རྟོགས་བརྗོད་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-05-13 09:08:00
ཀློག་གྲངས།:
ཁྱད་པར་དབུ་ཚད་སེང་གེའི་མཇིང་བསྣོལ་གྱི།།
རྟོག་གེའི་གསང་ཚིག་རིགས་པའི་ལྡེ་མིག་གིས།།
འཇམ་དཔལ་རྣམ་འཕྲུལ་ཆོས་ཀྱི་རྒྱལ་མཚན་གྱི།།
ཐུན་མིན་དགོངས་དོན་མ་ལུས་ས་ལེར་གཟིགས།།
ཕྱོགས་རེར་སྦྱངས་པས་བློ་མིག་ལྡོངས་པ་དག།
མ་རིག་འཁྲུལ་བའི་སྨྱོ་ཆུ་འཐུང་དྲགས་པས།།
གངས་རིའི་ལྗོངས་ཀྱི་རིགས་པའི་ཤིང་རྟ་ཆེར།།
རྒོལ་བའི་ཀླན་ཀ་འཚོལ་བའི་ངལ་བ་བསྟེན།།
དེའི་ཚེ་ཡབ་རྗེ་འཇམ་དབྱངས་བླ་མ་ཡིས།།
ལུང་རིགས་མི་ཟད་ང་རོའི་སྒྲ་དབྱངས་ཀྱིས།།
རྨོངས་པའི་ལོག་རྟོག་གཞོམ་དང་ལྷན་ཅིག་ཏུ།།
རྗེ་བཙུན་རིང་ལུགས་སྲིད་པའི་རྩེ་ལ་བསྒྲེངས།།
རྒྱུད་སྡེ་འོག་མའི་མཚན་བཅས་མཚན་མེད་ཀྱི།།
སོ་སོའི་རྣམ་བཞག་ཟབ་གནད་པད་མའི་སྦུབས།།
རྒྱ་བོད་མཁས་པའི་ལེགས་བཤད་འོད་སྣང་གིས།།
ལྷུག་པར་བཀྲལ་པའི་མཛད་པ་བརྗོད་ལས་འདས།།
རབ་འབྱམས་རྒྱལ་བའི་ཐུགས་ཀྱི་གསང་བའི་མཛོད།།
དཔལ་ལྡན་གསང་བ་འདུས་པའི་རྒྱུད་རྒྱལ་གནད།།
མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་ལེགས་བཀྲོལ་ཏེ།།
རིམ་གཉིས་ཟབ་དོན་ཇི་བཞིན་གསལ་བར་གཟིགས།།
དགའ་བཞིའི་བདེ་ཆེན་ཡེ་ཤེས་གསང་བའི་གཏེར།།
དཔལ་ལྡན་འཁོར་ལོ་བདེ་མཆོག་ཀྱེེ་རྡོར་སོགས།།
འོད་གསལ་ཕྱོགས་སྟོན་མ་རྒྱུད་ཟབ་གསང་གནད།།
འབད་མེད་ཁྱོད་ཐུགས་དཔལ་བེའུ་རྒྱན་དུ་ལྷམ།།
ཁྱད་ཆོས་ལྔ་ལྡན་གཉིས་མེད་རོལ་བའི་དཔལ།།
འཇིགས་མཛད་ཁྲོ་བོའི་གསང་བ་རྒྱུད་ཀྱི་དོན།།
བློ་བཟང་རྡོ་རྗེ་འཆང་གི་དགོངས་པ་བཞིན།།
ལག་མཐིལ་རི་མོའི་རྣམ་པ་ལྟར་དུ་གཟིགས།།
མདོ་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི།།
