མག་མོག་གི་ཟླ་འོད།

རྩོམ་པ་པོ།:དུར་སྲི། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-18 09:56:00 ཀློག་གྲངས།:

    མག་མོག་གི་ཟླ་འོད།
    དུར་སྲི།    ལན་གྲུ།


ལྷིང་འཇགས་ཀྱི་མཚན་ལྗོངས་རེ་རེ
བདག་གི་རྨི་ལམ་གྱི་བར་གསེང་ནས་ལྷུང་བའི་མེ་ཏོག་རྐང་གཅིག
སྟོང་ཡངས་བའི་ས་ཆེན་ནས་གྱེས་ཏེ
འཇིག་རྟེན་གྱི་ཕ་རོལ་ལ་འཕུར
ནམ་མཁའ་ནི་བདག་སེམས་བཞིན་ཧ་ཅང་སྨག་ནག་གེར་འདུག
ཟླ་འོད་ཀྱང་བདག་སྙིང་དགའ་བའི་བུ་མོ་བཞིན་སྤྲིན་པའི་གསེབ་ན་མག་མོག་ཏུ་སྣང
ཁྱིམ་མི་དག་གི་རྔུར་བའི་ཁྲོད་ནས
བདག་གི་ད་གཟོད      མག་མོག་ཟླ་འོད་འདིས
མཚན་ལྗོངས་འདི་བསྲེགས་མི་ཐུབ་པ་གསལ་བོར་ཤེས
ཁེར་རྐྱང་གི་མཚན་མོ་ནི
རྒྱང་རིང་གི་མཛའ་མོ་དྲན་པ་ནང་བཞིན
ནག་སྲིག་གེར      སྐྱ་ཐེར་རེར
ལྡོང་རྒན་འགྲམ་དུ་སྙན་ངག་འབྲི་མཁན་དེའང
ང་ནང་བཞིག་གཅིག་པུ་གཙང་བོ་ལ་ཧད་འདུག
  
                             སྤྱི་ཟླ3པའི་ཚེས3ཉིན་ལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།