རྟ་རྒྱལ་རྟ་ནག་ཅང་ཤེས་ཀྱི་སྙན་རྩོམ་ཁག་གཉིས།
རྩོམ་པ་པོ།:རྟ་རྒྱལ་རྟ་ནག་ཅང་ཤེས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-06-26 10:47:00
ཀློག་གྲངས།:
སྦྲ་ནག་གི་ཆོན་ཐག་ལ་འཇུས་པའི་ང་ཚོ།
གསེར་ཆེན་རྫོང་མི་རིགས་སློབ་འབྲིང་། མང་ར་བ་རྟ་རྒྱལ་རྟ་ནག་ཅང་ཤེས།
སྦྲ་ནག་གི་ཆོན་ཐག་ལ་འཇུས་པའི་ང་ཚོ།
སུ་ཞིག་གི་དོན་དུ་མེ་རུ་སྤར་བ་མི་ཤེས།
གང་ཞིག་གི་ཕྱིར་དུ་ཆུ་བཞིན་བརྒྱུ་བའང་མི་ཚོར།
ང་ཚོ། སྦྲ་ནག་གི་ཁ་འཚུབ་ནས་མཆེད་ཞིང་གངས་འདབ་ཀྱི་ཆུ་ཕྲན་ཧུབ་ཀྱིས་བཏུངས།
མཐོ་སྒང་བའི་ལོ་རྒྱུས་ཁུར་ཏེ་ཞི་བདེ་དང་སྙན་ངག་གི་གྲོང་ཆུང་འགྲིམས་དུས།
འཁྱག་སོབ་སོབ་ཀྱི་སེམས་པ་ཁ་མོ་འདི།
བཙན་དབང་གིས་བྱིན་པའི་གནས་འགྲོ་བུ་མོ་རེ་རེ་བཞིན།
མཆི་མ་དམར་པོས་སྤྱན་ཟུང་སྦགས།
འདི་ནི་ལས་དབང་གིས་བཀོད་སྒྲིག་ཡིན་ནམ་ཅི།
ང་ཚོའི་ཕ་ཡུལ་རྒྱང་རིང་ན། ཕ་ཡུལ་དྲན་པ་སེམས་ཁོང་ན།
བསམ་གཞིགས་དང་སྡུག་ཡུས་ཀྱིས་གཟུར་བའི་ལོ་ཟླ་རེ་རེ།
ཁ་བཏགས་དང་སྐྱེམས་ཆང་གིས་སྐྱེལ་མ་གང་མང་བྱས།
རང་དབང་ལ་མཁོ་བའི་འདོད་དོན་དེའི་ཆེད་དུ།
ཡིག་འབྲུ་འགའ་སྦྱིན་ཞོར་སུ་ཞིག་གིས་ཕྱིར་དུ་རྒས་སོང་།
ང་ཚོ། སུ་ཞིག་གི་སླད་དུ་སེམས་པ་མེ་རུ་སྤར།
ང་ཚོ། གང་ཞིག་གི་དོན་དུ་མཆི་མ་ཆུ་བཞིན་འཕྱོ།
ན་ཟླ་ཚོ་མདུན་དུ་ཕྱོགས།
ཐོབ་འདོད་པ་གང་ཞིག་གི་ཆེད___མདུན་ལ་ལྟོས།
སྙན་ངག་གི་སེམས་འགྱུ་ཤ་མོ་བཞིན་འཐུ་ཕྱིར།
སྙིང་ཉེ་དང་མིང་སྲིང་འཁོར་ཚོགས།
མ་ཐོབ་པ་མེད་པ་མིན་ན། འཐོབ་ཟིན་པ་རྒྱལ་ཁ་ཡིན་ན།
རྒྱ་ཕིབས་ཀྱི་གཟི་འོད་འབར་བའི་ཕྱོགས་དེ་ལ།
འདི་ལྟ་བུའི་སྙིང་ནོར།
འཇིག་རྟེན་གྱི་ཁ་དོག་ལ་མཇུག་བྱང་མ་བཀོད་པའི་སྔ་རོལ་དུ།
ང་ཚོ___ མཛའ་མཐུན་གྱི་ལག་རྡང་སྦྲེལ་ནས་མདུན་ལ་འགྲོ།
གཡའ་རི་དང་སྤང་ཐང་གོར་མོའི་བར་ན་བྲིས་མི་ཚར་བའི་མཛེས་སྡུག་གི་རི་མོ་ཡོད་ལ།
གཙང་བོ་དང་མཚོ་མོའི་འཕྱོ་འཇགས་དེ་མཚམས་ན་ཤ་ཁྲག་དང་རུས་རྐང་གི་སྙིང་བོ་མཆིས།
མཁར་རྙིང་དང་ཞིགས་རལ་གྱི་ར་བ་འདིའི་བར་ན་གཏམ་རྒྱུད་དང་རྟོགས་བརྗོད་ཀྱི་ལེའུ་བརྒྱུད།
