དུར་བྱང་གི་ཉེ་དུས་ཀྱི་སྙན་རྩོམ་ཁག་བཅུ་གཉིས།
རྩོམ་པ་པོ།:དུར་བྱང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-08-17 09:13:00
ཀློག་གྲངས།:
མ་གཞི།རླུང་བུ་ཙམ་ཞིག་ལྡང་ན་སྐྲ་ལོ་འགུལ། །
མེ་ཏོག་རྫ་བུམ་གང་དེ་ཟིལ་བས་བཅོམ། །
མིག་གིས་ལོ་མའི་སྟེང་གི་ཟེའུ་འབྲུ་དེར། །
གཅིག་ནི་པད་མ་གཅིག་ནི་སེར་ཆེན་འཁྲུལ། །
པད་མའི་ནང་གི་དྲི་བསུང་ཞིམ་པོ་ཞིག །
སེམས་ཀྱི་བརྩེ་བར་སྦྱར་ན་རྨོངས་པར་གྱུར། །
ཅིག་ཤོས་དེ་ཡི་ལོ་འདབ་ལྷུག་པོར་གྲོལ། །
ཟེའུ་འབྲུ་སེར་པོར་གྱུར་ནས་ཡོངས་སུ་སྨིན། །
སྒྲོ་དབྱིབས་ཧ་ཅང་མཛེས་པའི་གསེར་སྦྲང་དེ། །
རླུང་གིས་ཁུར་ཙམ་ཁུར་ཙམ་གམ་དུ་བཙུད། །
རྨི་ལམ་མེ་ཏོག་དེའང་རྡོ་བར་གྱུར། །
མིག་ཆུ་རྡོག་གཅིག་སྙིང་གི་གཏིང་སར་ལྷུང་། །
འཚོ་བའི་ནམ་མཁའ་དེ་ཡང་རྒྱང་དུ་གྱེས། །
རི་དང་རྩྭ་ཐང་སྣང་བར་བསྲེས་ནས། །
གཞས་ཤིག་ཡང་ཡང་རི་ལ་འཐེན་འདོད། །
མཚོ་འདབས་ངང་ཁྱུའི་གཤར་ལམ་དེ་ལ། །
སང་ལོའི་སྟོན་ཟླའི་རི་མོ་བབས་འདུག །
རྩྭ་ལྗང་ཞིག་གི་རལ་བའི་གསེབ་ལ། །
གསེར་དང་དངུལ་གྱི་མེ་ཏོག་བཞད་པ། །
གྱེས་ཁའི་གདུང་བའི་ཕྱིར་མིག་ཕག་ན། །
དུང་བའི་ཕྱི་ནང་དལ་གྱིས་བཀྲབས་ཡོད། །
ཉི་མར་འཐེན་པའི་མེ་ལོང་གཞུང་ལ། །
འཁོར་བར་དཀྲིས་པའི་དབུ་སྐྲ་འཐག་པ། །
ནམ་མཁའི་རྒྱབ་ལ་འཁོར་བའི་གཙང་བོར། །
ཚེ་ཡི་ལོ་མར་འཇའ་ཚོན་བཏེགས་རོགས། །
ལྷོ་ཡི་སྤྲིན་པའི་གཤོག་པའི་སྟེང་ལ། །
སྣང་བ་ཕྲ་མོའི་རྣ་ཆ་སྦྱར་བ། །
ཆང་ཕོར་དམ་བུ་གང་གི་ཟོལ་གྱིས། །
འཁོར་བའི་ལྷ་ལ་མུན་པ་བསྩལ་ཆོག །
མིག་གིས་རྒྱང་ལ་འཁྲུལ་བའི་འཆི་འཕོ། །
ལག་པའི་ངོས་ཀྱི་རི་མོར་བཏེགས་ཀྱང་། །
ཕྱོགས་བཞིའི་མཐའ་ལ་རེ་བའི་བསྙེག་པའི། །
འཚོ་བའི་མནར་གཅོད་སྙིང་ལ་བརྒྱབ་འདུག །
ཉི་མའི་ལག་མཐུལ་ནས། །
རི་མོ་སྤར་གང་ཞིག །
གཙང་བོའི་གཞུང་ལ་བྲབ། །
ངང་རྒྱུད་དྭངས་གཙང་ཞིག །
ལམ་སྣེ་དེ་རུ་ཟུག །
མི་ཧྲེང་གྲངས་མེད་ཅིག །