ཨེ་ལྦཾ་ཟུང་འཇུག་དཔལ་ལྡན་དུས་འཁོར་ལོའི།།
དགའ་ཆེན་གསང་བ་རིམ་གཉིས་ཟབ་མོའི་དོན།།
རབ་གསལ་མེ་ལོང་ཁྱེད་ཐུགས་རྒྱན་དུ་འབར།།
ཁྱད་པར་འཛམ་གླིང་མཁས་གྲུབ་ཕལ་མོ་ཆེས།།
ངལ་བརྒྱས་འབད་ཀྱང་བློ་ཡུལ་ཆུད་དཀའ་བ།།
བདེ་སྟོང་ཟུང་འཇུག་ཟབ་གསང་ཆུ་བོའི་ཀླུང་།།
མགོན་ཁྱོད་བློ་གྲོས་ཡངས་པར་དོག་མེད་བསྐྱིལ།།
རྒྱུད་དང་རྒྱུད་འགྲེལ་སྤྱི་མཐའ་ཚིག་དོན་རྣམས།།
འཕགས་བོད་མཁས་པའི་བཞེད་སྲོལ་ཟ་འོག་རིས།།
ལྡེམ་དགོངས་སོ་སོར་འབྱེད་པའི་སྤྱན་ཡངས་པས།།
གྲུབ་དབང་རིག་འཛིན་བྱེ་བའི་རྒྱན་དུ་བཞེངས།།
བཀའ་བསྟན་རྒྱ་མཚོའི་ཀློང་ལ་གནས་བཅས་ཤིང་།།
དྲི་མེད་རིགས་ལམ་རླབས་ཕྲེང་མཁའ་ལ་འཕྱུར།།
བསིལ་ལྡན་སྨྲ་མཁས་གསེར་གྱི་ལྷུན་པོ་སྟོང་།།
ཟིལ་གནོན་མཁས་པའི་གོ་འཕང་རིང་ནས་བརྙེས།།
འཛམ་གླིང་མཁས་གྲུབ་མཁྱེན་རབ་འོད་སྣང་གིས།།
ལེགས་པར་ཕྱེ་བའི་མདོ་རྒྱུད་དགོངས་འགྲེལ་ལ།།
ཕྱོགས་མེད་སྦྱངས་པས་དུས་མཐར་མགོན་པོ་ཁྱོད།།
རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན།།
རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ལྷག་པའི་ལྷ།།
ངུར་སྨྲིག་རྣམ་རོལ་གྲུ་འཛིན་དབང་ཕྱུག་དང་།།
ཀུན་མཁྱེན་བློ་བཟང་རྒྱལ་བའི་ཞལ་སྐྱིན་མཆོག།
ཡོངས་འཛིན་ཁྲི་བྱང་ཡེ་ཤེས་བསྟན་འཛིན་ལས།།
སྔོན་བྱོན་མཁས་གྲུབ་མེས་པོའི་རལ་ཀློང་ལས།།
འོངས་པའི་དབང་ལུང་ཁྲིད་རྒྱུན་གངྒཱའི་ཀླུང་།།
ལུང་རིགས་མན་ངག་གསུམ་གྱི་ཡུར་ལམ་ནས།།
མ་ལུས་ཐུགས་གསང་ཆུ་གཏེར་ཀློང་དུ་དྲངས།།
དེ་ཕྱིར་འཕགས་བོད་ཟབ་བརླིང་ཆོས་ཚུལ་གྱི།།
དྲི་མེད་གདམས་ངག་འཆི་མེད་བདུད་རྩིའི་རྒྱུན།།
