༄༅༎དབང་ཆའི་རྣམ་བཤད་ཀ་རྩོམ་ངག་གི་སྤུ་གྲི།
རྩོམ་པ་པོ།:འཇུ་སྐལ་བཟང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-04-29 11:16:22
ཀློག་གྲངས།:
ཀ་རྒྱན་ཅན་གྱི་ཁང་བཟང་དབུས་ན་སུ་ཡང་མེད་དེ་དབང་ཆ་བཞུགས་ཡོད༎
ཁ་དོག་ལེགས་པའི་རླངས་འཁོར་ནང་ན་གང་ཡང་མེད་དེ་དབང་ཆ་འགྱིངས་ཡོད༎
ག་སར་མཐོང་བའི་བརྙན་འཕྲིན་ནང་ན་འགའ་ཡང་མེད་དེ་དབང་ཆ་ཤར་ཡོད༎
ང་ཚོའི་དུས་འདིར་མིག་འབྲས་དབུས་ན་ཅི་ཡང་མེད་དེ་དབང་ཆ་ལྷག་ཡོད༎
ཅ་ཅོའི་སྐད་ཆར་སྙིང་བོ་མེད་ཀྱང་དབང་ཆ་ཡོད་ན་བདེན་དོན་གསུང་བཤད༎
ཆ་ཡོད་རྣམས་ལ་ནང་མཚང་གསལ་ཡང་དབང་ཆ་ཡོད་ན་ཚུལ་ལྡན་སྐྱེས་བུ༎
ཇ་ཆང་སྟོན་མོས་ཉིན་བཞིན་འདའ་ཡང་དབང་ཆ་ཡོད་ན་ཚོགས་བསགས་འབྲས་བུ༎
ཉ་མོ་བཞིན་དུ་མགོ་བདེར་འཁྱུག་ཀྱང་དབང་ཆ་ཡོད་ན་སྤྱང་གྲུང་འཛོམས་པོ༎
ཏ་རིན་རང་གིས་འོ་བརྒྱལ་མི་དགོས་དབང་ཆ་ཅན་ལ་ཚོང་གཡོག་རང་འཛོམས༎
ཐ་སྙད་ཡོན་ཏན་སྦྱངས་པ་མེད་ཀྱང་དབང་ཆ་ཅན་ལ་དྲུང་ཡིག་རང་ཆས༎
ད་ལྟ་ཆུང་མ་མེད་ཀྱང་ཆོག་སྟེ་དབང་ཆ་ཅན་ལ་མཛེས་མ་རང་འཁོར༎
ན་ཚ་སྐུ་སྙུན་བྱུང་ཡང་མི་སྐྲག་དབང་ཆ་ཅན་ལ་བླ་སྨན་རང་འགྲོགས༎
པ་ཏྲ་ལྟ་བུའི་ཁྲིམས་རྒྱར་ཚུད་ཀྱང་འཆོར་སའི་ལྟག་སྒོ་དབང་གིས་འབྱེད་ཆོག།
ཕ་རོལ་འབངས་ཀྱིས་ཡིད་ཆེས་མེད་ཀྱང་འཐད་པའི་འདེམ་ཤོག་དབང་གིས་ཉོ་འགྲོ༎
བ་དན་སྐྱོད་འདྲའི་ཡག་ཉེས་བྱུང་ཚེ་མི་འགྱུར་རྒྱབ་རྟེན་དབང་གིས་རྙེད་འོང་༎
མ་རབས་ཉེས་སྤྱོད་ཀུན་ལ་གྲགས་ཚེ་ལས་གནས་གསར་བ་དབང་གིས་བརྗེ་ཆོག།
ཙ་གེ་ཙི་གེ་ལེན་གྱིན་བསྡད་ཀྱང་དབང་གི་ཞལ་ངོ་ཚ་རྒྱུ་མ་རེད༎
ཚ་བེ་ཚུབ་བེ་སྣོག་གིན་བསྡད་ཀྱང་དབང་གི་ལག་པ་འདར་གྱི་མ་རེད༎
ཛ་སེ་ཛོ་སེ་མིད་ཀྱིན་བསྡད་ཀྱང་དབང་གི་གྲོད་པ་ཐེད་རྒྱུ་མ་རེད༎