འཁོར་བའི་རི་རྩེ་ལ། །
བས་མཐའི་གནས་མལ་བཞིན། །
འདར་འདར་ངུས་བྱུང་ངོ་། །
སྐར་མའི་ཕ་བོང་འགའ། །
གདོང་གི་དཀྱིལ་ལ་ལྷུང་། །
བྱིས་པ་པྲ་ཆལ་དག །
སྣང་བའི་ལོ་མར་འཁྲུལ། །
ཁ་བ་སབ་སིབ་བབས། །
རླུང་བུ་དལ་དལ་ལྡང་། །
ཆུ་མོས་ཆུ་མོ་ལ། །
སེམས་ཀྱི་མེ་ལོང་བསྟན། །
དབུ་སྐྲར་ཚོན་རྩི་བརྒྱབ། །
སྐྱོ་བ་སྤྲིན་པར་འདྲེས། །
སྨིན་མའི་འཁྱོག་མདུད་ལ། །
སྡིག་པའི་མེ་ཏོག་བཞད། །
རྡོག་ལམ་ཚེར་མའི་བཟུང་། །
རྣག་ཁྲག་ཐ་སྙད་སྦྱར། །
གཉིད་ལྕོག་རྒྱག་གིན་དུ། །
མཚན་མོར་མེ་ཕོང་བརྒྱབ། །
རེ་བའི་མིག་ཟུང་བསྒྲད། །
སྤོབས་པའི་དར་ཆ་བསྒྲེངས། །
བས་མཐའི་གནས་མལ་སྐྱ་བོ་ནས། །
སྐར་མའི་གཞུང་ལ་ཆུ་ཡིས་བྲབས། །
རླུང་བུས་རང་གི་གནས་མལ་ལ། །
ཟོལ་གྱིས་ཕྱིར་མིག་ལན་གཅིག་སྟོན། །
སྣང་བའི་ལོ་མར་འཇའ་ཚོན་བཀྲ །
སྐྱེ་བོའི་ངག་ལ་དབྱངས་ཡིག་འབྲི། །
གནམ་གྱི་བྱ་ཁྱུ་འཕུར་ཤུལ་ནས། །
ས་གཞིའི་ངོས་ལ་བརླན་གྱིས་བཟུང་། །
ཆུ་མོས་ཆུ་མོ་འཁྲིད་ནས་བཞུར། །
ཡངས་ཤིང་མྱུར་ལ་སྟབས་ཀྱིས་འགྲོ །
ལམ་གྱི་གཞི་མདོར་མདུད་པ་བརྒྱབས། །
སྤྲིན་པ་ལྷོ་ནས་ཅི་ཙམ་འཁྱུགས། །
དམའ་ཞིང་ལྷོད་པའི་སྤང་ཁུད་ནས། །
འཚོ་བའི་རྩི་སྨན་ས་ལ་བཏབས། །
གདོས་སུ་ཆེ་བའི་མཚན་སྨག་དེར། །
གཤོག་པའི་ངོས་ལ་རྟ་ཕོ་རྒྱུགས། །
རླབས་ཀྱི་རྒྱུན་ལ་བསྐྱོད་ཅིང་ཡངས། །
རྟ་ཕོས་བྲག་ཐེམ་བརྒལ་བའི་ཚེ། །
རྒྱ་མཚོའི་གཡོ་སྐྱོམ་གཅིག་གཅིག་ལ། །
མེ་ཡི་རླབས་དང་དྲན་གདུང་ལྕི། །
ལམ་སྣེ་ཟད་པའི་མཐའ་མཇུག་དེར། །
རྔུལ་ཆུ་ཐིགས་གཅིག་ས་ལ་འདྲིལ། །
ཁ་བར་བབས་པའི་སྒྲོལ་མ་ལ། །
གངས་ཀྱི་སྣང་བ་ཨེན་ཙམ་གདའ། །
དབུ་སྐྲ་ཕར་ལ་འཁྱིལ་ཞིང་སྐར་མ་འདར་ན། །
ནམ་མཁའི་ཁྲི་ལ་སྡོད་པའི་ཟླ་བ་འཛུམ་ཆོག །
ཕྱག་གཡས་ཡར་ལ་བཀྱག་ནས་ཉི་མ་དཀྲོལ་ན། །
མདང་གི་མུན་ནག་དེའང་རྒྱང་ལ་བཞུད་འགྲོ། །
གདོང་ལ་བབས་པའི་མེ་ཏོག་ས་རུ་འདྲིལ་ན། །
བྲང་ཁའི་མཐའ་ལ་མྱོས་བུམ་གར་དུ་རྩེད་འོང་། །
