བརྩེ་དུང་མེད་པའི་སྙན་ངག་ཅིག་ཇི་ལྟར་བྲི།
ས་གཞི་སེར་མདོག་གིས་བཀླུབ་འགྲོ་བའི་དེ་རིང་
བྱིའུ་རང་མལ་དུ་ལོག་འགྲོ་བའི་དེ་རིང་
མེ་ཏོག་དང་གཡུ་སྦྲང་གི་སྨྲེང་གླུ་སྒོམ་ཞོར
ངང་བ་དང་མཚོ་མོ་ཡི་སྐྱོ་ངལ་དྲན་དུས
བརྩེ་དུང་མེད་པའི་སྙན་ངག་ཅིག
ངས་ཇི་ལྟར་བྲི
ལོ་རྒྱུས་སེར་ཁ་ཡིས་ཟ་འགྲོ་བའི་དེ་རིང་
མི་རིགས་མཁའ་དབུགས་བཞིན་འཐོར་འགྲོ་བའི་དེ་རིང་
མེས་པོ་ཚོའི་ཁ་སང་གི་ཟུངས་ཁྲག་སྒོམ་ཞོར
དུས་རབས་འདིའི་དེ་རིང་གི་མནར་བཅོས་དྲན་དུས
བརྩེ་དུང་མེད་པའི་སྙན་ངག་ཅིག
ངས་ཇི་ལྟར་བྲི
ཉི་མ་བཙན་དབང་གིས་བཞུད་འགྲོ་བའི་དེ་རིང་
ལྷ་ས་ས་སྲོད་ཀྱིས་རྒས་འགྲོ་བའི་དེ་རིང་
ཤོག་སྨྱུག་དང་ལྰ་སྒྲོན་གྱི་ཁུ་སིམ་སྒོམ་ཞོར
སྙན་ངག་དང་མཚན་མོ་ཡི་གསང་བ་དྲན་དུས
བརྩེ་དུང་མེད་པའི་སྙན་ངག་ཅིག
ངས་ཇི་ལྟར་བྲི
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com