ནག་དཔྲ་དཀོན་མཆོག་སྦྱིན་པའི་སྙན་རྩོམ་འགའ་འོས་སྦྱོར།
རྩོམ་པ་པོ།:ནག་དཔྲ་དཀོན་མཆོག་སྦྱིན་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-04-09 09:28:00
ཀློག་གྲངས།:
ཝ་མོ།
ཡང་གཡོ་ཁྲམ་བྱས་སོང་།
མེ་མདའ་ཁ་མིག་ཧྲིག་ཧྲིག
ཤ་ཁྱི་ངར་སྒྲ་ལོང་ལོང་།
རྗེས་འདེད།
མདའ་འཕོང།
ལན་དུ།
ཁ་སང་ངས་གཟི་འོད་ལ་ངེས་པའི་བདེན་དོན་དེ།
དེ་རིང་ཁྱོད་ཀྱིས་ཁ་མེད་སྣ་མེད་དུ་གཏོང་དུས།
ནངས་མོ་ཁོའི་བརྩེ་འཛུམ་དེ་སུས་སྒྲིག་པ་ཅི་ཤེས།
ད་རུང་། རྡོག་པས་བསྣན་ཆོག
སྡང་མིག་བགྲད་ཆོག
ང་ལ་ཅི་ཡང་མེད།
ལྕགས་སྨྱུག་དང་ཤོག་བུ་མ་གཏོགས།
སེམས་ངལ།
སྟོན་ལྗོངས་ཀྱི་ལོ་འདབ་སྐྱོ་ངམ་ངང་ལྷུང་ཐེངས་རེར།
ངའི་ཕ་ས་ཨུ་ཚུགས་ཀྱི་ཀློང་ནས་ན་ཟུག་གི་ངུ་འབོད་རེ།
གནའ་བོའི་གཏམ་རྒྱུད་གཅིག་གི་གཟི་བྱིན་སྒྲུག་ཀྱང་།
གཟི་བརྗིད་ལྷག་མ་ཞིག་ད་དུང་མ་རྙེད།
བགྲེས་དྲགས་པའི་ཕ་ས་འདི་མཐོང་ཚེ།
ངུ་ཡང་ཤོར་ལ་དགོད་ཀྱང་ཤོར།
ངུ་བ་བློས་བསླངས་ཞིག་གི་ལྷག་མ་ཡིན་ན།
དགོད་པ་སེམས་པ་རལ་བའི་བརྡ་རྟགས་དེ་ཨེ་ཡིན།
རྔོན་པ། རི་དྭགས།
དགོང་མོ་རེར།
གློག་འོད་ཀྱི་འོག་དང་ཨར་འདམ་གྱི་སྟེང་ནས།
རྔོན་པ་ཞིག་གི་རྟུལ་ཞུགས་འཛིན་པའི་ཁྱོད།
གཏིང་རུམ་གྱི་སྐྱོ་སྨྲེང་སྦས་ནས།
བཀག་ཚོན་གྱིས་རྒསགཉེར་གཡོགས་རྗེས།
དགའ་སྤྲོའི་ཧབ་ཆའང་རྒྱག་ངེས།
དོན་དམ་དུ།
ཁ་སང་གི་དཀའ་ལས་ཁག་པོ་དེ།
དེ་རིང་ཉམས་ཉེས་ཞིག་གི་མགོ་བརྩམས་པ་ཨེ་འཚོལ།
ཡང་གཡོ་ཁྲམ་བྱས་སོང་།
མེ་མདའ་ཁ་མིག་ཧྲིག་ཧྲིག
ཤ་ཁྱི་ངར་སྒྲ་ལོང་ལོང་།
རྗེས་འདེད།
མདའ་འཕོང།
ལན་དུ།
ཁ་སང་ངས་གཟི་འོད་ལ་ངེས་པའི་བདེན་དོན་དེ།
དེ་རིང་ཁྱོད་ཀྱིས་ཁ་མེད་སྣ་མེད་དུ་གཏོང་དུས།
ནངས་མོ་ཁོའི་བརྩེ་འཛུམ་དེ་སུས་སྒྲིག་པ་ཅི་ཤེས།
ད་རུང་། རྡོག་པས་བསྣན་ཆོག
སྡང་མིག་བགྲད་ཆོག
ང་ལ་ཅི་ཡང་མེད།
ལྕགས་སྨྱུག་དང་ཤོག་བུ་མ་གཏོགས།
སེམས་ངལ།
སྟོན་ལྗོངས་ཀྱི་ལོ་འདབ་སྐྱོ་ངམ་ངང་ལྷུང་ཐེངས་རེར།
ངའི་ཕ་ས་ཨུ་ཚུགས་ཀྱི་ཀློང་ནས་ན་ཟུག་གི་ངུ་འབོད་རེ།
གནའ་བོའི་གཏམ་རྒྱུད་གཅིག་གི་གཟི་བྱིན་སྒྲུག་ཀྱང་།
གཟི་བརྗིད་ལྷག་མ་ཞིག་ད་དུང་མ་རྙེད།
བགྲེས་དྲགས་པའི་ཕ་ས་འདི་མཐོང་ཚེ།
ངུ་ཡང་ཤོར་ལ་དགོད་ཀྱང་ཤོར།
ངུ་བ་བློས་བསླངས་ཞིག་གི་ལྷག་མ་ཡིན་ན།
དགོད་པ་སེམས་པ་རལ་བའི་བརྡ་རྟགས་དེ་ཨེ་ཡིན།
རྔོན་པ། རི་དྭགས།
དགོང་མོ་རེར།
གློག་འོད་ཀྱི་འོག་དང་ཨར་འདམ་གྱི་སྟེང་ནས།
རྔོན་པ་ཞིག་གི་རྟུལ་ཞུགས་འཛིན་པའི་ཁྱོད།
གཏིང་རུམ་གྱི་སྐྱོ་སྨྲེང་སྦས་ནས།
བཀག་ཚོན་གྱིས་རྒསགཉེར་གཡོགས་རྗེས།
དགའ་སྤྲོའི་ཧབ་ཆའང་རྒྱག་ངེས།
དོན་དམ་དུ།
ཁ་སང་གི་དཀའ་ལས་ཁག་པོ་དེ།
དེ་རིང་ཉམས་ཉེས་ཞིག་གི་མགོ་བརྩམས་པ་ཨེ་འཚོལ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།