མགོན་ཁྱོད་ཁོ་ནའི་ཐུགས་མཚོ་མཛེས་པའི་གཏེར།།
འཁྱིལ་བའི་ངོ་མཚར་ནམ་མཁའི་ལྷ་རྣམས་གླེང་།།
མགོན་ཁྱོད་དགུང་གྲངས་ཉེར་དགུ་ན་རྒྱས་ཚེ།།
ཀྱེ་ཧུད་སྒྲ་གཅན་ཁྲོས་པའི་འཇིགས་རྔམ་གྱིས།།
གངས་ཅན་རྒྱལ་བསྟན་ཉ་གང་ཟླ་བའི་དཔལ།།
ཁྱུར་མིད་བྱས་པའི་ངང་ཚུལ་སྙིང་ལ་གཟན།།
དེའི་ཚེ་འཇིགས་མཛད་རྡོ་རྗེའི་སྤྲུལ་བའི་གར།།
དུས་གསུམ་རྗེན་པར་གཟིགས་པའི་ཆོས་ཀྱི་རྗེ།།
ལྷ་བཙུན་དགེ་ལེགས་ཐུབ་བསྟན་རབ་རྒྱས་ལ།།
འཕགས་པའི་ཡུལ་དུ་འབྱོན་པའི་རེ་སྨོན་ཞུས།།
སྒྲིབ་མེད་མཁྱེན་པའི་སྤྲིན་གྱི་ཀློང་ཡངས་ལས།།
ཁྱོད་ཞབས་འཕགས་པའི་ཡུལ་དུ་བསྒྱུར་པ་ན།།
སླད་མར་ཐེག་པ་ཆེན་པོའི་གླིང་མཆོག་འདིར།།
སུ་ཡིས་སྐྱོང་ཞེས་ལུང་བསྟན་མེ་ཏོག་གཏོར།།
གནམ་ས་བླ་འོག་བསྒྱུར་ལྟའི་རིག་གསར་དུས།།
འཕགས་བོད་མཁས་པའི་ལེགས་བཤད་པུསྟི་ཀ།
འབུམ་ཕྲག་གསང་བའི་ལམ་ནས་སྦས་སྐུང་སྟེ།།
དམར་ནག་སྲུང་མ་གཉིས་ལ་གཉེར་དུ་གཏད།།
ཨེ་མ་འཇིགས་རུང་གདུག་སྲིན་མགྲིན་པ་ལས།།
དམ་ཆོས་དཀོན་མཆོག་རིན་ཆེན་ནོར་བུའི་དཔྱ།།
རང་ཉིད་སྲོག་ལས་གཅེས་པར་བསྐྱབས་པ་ཡི།།
ཚུལ་འདིས་མགོན་ཁྱོད་དམ་པར་སུས་མི་རྟོགས།།
དུས་ཀྱི་གདུག་སྲིན་ཁྲོས་པའི་རླབས་ཕྲེང་གིས།།
ཆེན་པོ་རྣམས་ཀྱི་རང་གཤིས་བསྒྱུར་པའི་ཚེ།།
མགོན་ཁྱོད་བཅུ་ཟུང་ལོ་ཡི་འཁོར་ལོའི་རིང་།།
ཕྱིན་དྲུག་སྤྱོད་པའི་མཛད་པ་བརྟན་པོར་བཙུགས།།
སེར་བྱེས་ཚ་བའི་བཤད་སྒྲུབ་ལྡིང་ཁང་ཆེར།།
བཞི་གསུམ་ལོ་ཟླར་ཉིན་མཚན་ཟུང་སྦྲེལ་གྱིས།།
ཆེ་བ་བཞི་ལྡན་དཔྱད་འཇོག་སྒོམ་སྒྲུབ་ཀྱིས།།
མདོ་རྒྱུད་གཞུང་དོན་མ་ལུས་གདམས་པར་ཤར།།
ཁྱད་པར་རྒྱལ་བསྟན་ཡོངས་ཀྱི་སྙིང་བོ་མཆོག།
བསྟན་པ་ཐམས་ཅད་གྲུ་བཞིའི་ཉམས་ལེན་དུ།།
འཁྱེར་བའི་དགེ་ལྡན་སྙན་བརྒྱུད་མན་ངག་ལམ།།
