བོད་ལ་བལྟས་པ།
བོད་ལ་བལྟས་པ།
འདུ་ཁང་གི་རྒྱབ་ལོགས་སུ
ཁྱེད་རང་བཀའ་བསྟན་གྱི་གླེགས་བམ་དུ་མ་ཚུད་པའི་གསུང་རབ་ཅིག་ཏུ་མངོན་ཞིང
སངས་རྒྱས་སུ་ཞིག་གིས་ཆོས་འཁོར་གང་གི་སྐབས་སུ་གསུངས་པ་ཡིན་ནམ
བྱ་ཁྲ་ཞིག་འཕུར་ནས་འགྲོ་བ་ཡང་ཁྱེད་ཀྱི་ཡིག་འབྲུ་ཞིག་ཏུ་མཐོང་ཞིང
བོང་བུ་ཞིག་འདུར་ནས་འགྲོ་བ་འང་ཁྱེད་ཀྱི་ཡིག་འབྲུ་ཞིག་ཏུ་མཐོང
སྐྱེ་བོ་ག་འདྲ་ཞིག་གིས་མཛུབ་མོ་ཐོ་བ་བྱས་ཏེ་བརྡུངས་པའི་ལྕགས་སྨྱུག་དེས
ཟུངས་ཁྲག་ཅི་ཙམ་བརྔུབས་ཤིང
ལྡེབས་ངོས་ཅི་ཙམ་གྱི་ངོས་སུ་གནའ་ཡིག་མང་པོ་སྦྱར་བའི་གསེབ་ཏུ
ཁྱེད་རང་ཤིན་ཏུ་ལྟ་རུ་བ་ཞིག་མ་ལགས་ཀྱང
ཁྱེད་ཀྱི་ཀློག་སྟངས་དེ་ཨ་མཆོད་ཅིག་གིས་འདོན་པ་གསུང་སྟངས་དང་འདྲ་བོ་ཡོད་པས
རྩིས་འཁོར་འདིའི་ཕར་ངོས་ནས་ངས་ཀྱང་ཁྱེད་རང་ཀློག་དགོས་བྱུང
མདོར་ན་ད་ལྟའི་སྐབས་སུ
ཁྱེད་རང་མེ་ཡི་ཚིག་མཛོད་ཅིག་ཡིན་པས
ཀློག་པ་པོ་མང་པོ་ཞིག་བསྲེགས་མྱོང་ཞིང
ང་ནི་ཁྱེད་ཀྱིས་བསྲེགས་པའི་མཐར་སླར་ཡང་འབྲས་བུ་ཞིག་ཏུ་སྨིན་མྱོངཡོད
མཚམས་ལན་རེར
ཀློག་པ་པོ་ངའི་སྣང་ངོར
རེབ་གོང་གི་བུ་མོ་དག་གིས་གྱེར་བའི་མ་ཎིའི་དབྱངས་རྟ་དེ
ཁྱེད་རང་ཡིན་པར་དོགས་ཤིང
སྐལ་ལྡན་རྒྱ་མཚོ་ཞེས་པའི་རས་པ་གོས་ཧྲུལ་ཅན་དེས་ཁྱེར་འོང་བ་ཡིན་ནམ་སྙམ་མོད
དེ་ནི་གཏན་ནས་མིན་ཏེ
ཁྱེད་ནི་རི་བོ་གྲུ་འཛིན་དང་འབྲེལ་བ་ཡོད་པའི་གདོད་མའི་ནགས་ཚུལ་ཞིག་རེད
ཨམ་ཕྲག་ལྷུག་ལྷུག་བྱས་ཤིང
སྐྲ་ལོ་གཟེངས་གཟེངས་བྱས་པའི་བུས་པ་ཞོ་གཉེར་ཅན་ཞིག་རེད
དེའི་ཕྱིར་དེ་རིང་ངས་གཞི་ནས་ཧ་གོ་དགོས་པ་ནི|
ཁྱེད་རང་དབྱུ་གུ་ཕྲ་མོ་ལ་ཞོན་ཅིང
རྡོ་བའི་སྒོ་ཟོག་འཚོ་བའི་བྱིས་པ་དྭངས་མོ་ཞིག་ཡིན་པས
ཁྱེད་ལ་བསེར་བུ་འཇམ་པོ་ཞིག་ལས་གང་ཡང་ལྡིང་མི་འོས
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com