ཆུ་ཡི་པད་མར་སྤྲུལ་བའི་གཤོག་པ་བསྐྱངས་ནས། །
ལྗོན་པ་གཅེར་བུ་ཞིག་ལ་བྱིལ་བྱིལ་བཏངས་ཆོག །
ཐིག་ལེ་འཐུ་ཞིང་མགྲིན་པ་གཟེངས་སུ་བཏེགས་ཆོག །
འཇིག་རྟེན་ཆེ་ཆུང་མདུན་རྒྱབ་ལག་པས་བྲིས་ན། །
སེམས་ཀྱི་གཙང་བོ་བརྒལ་ནས་མཚོ་མོར་འཁྱིལ་དང་། །
སྤྲོས་པའི་མཐའ་ལ་འཁོར་བའི་སྒྲུང་ཞིག་འབྲི་ཆོག །
མེ་ལོང་ནང་གི་སྡིག་སྒྲིབ་རླུང་གིས་འཁྱེར་ན། །
ང་ནི་གཤོག་པ་རྨས་པའི་བྱེའུ་དེའོ། །
འདི་ནས་རི་དང་གཙང་བོའི་ཁུད་ན། །
ན་ནིང་བཤད་པའི་བརྩེ་བ་ཉལ་ཡོད། །
ལག་པའི་ངོས་ཀྱི་རི་མོར་གསལ་བས། །
གདུང་སེམས་ཆེ་བའི་དགའ་མ་མཐོང་། །
ཆུང་དུས་རྩེད་ར་གཅིག་ཀྱང་མི་གཅིག །
ལང་ཚོའི་མཆི་སྦྱོར་ཧ་ཅང་ལེགས་ཟེར། །
མདང་དགོང་རྨི་ལམ་མཐའ་མའི་མཚམས་སུ། །
སྤྲིན་དང་སྨུག་པ་ལྡེམ་མཚམས་བཞག་འདུག །
སྲོད་ཀྱི་གཙང་བོའི་ཕྱིར་མིག་དབུས་སུ། །
དུང་བའི་དར་སྐུད་ཆུ་ལ་འདྲེས་པ། །
སེམས་ཀྱི་ལོ་མ་ཁྱེད་ལ་ཕྱོགས་ན། །
དབྱིངས་ཀྱི་རི་མོའི་མཛེས་སྡུག་སྟོན་རོགས། །
ལོ་ཟླ་ཧྲིལ་བོ་འདུས་པའི་མོད་ལ། །
མྱི་ཁ་མདའ་མོ་མེ་ལ་སྦར་བ། །
སུ་ལ་མངའ་བའི་བར་ཐག་རེ་ལ། །
རི་དང་ཆུ་བོས་ནང་སེམས་བསྟན་འདུག །
རང་བྱུང་གསང་བའི་འགྱུར་བག་ཁྲོད་ནས། །
སྤྲོས་པའི་མཐའ་ལ་བསྐོར་བ་བརྒྱབ་ཡོད། །
འཚོ་བའི་གཤོག་པ་རླུང་གིས་འཁྱེར་ན། །
མཆི་མའི་ལེའུ་ཡི་གེར་ཕབས་ཆོག །
2015.7.26 མཚོ་ཁ་ནས།
མེ་ཏོག་རྫ་བུམ་གང་དེ་ཟིལ་བས་བཅོམ། །
མིག་གིས་ལོ་མའི་སྟེང་གི་ཟེའུ་འབྲུ་དེར། །
གཅིག་ནི་པད་མ་གཅིག་ནི་སེར་ཆེན་འཁྲུལ། །
པད་མའི་ནང་གི་དྲི་བསུང་ཞིམ་པོ་ཞིག །
སེམས་ཀྱི་བརྩེ་བར་སྦྱར་ན་རྨོངས་པར་གྱུར། །
ཅིག་ཤོས་དེ་ཡི་ལོ་འདབ་ལྷུག་པོར་གྲོལ། །
ཟེའུ་འབྲུ་སེར་པོར་གྱུར་ནས་ཡོངས་སུ་སྨིན། །
སྒྲོ་དབྱིབས་ཧ་ཅང་མཛེས་པའི་གསེར་སྦྲང་དེ། །
རླུང་གིས་ཁུར་ཙམ་ཁུར་ཙམ་གམ་དུ་བཙུད། །
རྨི་ལམ་མེ་ཏོག་དེའང་རྡོ་བར་གྱུར། །
མིག་ཆུ་རྡོག་གཅིག་སྙིང་གི་གཏིང་སར་ལྷུང་། །