ཝ་ལེ་ལཝོ་ལེ་གླེང་གིན་བསྡད་ཀྱང་དབང་གི་གོ་ས་དམའ་རྒྱུ་མ་རེད༎
ཞྭ་གོས་མདོག་ངན་ཙམ་ཞིག་གྱོན་ན་དབང་ཆ་ཅན་ཁྱོད་ཆོག་ཤེས་ལྡན་ཟེར༎
ཟ་མ་གང་ཡག་བདམས་ནས་ཟོས་ན་དབང་ཆ་ཅན་ཁྱོད་ཞལ་བསོད་ཆེ་ཟེར༎
འ་འུར་རྣམ་གཡེང་དབང་དུ་ཤོར་ཡང་དབང་ཆ་ཅན་ཁྱོད་འཚོ་བར་མཁས་ཟེར༎
ཡ་མཚན་བཟང་ངན་ཇི་ལྟར་སྤྱོད་ཀྱང་དབང་ཆ་ཅན་ཁྱོད་མི་བཟང་མི་ཟེར༎
ར་བཟང་ལུག་བཟང་ཅི་ཡང་ཟེར་ཡང་དབང་ཆ་འདི་ལས་བཟང་བ་མི་འདུག།
ལ་ལུང་ས་ཆ་མང་པོ་འགྲིམས་ཀྱང་དབང་ཆ་འདི་ལས་གོ་ཆོད་མི་འདུག།
ཤ་ཉེ་སྤུན་ཟླའི་བརྩེ་འདང་ཟེར་ཡང་དབང་ཆ་འདི་ལས་འདང་ཆེན་མི་འདུག།
ས་ཕྱོགས་འདི་གའི་ལས་བྱེད་ཚོ་ལ་དབང་ཆ་འདི་ལས་བསམ་རྒྱུ་མི་འདུག།
ཧ་ཧ་ཡག་པོ་ཟེར་ནས་མ་འཇོག་དབང་འདི་རང་རོགས་མང་པོར་འབྲེལ་ཡོད༎
ཨ་ཙི་བཀའ་ལོག་ཟེར་ནས་མ་སྡིགས་དབང་གིས་རུལ་སུངས་བགྲང་གིས་མི་ལངས༎
ཨ་ནས་བཟུང་སྟེ་ཕྱིར་ལྡོག་ལམ་ནས་དབང་གི་རྣམ་བཤད་ད་དུང་འབྲི་ཡི༎
ཧ་ཅང་ཐལ་བའི་ཆ་ཤས་ཡོད་ཀྱང་དབང་འདི་ཧ་ལམ་འདི་འདྲ་ཡིན་སྙམ༎
ས་ལྟར་བརླིང་བའི་མི་གཞི་མི་དགོས་དབང་གི་སྣོད་ལྡན་དེ་འདྲ་མ་ཡིན༎
ཤ་རུས་གཏིང་ནས་ལྷག་བསམ་མ་ཆེ་དབང་གི་སེམས་པ་དེ་ཡིས་མི་འགུག།
ལ་རྒྱ་གཙང་མའི་སྙིང་རུས་མ་སྐྱེད་དབང་གི་ཁ་ཕོ་དེ་ཚོར་མི་ཟེར༎
ར་ལྟར་མཁྲེགས་པའི་རང་རྐང་མ་འཛིན་དབང་གི་གློ་བ་དེ་ལ་མི་གཏོད༎
ཡ་གིའི་སྐུ་ངོར་ཉེ་བར་བཅར་བ་ཐོག་མར་དགེ་བ་དབང་གི་སྔོན་འགྲོ༎
འ་འུར་གཏམ་གྱིས་ངོ་སོ་བསྟོད་པ་བར་དུ་དགེ་བ་དབང་གི་ཡན་ལག།
ཟ་མ་ཆང་གིས་ཚོགས་འཁོར་སྐོར་བ་ཐ་མ་དགེ་བ་དབང་གི་ཆོ་ག།
ཞ་ལོང་སྙོར་བཞིན་ཞབས་ཕྱི་སྒྲུབ་པ་གཏན་དུ་དགེ་བ་དབང་གི་མན་ངག།
ཝ་མོ་བཞིན་དུ་འཇབས་ནས་རྒྱུགས་དང་སྐབས་འགར་དབང་ཆ་བརྒྱུགས་ནས་ཟིན་ཟེར༎