གཅིག་ཏུ་སྒྲུབ་ལ་དགྱེས་པའི་མཛད་པ་བསྐྱངས།།
གྲངས་མེད་རང་བྱུང་བྲག་ཕུག་མ་འགྲིམས་ཀྱང་།།
ཟབ་གསང་རིམ་གཉིས་རྣལ་འབྱོར་ཉམས་ལེན་གྱིས།།
བདེ་སྟོང་ཟུང་འཇུག་སྲིད་ལ་དབང་བསྒྱུར་པས།།
བཞད་པའི་རྡོ་རྗེ་མཁའ་སྤྱོད་གནས་སུ་གཤེགས།།
རབ་དཀར་གངས་རིས་བསྐོར་ཡང་མུན་པས་ཁྱབ།།
འགྲོ་རྣམས་ལེགས་ཉེས་འབྱེད་པའི་ཤེས་རབ་མེད།།
ཆེར་རློམ་ཕལ་ཆེར་བདུད་ཀྱིས་དབང་བསྒྱུར་པས།།
རྒྱལ་བསྟན་ཉི་མའི་དཀྱིལ་འཁོར་བསྒྲིབས་པ་ན།།
མགོན་ཁྱོད་རྨད་བྱུང་ཐུགས་བསྐྱེད་སྐྱ་རེངས་ཀྱིས།།
རྒྱལ་བའི་བཤད་སྒྲུབ་བསྟན་པའི་ཉིན་བྱེད་དབང་།།
སླར་ཡང་ལྗོངས་འདིར་དྲངས་པའི་གཟི་བྱིན་གྱིས།།
རྫོགས་ལྡན་གསར་བའི་འོད་རླབས་ཕྱོགས་སུ་རྒྱས།།
ཁྱད་པར་ངོ་མཚར་ཐབས་ཤེས་རླུང་ཤུགས་ཀྱིས།།
འཇམ་མགོན་བླ་མའི་འཕྲིན་ལས་ཤིང་རྟ་མཆོག།
བྱམས་ཆེན་ཆོས་རྗེའི་ལུགས་གཉིས་བ་དན་དཀར།།
ཡང་བསྐྱར་རབ་མཐོ་གངས་རིའི་རྩེ་མོར་བསྒྲེངས།།
དེའི་ཚེ་གངས་ཅན་བསོད་ནམས་སྐྱ་རེངས་ཀྱིས།།
དྲངས་པའི་བརྩེ་བ་སྟོང་གི་འཛུམ་རླབས་ཅན།།
ས་ལ་འཁྲུངས་པའི་ཉི་ཟླ་རྣམ་གཉིས་ཀྱིས།།
ཁྱོད་ལ་བསྔགས་པའི་མེ་ཏོག་ལན་བརྒྱར་གཏོར།།
དབང་ཕྱོགས་ལྷ་ཆེན་རལ་བའི་གཙུག་གི་རྒྱན།།
མཚུངས་མེད་བྱམས་ཆེན་ཆོས་ཀྱི་རྒྱལ་བོ་ཡི།།
ཟག་མེད་ཡེ་ཤེས་རང་སྣང་ལས་གྲུབ་པའི།།
ཐེག་ཆེན་བཤད་སྒྲུབ་འབྱུང་བའི་གླིང་གི་སྡེར།།
ཆོལ་གསུམ་བློ་གསལ་རྒྱུ་སྐར་བྱེ་བའི་དབུས།།
རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་སྨྲ་བའི་ལྷ།།
ཡབ་རྗེ་བླ་མའི་ཞབས་ཟུང་རྩིབས་སྟོང་ཅན།།
ཆོས་ཀྱིས་མཐོ་བའི་ཁྲི་ལ་དབང་བསྒྱུར་ཏེ།།
རབ་དཀར་དུང་གི་ཚེམས་ཕྲེང་འཛུམ་པ་ལས།།