འཚོ་བའི་ནམ་མཁའ་དེ་ཡང་རྒྱང་དུ་གྱེས། །
2015/6/16 ཞོགས་པར་བྲིས།
ཚེ་ཡི་ལོ་མ།རི་དང་རྩྭ་ཐང་སྣང་བར་བསྲེས་ནས། །
གཞས་ཤིག་ཡང་ཡང་རི་ལ་འཐེན་འདོད། །
མཚོ་འདབས་ངང་ཁྱུའི་གཤར་ལམ་དེ་ལ། །
སང་ལོའི་སྟོན་ཟླའི་རི་མོ་བབས་འདུག །
རྩྭ་ལྗང་ཞིག་གི་རལ་བའི་གསེབ་ལ། །
གསེར་དང་དངུལ་གྱི་མེ་ཏོག་བཞད་པ། །
གྱེས་ཁའི་གདུང་བའི་ཕྱིར་མིག་ཕག་ན། །
དུང་བའི་ཕྱི་ནང་དལ་གྱིས་བཀྲབས་ཡོད། །
ཉི་མར་འཐེན་པའི་མེ་ལོང་གཞུང་ལ། །
འཁོར་བར་དཀྲིས་པའི་དབུ་སྐྲ་འཐག་པ། །
ནམ་མཁའི་རྒྱབ་ལ་འཁོར་བའི་གཙང་བོར། །
ཚེ་ཡི་ལོ་མར་འཇའ་ཚོན་བཏེགས་རོགས། །
ལྷོ་ཡི་སྤྲིན་པའི་གཤོག་པའི་སྟེང་ལ། །
སྣང་བ་ཕྲ་མོའི་རྣ་ཆ་སྦྱར་བ། །
ཆང་ཕོར་དམ་བུ་གང་གི་ཟོལ་གྱིས། །
འཁོར་བའི་ལྷ་ལ་མུན་པ་བསྩལ་ཆོག །
མིག་གིས་རྒྱང་ལ་འཁྲུལ་བའི་འཆི་འཕོ། །
ལག་པའི་ངོས་ཀྱི་རི་མོར་བཏེགས་ཀྱང་། །
ཕྱོགས་བཞིའི་མཐའ་ལ་རེ་བའི་བསྙེག་པའི། །
འཚོ་བའི་མནར་གཅོད་སྙིང་ལ་བརྒྱབ་འདུག །
2015/6/17 ལ།
མཚན་མོར་བསྔོས་པ།ཉི་མའི་ལག་མཐུལ་ནས། །
རི་མོ་སྤར་གང་ཞིག །
གཙང་བོའི་གཞུང་ལ་བྲབ། །
ངང་རྒྱུད་དྭངས་གཙང་ཞིག །
ལམ་སྣེ་དེ་རུ་ཟུག །
མི་ཧྲེང་གྲངས་མེད་ཅིག །
འཁོར་བའི་རི་རྩེ་ལ། །
བས་མཐའི་གནས་མལ་བཞིན། །
འདར་འདར་ངུས་བྱུང་ངོ་། །
སྐར་མའི་ཕ་བོང་འགའ། །
གདོང་གི་དཀྱིལ་ལ་ལྷུང་། །
བྱིས་པ་པྲ་ཆལ་དག །
སྣང་བའི་ལོ་མར་འཁྲུལ། །
ཁ་བ་སབ་སིབ་བབས། །
རླུང་བུ་དལ་དལ་ལྡང་། །
ཆུ་མོས་ཆུ་མོ་ལ། །
སེམས་ཀྱི་མེ་ལོང་བསྟན། །
དབུ་སྐྲར་ཚོན་རྩི་བརྒྱབ། །
སྐྱོ་བ་སྤྲིན་པར་འདྲེས། །
སྨིན་མའི་འཁྱོག་མདུད་ལ། །
སྡིག་པའི་མེ་ཏོག་བཞད། །
རྡོག་ལམ་ཚེར་མའི་བཟུང་། །
རྣག་ཁྲག་ཐ་སྙད་སྦྱར། །
གཉིད་ལྕོག་རྒྱག་གིན་དུ། །
མཚན་མོར་མེ་ཕོང་བརྒྱབ། །
རེ་བའི་མིག་ཟུང་བསྒྲད། །
སྤོབས་པའི་དར་ཆ་བསྒྲེངས། །
2015ལོའི་ཟླ8པའི་ཚེས3ཉིན་བྲིས།
