཡོངས་སུ་བསྐངས་པ་ཡིན་མོད། ཁྱོད་ཀྱིས་ཤེས་སམ། སྟོན་ཐོག་ཏུ་རྒན་ཐང་ཕུ་ཞུང་གིས་དེ་སྔོན་ཐའེ་ཏེས་ཕུལ་བའི་ལག་གདུབ་རྫུན་མ་གོན་པ་མ་ཟད། ད་དུང་ཐའེ་ཏེའི་ཨ་མ་འཇིག་རྟེན་འདི་དང་མ་བྲལ་བའི་སྔོན་དུ་ཆེས་མཐའ་མཇུག་གི་འཕགས་པའི་དུས་ཆེན་ལ་བཀོལ་མྱོང་བའི་བསུང་ཞིམ་བྱུགས་ཆུ་དང་ཆ་མཚུངས་པ་ལུས་ལ་བྱུགས་ཡོད། ཁོ་ཚོ་ཕན་ཚུན་འཐམས་པ་དང་། རབ་འབྱམས་པ་སྲི་ཐར་ཐུས་རྒན་ཐང་ཕུ་ཞུང་གི་རྣ་འགྲམ་དུ་དལ་བུས“རྒན་ཐང་ཕུ་ཞུང་ལགས། ཁྱོད་ཀྱིས་ང་ལ་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ། ཁྱོད་ཀྱིས་ང་ལ་རང་ཉིད་གལ་ཆེ་བ་ཤེས་སུ་བཅུག་པ་དང་ངས་རང་ཉིད་ལ་སྒྱུར་བཅོས་བྱ་ཐུབ་པར་ཡིད་ཆེས་སྐྱེས་སུ་བཅུག་པར་ཐུགས་རྗེ་ཆེ་ཞུ།”ཞེས་སྨྲས།  
        རྒན་ཐང་ཕུ་ཞུང་གི་མིག་ལ་མཆི་མ་འཁྲིགས་ཏེ་ཐའེ་ཏེ་ལ་བཤད་རྒྱུར། “ཐའེ་ཏེ། ཁྱོད་འཆུགས་སོང་། ཁྱོད་ཀྱིས་ང་ལ་སློབ་སྟོན་དང་། ངས་རང་ཉིད་ལ་སྒྱུར་བཅོས་བྱ་བའི་ནུས་པ་ཡོད་པར་ཡིད་ཆེས་སྐྱེས་སུ་བཅུག་སོང་། ད་ལྟའི་བར་ཁྱོད་དང་འཕྲད་པ་ལས་ངས་ད་གཟོད་ཇི་ལྟར་སློབ་ཁྲིད་བྱ་དགོས་པ་ཤེས་སོང་། མི་ཚེའི་འདིའི་ལས་དབང་ཁྲོད་ཀྱི་མི་སྣ་གལ་ཆེན་ལ་འཕྲད་དུས། ངེས་པར་དུ་དྲིན་གཟོ་བའི་བསམ་པ་ལྡན་དགོས། ཅིའི་ཕྱིར་ཞེ་ན། ཁོ་ནི་ཁྱོད་ཀྱི་མི་ཚེའི་དཀྱོགས་མཚམས་ཤིག་ཡིན་པ་དང་མཚུངས་སུ། ང་ཚོས་ཀྱང་བྱིས་པའི་ལས་དབང་ཁྲོད་ཀྱི་མི་སྣ་རྩ་ཆེན་ཞིག་ཇི་ལྟར་བྱ་དགོས་པར་བསམ་གཞིགས་གཏང་དགོས།” 
        གང་ལྟར་ཁྱོད་ནི་ཕ་མའམ། དགེ་རྒན་གང་ཡིན་ཡང་ཚང་མ་ནི་བྱིས་པ་འཚར་ལོངས་འབྱུང་བའི་བགྲོད་ལམ་སྟེང་གི་མི་སྣ་རྩ་ཆེན་དེ་བྱས་ཆོག གང་ལྟར་ཁྱོད་ནི་ཁྱིམ་བདག་གམ། ཡང་ན་དགེ་རྒན་གང་ཡིན་ཡང་ལེགས་པའི་སློབ་གསོ་དང་། བརྩེ་སེམས་ཀྱི་བརྒྱུད་སྤྲོད། རྟོགས་སད་ཀྱི་ངེས་ཤེས་བསྐྱེད་རྒྱུ་ནམ་ཡང་ཡིད་ལ་འཇགས་དགོས།  

གསལ་བཤད། སྒྱུར་རྩོམ་འདི་ནི་དྲ་ཐོག་ནས་བཤུས་ཏེ་བསྒྱུར་བ་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།