ཟག་བྲལ་བྱུ་རུའི་འཕྲུལ་གྱི་ལྗགས་བརྐྱངས་ཏེ།།
རྒྱ་བོད་ལེགས་བཤད་སྤྱི་དོན་ཚིག་གི་འགྲེལ།།
འཆད་པའི་མཛད་པ་ལོ་ཟླ་ཡུན་གྱིས་བསྐྱངས།།
གཞུང་ཆེན་བཀའ་པོད་ལྔ་ཡི་རྩ་འགྲེལ་ཀུན།།
སྔ་ཕྱི་མཁས་པའི་འཆད་ཚུལ་མ་འདྲེས་པར།།
ལུང་རིགས་ཉམས་མྱོང་གསུམ་གྱི་སྐྱ་བར་ནས།།
འཆད་ལ་ཟླ་མེད་གྲགས་པའི་སྙན་པ་འབར།།
གསུང་རབ་རྒྱ་མཚོའི་སྙིང་བོ་འཁྲུལ་མེད་ཆབ།།
བློ་བཟང་ཡབ་སྲས་གདམས་ངག་འོ་མའི་རྒྱུན།།
ཕུལ་བྱུང་རྣམ་དཔྱོད་གསེར་གྱི་ཡུར་ལམ་ལས།།
བློ་གསལ་རྐང་འཐུང་བྱེ་བའི་གསོས་སུ་དྲངས།།
ཁྱད་པར་གཞུང་དོན་འཆད་ཁྲིད་སྔོན་འགྲོ་རུ།།
སྐྱབས་འགྲོ་ལས་འབྲས་དམ་པའི་རྣམ་པར་ཐར།།
ཉིན་བཞིན་བློ་གསལ་ཚོགས་ལ་བསྟར་པ་ཡིས།།
ཡང་དར་བསྟན་པའི་མར་མེ་མཛད་ཅེས་གླེང་།།
མདོ་རྒྱུད་ཟུང་འཇུག་སྤྲིན་གྱི་ཀློང་ཡངས་ནས།།
ལུང་རིགས་ཆོས་ཀྱི་དབྱར་རྔ་བསྒྲགས་པའི་ཚེ།།
ཟབ་ཆོས་དོན་གཉེར་རྨ་བྱའི་ཚོགས་རྣམས་ཀྱིས།།
དགའ་བའི་སྒྲོ་གུར་ཡངས་པའི་མཁའ་ལ་ངོམ།།
ཁྱོད་ཞབས་རིན་ཆེན་གསེར་གྱི་པདྨོའི་ཕྲེང་།།
ལེགས་པར་བསྟེན་པའི་བློ་གསལ་བྱེ་བའི་ཁྱུ།།
རབ་ཡངས་གོ་ལ་ཟླུམ་པོའི་འཇིག་རྟེན་ན།།
སྐར་ཚོགས་འཛིན་མར་ཐོར་བའི་ཚུལ་ལ་ལྟ།།
དེ་ལྟར་རྒྱལ་བསྟན་རྒུད་པར་གྱུར་བ་ཉིད།།
སླར་ཡང་ཡར་ངོའི་ཟླ་བཞིན་རྒྱས་མཛད་དེ།།
བསྟན་པའི་མེ་རོ་ལྗོངས་འདིར་གསོས་པ་ཡི།།
བཀའ་དྲིན་བྷོ་ཊའི་སྐྱེ་རྒུས་གཞལ་ནུས་མིན།།
དགུང་གྲངས་རེ་གཉིས་ཆུ་མོ་སྤྲེལ་གྱི་ལོར།།
བུ་རམ་ཤིང་བའི་ཐུགས་རྗེའི་བྱིན་རླབས་ཀྱི།།
དགེ་ལེགས་ས་ལ་འཁྱིལ་བའི་འཕགས་ཡུལ་དུ།།
ཞབས་ཟུང་འཁོར་ལོའི་རེ་ཁཱ་རྣམ་པར་བཀོད།།
དེར་ནི་ཚེ་རབས་སྟོང་གི་དགེ་བའི་བཤེས།།
བྱམས་བརྩེའི་གཏེར་ཆེན་ཕྱག་ན་པདྨོ་ཡི།།
