ལྷ་ས།

རྩོམ་པ་པོ།:འཕགས་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-04 11:02:00 ཀློག་གྲངས།:

 

                    དཀར་དཀར་ཁ་བའི་ཞྭ་དཀར་གྱོན་པ་ཡི།།
                    ཆེ་ཆེ་རི་བོས་ཕྱོགས་བཞི་ཀུན་ནས་བསྐོར།།
                    སེར་སེར་ཉི་འོད་རི་མགོར་ཕོག་པའི་དུས།།
                    ཆེམ་ཆེམ་འོད་ཟེར་འཕྲོ་བའི་ལྷ་ས་མཛེས།།


                    མཐོ་མཐོ་འཛམ་གླིང་ཡང་རྩེའི་གྲོང་ཁྱེར་གྱི།།
                    བརྗིདབརྗིད་ཉམས་དགའི་རི་བོ་གྲུ་འཛིན་འདིར།
                    སེར་སེར་རྒྱ་ཕིབས་བཀླུབས་པའི་འོད་མདངས་ཆེ།།
                    ཡང་ཡང་འཕྲོ་བའི་འོད་ཟེར་ལྷག་པར་མཛེས།།


                    མཚར་མཚར་ནོར་གླིང་སྐལ་བཟང་ཕོ་བྲང་ནང་།།
                    དམར་དམར་དཔྱིད་ཀའི་མེ་ཏོག་བཞད་པའི་ཁྲོད།།
                    ལེགས་ལེགས་གཟབ་མཆོར་སྤྲས་པའི་མང་ཚོགས་རྣམས།།
                    སྙན་སྙན་དགའ་མགུའི་གླུ་ལེན་མཉམ་འཛོམས་བྱེད།།


                    མཛེས་མཛེས་རྫོང་རྒྱབ་ཀླུ་ཁང་ཕོ་བྲང་འདི།།
                    ལམ་ལམ་ཆུ་རྫིང་ནང་དུ་གསལ་འདི་མཚར།།
                    མང་མང་ལྟད་མོ་ལྟར་བྲེལ་ཕྱི་གླིང་པས།།
                    མཛེས་མཛེས་པར་ཏུ་ལེན་པ་ཧ་ཅང་བཟང་།།


                    བཟང་བཟང་སྲོང་བཙན་སྒམ་པོའི་བཙུན་མོའི་མཆོག།
                    མཆོག་མཆོག་རྒྱ་རྗེའི་སྲས་མོའི་རྟེན་གྱི་སྐལ།།
                    ཆེ་ཆེ་གཙིགས་ཆེའི་ཇོ་བོའི་སྐུ་བཞུགས་པའི།།
                    བརྗིད་བརྗིད་གཙུག་ལག་ཁང་དེ་རབ་ཏུ་བརྗིད།།


                    འཁྱོག་འཁྱོག་གཡུ་འབྲུག་རྒྱུག་འདྲའི་སྐྱིད་ཆུ་ཡི།།
                    བརྗིད་བརྗིད་ཟམ་ཆེན་སྟེང་གི་གློག་བཞུ་རྣམས།།
                    འཇམ་འཇམ་ལྷ་སའི་མཚན་མོའི་མུན་གསལ་བ།།
                    ཆེམ་ཆེམ་འོད་མདངས་བཀྲ་བས་ཉིན་ལྟར་མངོན།། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།