ང་ཚོ་སུ་ཞིག་གི་སླད་དུ་སེམས་པ་མེ་རུ་སྤར་ཆོག་ལ།
ང་ཚོ་གང་ཞིག་གི་དོན་དུ་མཆི་མ་ཆུ་བཞིན་འཕྱོ་ཆོག
ན་ཟླ་ཚོ། མེ་ལྕེ་ལྟ་བུའི་སེམས་པ་འདི་འཁྱེར་ནས་མདུན་ལ་འགྲོ།
འབྲོང་རྭ་རྒོད་པོའི་རྭ་བར་ན་འབར་བའི་མར་མེ་དམར་པོ།
སུ་ཞིག་གི་ལང་ཚོའི་མཆོད་རྐོང་ཡིན།
གངས་རིའི་ཆབ་རྒྱུན་གྱི་མཆི་མ་ལྗང་ཁུ།
སུ་ཚང་གི་སེམས་འགྱུ་སྔོན་མོ་རེད།
ཟླ་བའི་ཁུ་ངོགས་ན་སྐྱོམས་པའི་ཤོག་གྲུ་ཆུང་ཆུང་དེ།
སུ་ཞིག་གི་རེ་བཅོལ་ངོ་མ་ཡིན།
ན་ཟླ་ཚོ། མི་ཚེ་ལ་དོན་སྙིང་ཨེ་ཡོད།
མི་ཚེ་ལ་དོན་སྙིང་ཡོད་པ་བདེན་ན།
ང་ཚོ___ངེས་མེད་དུ་བརྒྱུད་པ་ཅི་ཞིག་གི་ཆེད།
ང་ཚོ___རླུང་ཁ་ན་འཕྱོ་བ་ཅི་ཞིག་གི་དོན།
ང་ཚོར་བསམ་གཞིགས་དང་བསམ་གཞིགས་ཀྱི་ཕ་རོལ་ན་ཅི་ཞིག་ཡོད།
ང་ཚོ___ཤོག་བྱང་ཞིག་གི་བདེ་ངོགས་ན།
ཤི་མ་གསོན་གྱི་བསམ་གཞིགས་རེ། ངུ་མ་དགོད་ཀྱི་སྙན་ངག་རེ།
ང་ཚོས___འདི་ལྟར་དྲན་པའི་རྒྱང་རིང་ན།
རྒན་པ་རྒས་ཁོག་ཚོའི་རྒྱང་འབོད་ཀྱི་ཡིག་དྲུག་འཛུམ།
གངས་ཅན་གཞོན་རབས་པའི་དུས་རབས་ཀྱི་འཇིག་རྟེན་འཕྱོ།
ཡུལ་འདིར་གནས་པའི་སེམས་ཅན་ཀླད་ལོག་ཅིག
མི་ལོ་ཉི་ཤུའི་འཚོ་གནས་གཞི་རིམ་ལ་བཅོལ།
མི་ལོ་ཉི་ཤུའི་གཅེས་ནོར་གཞི་རིམ་ལས་བྱུང་།
------ཁ་བྱང་གི་འགྲེལ།
ཕ་ཡུལ་འགུལ་བསྐྱོད་བྲལ་བའི་ལྷུན་པོ་ཞིག།
ཕ་མར་རྡོ་ཐོག་རི་མོའི་སྲོལ་ངན་ཞིག།
ཕ་རྒྱུད་ཀོ་ཆོག་སྐམ་པོའི་མཉེན་ཤ་ཞིག།
ཡུལ་འདིར་གནས་པའི་སེམས་ཅན་ཀླད་ལོག་ཅིག།
ཚོན་པོ་ཤ་ལ་རྔམ་པའི་དཔོན་པོ་ཞིག།
མཐོན་པོ་ཁྲི་ལ་འབད་པའི་ཨ་མཆོད་ཅིག།
རྒྱུ་ནོར་གསོག་ལ་བྲེལ་བའི་བཙུན་པ་ཞིག།
ཡུལ་འདིར་གནས་པའི་སེམས་ཅན་ཀླད་ལོག་ཅིག།
རྐང་ཐང་དབུས་སུ་བགྲོད་པའི་འཇལ་བ་ཞིག།
ཐོད་པ་ས་རུ་བརྡུང་པའི་དད་པ་ཞིག།
ར་ལུག་མཆུ་ཏོ་བསྡོམ་མཁས་སྲོག་གཅོད་ཅིག།
ཡུལ་འདིར་གནས་པའི་སེམས་ཅན་ཀླད་ལོག་ཅིག།
ཇོ་བོའི་མདུན་དུ་མགོ་བོ་ཐང་བརྡུང་ཞིག།
འདམ་ལྕིའི་ཁྲོད་དུ་ཚེ་སྲོག་སྦྱིན་གཏོང་ཞིག།
ཐབ་ཀའི་འགྲམ་ན་རྩམ་སྐྱ་ཤུགས་འགེམ་ཞིག།