ཞབས་པད་དབུ་ལ་རེག་པའི་བདེ་བའི་བྱིན།།
སྤྱི་གཙུག་བདེ་ཆེན་འཁོར་ལོའི་རྒྱན་དུ་ཐོབ།།
རྒྱལ་དང་རྒྱལ་སྲས་ཉན་རང་ཚོགས་རྣམས་ཀྱི།།
མཛད་འཕྲིན་རི་མོ་འཛིན་མར་ཤར་བའི་དཔལ།།
གཟི་བྱིན་འོད་སྟོང་འབར་བའི་གནས་ཆེན་དག།
ཞབས་ཟུང་རི་མོས་མཛེས་པའི་མཐའ་མ་རིག།
རབ་འབྱམས་བདེ་གཤེགས་ཀུན་གྱི་སྙིང་རྗེའི་ལྷ།།
ཐུགས་རྗེའི་གཏེར་ཆེན་རྒྱལ་བ་རྒྱ་མཚོ་ལས།།
དབང་ལུང་ཁྲིད་ཀྱི་མན་ངག་སྙིང་བོའི་བཅུད།།
དམ་ཆོས་བདུད་རྩིའི་དཔལ་ལ་རོལ་བར་མཛད།།
དེ་ནས་ལྷ་མཆོག་སྤྱན་རས་གཟིགས་དབང་གི།
བཀའ་ལུང་མེ་ཏོག་རལ་བའི་རྒྱན་བཅིངས་ཏེ།།
ངོ་མཚར་རབ་དཀར་གངས་རིའི་མུ་ཁྱུད་ཀྱིས།།
བསྐོར་པའི་བྷོ་ཊའི་ལྗོངས་སུ་དལ་གྱིས་བྱོན།།
གངས་ཅན་ར་སྟོད་འཇང་གི་དགུན་ཆོས་ཞེས།།
འཛམ་གླིང་མཁས་མང་རྩེན་པའི་དགའ་ཚལ་ཆེ།།
འཇིགས་རུང་སྦྲུལ་ནག་ཁྲོས་པའི་ཁ་རླངས་ཀྱིས།།
སུམ་ཅུའི་མི་ལོར་སྟོང་བའི་དབྱིངས་སུ་བསྒྱུར།།
གང་གི་ཐབས་ཤེས་ཁྱབ་འཇུག་དཔལ་མོ་ཡིས།།
དུས་ཀྱིས་ཉམས་པ་ཞིང་འདིར་སླར་བསླངས་ཏེ།།
གངས་ཅན་དགེ་འདུན་ངང་མོ་འབུམ་ཕྲག་གིས།།
ལུང་རིགས་དབྱངས་སྙན་སྒྲོག་པའི་ཚལ་དུ་བསྐྲུན།།
དབང་དང་རྒྱུ་ནོར་བསྡུ་ལ་རངས་དྲགས་ནས།།
གངས་ལྗོངས་མེས་པོར་རྒོལ་བའི་ཆོ་ལོ་ཡིས།།
ཆོས་སྲིད་མཛད་ཆེན་འཁུར་བའི་ཆེར་རློམ་གྱི།།
ཕ་བསོད་རྒྱལ་རྔ་བརྡུངས་པས་ས་ཁྱབ་ཀྱང་།།
མགོན་ཁྱོད་གཡོ་འཕྲུལ་བདུད་ཀྱི་གཡབ་མོ་ཡིས།།
བརྫི་བར་མ་ནུས་འགྱུར་མེད་སྙིང་སྟོབས་ཀྱིས།།
བསིལ་ལྡན་ལུགས་གཉིས་དྲི་མེད་བ་དན་དཀར།།
བསྒྲེངས་པའི་མཛད་པར་བློ་ལྡན་སུ་མི་མཚར།།
དུས་འདིར་རང་དོན་གདོན་གྱིས་བརླམས་པ་དག །
ཕྱོགས་སུ་ལྷུང་བས་རྒྱལ་བསྟན་རྣམ་པར་དཀྲུགས།།