ཛ་ལང་སྤྱོད་པ་ངེས་མེད་སྟོན་དང་རེས་འགར་དབང་ཆ་སྨྱོས་ནས་ཐོབ་ཟེར༎
ཚ་ལ་བཞིན་དུ་གང་སར་སྦྱོར་དང་ཕལ་ཆེར་དབང་ཆ་འབྲེལ་བས་ལོན་ཟེར༎
ཙ་གེ་ཙི་གེས་འགྲོ་སྒོ་གྱིས་དང་ལན་རེ་དབང་ཆ་ཉོས་ནས་ཁུགས་ཟེར༎
མ་མོས་པའང་ནན་གྱིས་སྒྲུབས་དང་དབང་ཆའི་གསུང་སྐད་རྣ་བས་ཐོས་འོང་༎
བ་སྣ་ཁྲིད་བཞིན་རྗེས་སུ་འབྲངས་ན་དབང་ཆའི་གསེརཞལ་མིག་གིས་མཐོང་འོང་༎
ཕ་མ་འཚོང་ལ་འདང་རྒྱག་མེད་ན་དབང་ཆའི་བུ་མོ་གམ་དུ་བཅར་འོང་༎
པ་ཏྲ་བཞིན་དུ་ཀྱ་ཀྱུ་མང་ན་དབང་ཆའི་ལག་པ་རུམ་དུ་བསྲིང་འོང་༎
ན་ནིང་ལས་ལ་ངན་ཁག་དཀྲི་བ་དབང་ཆ་སྤྱོད་པའི་ཐབས་ལམ་གཅིག་ཡིན༎
ད་ལྟའི་འབྲས་བུ་གཟེངས་སུ་བསྟོད་པ་དབང་ཆ་སྤྱོད་པའི་ཐབས་ལམ་གཉིས་ཡིན༎
ཏ་རིན་སྙན་ལ་ཅི་མཁོ་དེ་ཞུ་དབང་ཆ་སྤྱོད་པའི་ཐབས་ལམ་གསུམ་ཡིན༎
ཉ་མོ་ལྕགས་ཀྱུས་བཟུང་བ་ཇི་བཞིན་དབང་གིས་འཕུང་བའི་ཉིན་ཞིག་ཡོད་ཀྱང་༎
ཇ་ཡུན་ཙམ་གྱི་མི་ཚེ་འདི་ལ་དབང་གི་རྒྱུ་འབྲས་སྨིན་པ་དཀོན་ཅིང་༎
ཆ་མེད་རྒྱུས་མེད་ཕྱི་མའི་དུས་སུ་དབང་གི་རྣམ་སྨིན་ཤེས་ཐབས་དཀའ་བས༎
ཅ་རིལ་བཞིན་དུ་འཁུམས་ནས་མི་སྡོད་དབང་འདི་རྩོད་ལ་ཁག་ཀྱང་མི་འདུག།
ང་ཚོས་ཤེས་པའི་བློ་མཐུན་ཁྲོད་ན་དབང་གི་ཐིག་ཤིང་དྲང་པོར་སྲོང་ཞིང་༎
ག་ནས་བརྟགས་ཀྱང་གཞན་ཕན་སྤྱོད་པའི་དབང་ཆ་འཛིན་པ་འགའ་ཡང་ཡོད་མོད༎
ཁ་སང་དེ་རིང་ཕལ་མོ་ཆེ་ཞིག་དབང་ཆའི་འཁོར་ལོ་ལོག་པར་སྐོར་བས༎
ཀ་ནས་དག་པའི་ལྷག་བསམ་ཞིག་གིས་དབང་ཆའི་རྣམ་བཤད་འདི་ཙམ་ཐལ་ལོ༎
ཅེས་པའང་དུས་སྐབས་གསར་བའི་རུལ་རྒོད་འཐབ་རྩོད་ལ་ཡི་རང་དང་བཅས་པའི་བསམ་པ་མཚོན་བྱེད་དུ་རྩོམ་རིག་སྒྲོ་འདོགས་ཀྱི་རིག་ལམ་དང་བསྟུན་ཏེ་སྦྱར་པ་པོ་ནི་རྩོམ་པ་པོར་འབོད་པའི་འཇུ་སྐལ་བཟང་ངོ་༎

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།