ཡུལ་འདིར་གནས་པའི་སེམས་ཅན་ཀླད་ལོག་ཅིག།
སྡེ་བའི་བར་ན་ས་རྩོད་ཆུ་རྩོད་ཅིག།
དར་མའི་སེམས་སུ་སྐོར་ལོག་རྐུས་ལོག་ཅིག།
ཕ་བུའི་བར་ན་ཁ་ལོག་ཚིག་ལོག་ཅིག།
ཡུལ་འདིར་གནས་པའི་སེམས་ཅན་ཀླད་ལོག་ཅིག།
དབང་ཐང་ཆེ་ཆུང་རྩོད་པའི་ཨ་ཞང་ཞིག།
དཔུང་ཤེད་དྲག་ཞེན་འགྲན་པའི་གཉེན་ཉེ་ཞིག།
རྒྱུ་ནོར་མང་ཉུང་བཤད་པའི་མནའ་མ་ཞིག།
ཡུལ་འདིར་གནས་པའི་སེམས་ཅན་ཀླད་ལོག་ཅིག།
རྒད་པོར་ཨུ་ཚུགས་བརྟན་པོའི་གཤིས་ཀ་ཞིག།
རྒན་མོར་ཕྲ་མ་འཆད་མཁས་ཁ་ལྕེ་ཞིག།
བཟའ་ཟླར་ཚར་རྒྱུ་མེད་པའི་རྩོད་གཞི་ཞིག།
ཡུལ་འདིར་གནས་པའི་སེམས་ཅན་ཀླད་ལོག་ཅིག།
བཟའ་ཟླའི་བློ་དང་བསྟུན་པའི་སྟག་ཤར་ཞིག།
ཕ་མ་ཕྱི་རུ་འདེད་པའི་གཅེས་ཕྲུག་ཅིག།
སྤུན་ཟླ་དགྲ་རུ་འཛིན་པའི་ཕུ་ནུ་ཞིག།
ཡུལ་འདིར་གནས་པའི་སེམས་ཅན་ཀླད་ལོག་ཅིག།
ཨ་ཕ་ནང་དམེ་བྱེད་པའི་བག་ཆགས་ཤིག།
ཨ་མ་ཁ་མཆུ་བསླང་འདོད་ཀུན་སློང་ཞིག།
བྱིས་པ་སློབ་གྲྭ་མི་འགྲོ་ཨུ་ཚུགས་ཤིག།
ཡུལ་འདིར་གནས་པའི་སེམས་ཅན་ཀླད་ལོག་ཅིག།
བྱིས་པ་རྐྱལ་སྟོང་བྱེད་པའི་ཉམས་མྱོང་ཞིག།
བུ་མོར་མོ་སྒོ་གཏོད་པའི་གོམས་སྲོལ་ཞིག།
ཕ་མ་སློབ་གསོ་མེད་པའི་ཀླུགས་པ་ཞིག།
ཡུལ་འདིར་གནས་པའི་སེམས་ཅན་ཀླད་ལོག་ཅིག།
སོ་དཀར་གཞོན་ནུ་རྒྱན་འཛུགས་ཤོ་རྒྱག་ཅིག།
མགོ་དཀར་ལོ་ལོན་སྤྱོད་པ་ཆང་འཐུང་ཞིག།
ཆེ་ཆུང་མེད་པར་ཐུར་འགྲོའི་སྦྱོར་བ་ཞིག།
ཡུལ་འདིར་གནས་པའི་སེམས་ཅན་ཀླད་ལོག་ཅིག།
གནའ་བོའི་རྒན་པོ་ལྷ་བསང་ཀླུ་མཆོད་ཅིག།
དེང་གི་གཞོན་པ་གང་འདོད་ཅི་སྒྲུབ་ཅིག།
གནའ་དེང་བར་ན་གནམ་སའི་ཁྱད་པར་ཞིག།
ཡུལ་འདིར་གནས་པའི་སེམས་ཅན་ཀླད་ལོག་ཅིག།
འཁོར་བ་འཐབ་འཁྲུག་རྒྱག་སའི་གཡུལ་ས་ཞིག།
ཁྱིམ་གཞི་རྡོ་རྭའི་ནང་གི་རྩེད་ཆས་ཞིག།
མདོར་ན་ཚན་རིག་མེད་པའི་རྨོངས་དད་ཅིག།
ཡུལ་འདིར་གནས་པའི་སེམས་ཅན་ཀླད་ལོག་ཅིག།
མི་ཚེ་བགྲོད་མི་ཚར་བའི་ལམ་ཕྲན་ཞིག།
ལོ་ཟླས་འགེམ་པའི་སྦྲ་ནག་ཧྲུལ་བོ་ཞིག།
སྟག་ལྤགས་གྱོན་པའི་མི་བུ་བླ་བཙོང་ཞིག།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།