འོན་ཀྱང་མགོན་ཁྱོད་བྱམས་བརྩེ་འབའ་ཞིག་གིས།།
དབང་བྱས་ཕྱོགས་མེད་གཟུ་བོའི་གཞུང་ལམ་འགྲིམ།།
ངོ་མཚར་ཐུན་མོང་སྤྱོད་པའི་རྣམ་ཐར་དང་།།
འགལ་པའི་གྲུབ་རྫུ་སྐྱོན་གྱིས་རིང་དུ་བཏང་།།
ལུང་རྟོགས་ཡོན་ཏན་བྱེ་བའི་ཀློང་བརྡོལ་ཡང་།།
ཞི་དུལ་སྤྱོད་པའི་མཛད་པ་བརྗོད་ལས་འདས།།
ཟབ་གསང་རྒྱུད་དོན་མ་ལུས་མངོན་གྱུར་ཀྱང་།།
བཀའ་གདམས་རྣམ་ཐར་སྐྱོང་བ་བསམ་མི་ཁྱབ།།
གནད་དོན་མ་མཐོང་ཆོས་བརྒྱད་སྲེད་ལེན་གྱིས།།
དབང་སྐུར་རྒྱུད་བཤད་དེ་རྣམས་སྙིང་རྗེའི་ཡུལ།།
སྙིགས་མའི་དུག་རླབས་འཕྱུར་བ་དུས་ཀྱི་མཐར།།
དམ་པའི་མཚན་སྙན་འཛིན་པ་བགྲང་ཡས་ཀྱང་།།
བཤད་སྒྲུབ་ཆོས་ཀྱི་སྲིད་ལ་དབང་བསྒྱུར་བའི།།
ངེས་དོན་བསྟན་པའི་བདག་པོ་ཁྱོད་གཞན་སུ།།
གངས་དཀར་མུ་ཏིག་ཚར་དུ་དངར་པའི་དབུས།།
ཆོལ་གསུམ་མེ་ཏོག་འཛུམ་པའི་ཁ་བའི་ལྗོངས།།
དེ་ལས་མདོ་སྨད་མགྱོགས་འགྲོའི་ཆོལ་ཁ་ཞེས།།
དོན་ལྡན་སྙན་པ་སྟོང་གསུམ་ཁྱོན་ལས་བརྒལ།།
རྒྱལ་བ་རྒྱ་མཚོའི་ཐུགས་རྗེའི་རྫུ་འཕྲུལ་གྱིས།།
རྣམ་པར་སྤྲུལ་པ་མངོན་པར་དགའ་བའི་ཞིང་།།
རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས།།
གྲགས་པའི་མེ་ཏོག་ལྷོ་བྱང་རྒྱན་དུ་མཛེས།།
རོང་སྟོན་ཐུབ་པའི་ཐུགས་བསྐྱེད་འོ་མཚོ་ལས།།
ཉེ་བར་འཁྲུངས་པའི་ངང་མོ་འབུམ་ཕྲག་གིས།།
ལུང་རིགས་དབྱངས་སྙན་སྒྲོག་པའི་ཆོས་ཀྱི་སྡེ།།
སྟོན་མཚན་མཁའ་ཡི་རྒྱུ་སྐར་གྲངས་ལ་འཕྱ།།
མཁས་དང་གྲུབ་པའི་བློ་གསལ་འབུམ་ཕྲག་གི།།
འཁོར་ལོ་གསུམ་གྱི་འཕྲིན་ལས་འོད་རླབས་ཀྱིས།།
རྒྱལ་བསྟན་པད་ཚལ་བཞད་པའི་སྙན་པའི་གཏམ།།
ཆོས་བཟང་མདུན་སར་ལྷ་ཡི་ཚོགས་རྣམས་གླེང་།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།