ཁ་བ་བབས་དུས་ཀྱི་སྒྲོལ་མ།བས་མཐའི་གནས་མལ་སྐྱ་བོ་ནས། །
སྐར་མའི་གཞུང་ལ་ཆུ་ཡིས་བྲབས། །
རླུང་བུས་རང་གི་གནས་མལ་ལ། །
ཟོལ་གྱིས་ཕྱིར་མིག་ལན་གཅིག་སྟོན། །
སྣང་བའི་ལོ་མར་འཇའ་ཚོན་བཀྲ །
སྐྱེ་བོའི་ངག་ལ་དབྱངས་ཡིག་འབྲི། །
གནམ་གྱི་བྱ་ཁྱུ་འཕུར་ཤུལ་ནས། །
ས་གཞིའི་ངོས་ལ་བརླན་གྱིས་བཟུང་། །
ཆུ་མོས་ཆུ་མོ་འཁྲིད་ནས་བཞུར། །
ཡངས་ཤིང་མྱུར་ལ་སྟབས་ཀྱིས་འགྲོ །
ལམ་གྱི་གཞི་མདོར་མདུད་པ་བརྒྱབས། །
སྤྲིན་པ་ལྷོ་ནས་ཅི་ཙམ་འཁྱུགས། །
དམའ་ཞིང་ལྷོད་པའི་སྤང་ཁུད་ནས། །
འཚོ་བའི་རྩི་སྨན་ས་ལ་བཏབས། །
གདོས་སུ་ཆེ་བའི་མཚན་སྨག་དེར། །
གཤོག་པའི་ངོས་ལ་རྟ་ཕོ་རྒྱུགས། །
རླབས་ཀྱི་རྒྱུན་ལ་བསྐྱོད་ཅིང་ཡངས། །
རྟ་ཕོས་བྲག་ཐེམ་བརྒལ་བའི་ཚེ། །
རྒྱ་མཚོའི་གཡོ་སྐྱོམ་གཅིག་གཅིག་ལ། །
མེ་ཡི་རླབས་དང་དྲན་གདུང་ལྕི། །
ལམ་སྣེ་ཟད་པའི་མཐའ་མཇུག་དེར། །
རྔུལ་ཆུ་ཐིགས་གཅིག་ས་ལ་འདྲིལ། །
ཁ་བར་བབས་པའི་སྒྲོལ་མ་ལ། །
གངས་ཀྱི་སྣང་བ་ཨེན་ཙམ་གདའ། །
2015ལོའི་ཟླ8པའི་ཚེས1ཉིན་ཕུག་འུ་ནས་སྦྱར།
ཞེ་ལ་ཐོགས་པའི་དབུ་སྐྲ།དབུ་སྐྲ་ཕར་ལ་འཁྱིལ་ཞིང་སྐར་མ་འདར་ན། །
ནམ་མཁའི་ཁྲི་ལ་སྡོད་པའི་ཟླ་བ་འཛུམ་ཆོག །
ཕྱག་གཡས་ཡར་ལ་བཀྱག་ནས་ཉི་མ་དཀྲོལ་ན། །
མདང་གི་མུན་ནག་དེའང་རྒྱང་ལ་བཞུད་འགྲོ། །
གདོང་ལ་བབས་པའི་མེ་ཏོག་ས་རུ་འདྲིལ་ན། །
བྲང་ཁའི་མཐའ་ལ་མྱོས་བུམ་གར་དུ་རྩེད་འོང་། །
ཆུ་ཡི་པད་མར་སྤྲུལ་བའི་གཤོག་པ་བསྐྱངས་ནས། །
ལྗོན་པ་གཅེར་བུ་ཞིག་ལ་བྱིལ་བྱིལ་བཏངས་ཆོག །
ཐིག་ལེ་འཐུ་ཞིང་མགྲིན་པ་གཟེངས་སུ་བཏེགས་ཆོག །
འཇིག་རྟེན་ཆེ་ཆུང་མདུན་རྒྱབ་ལག་པས་བྲིས་ན། །
སེམས་ཀྱི་གཙང་བོ་བརྒལ་ནས་མཚོ་མོར་འཁྱིལ་དང་། །
སྤྲོས་པའི་མཐའ་ལ་འཁོར་བའི་སྒྲུང་ཞིག་འབྲི་ཆོག །
མེ་ལོང་ནང་གི་སྡིག་སྒྲིབ་རླུང་གིས་འཁྱེར་ན། །
ང་ནི་གཤོག་པ་རྨས་པའི་བྱེའུ་དེའོ། །
2015ལོའི་ཟླ8པའི་ཚེས1ཉིན་ཕུག་འུ་ནས་སྦྱར།
ནང་སེམས་བསྟན་པ།འདི་ནས་རི་དང་གཙང་བོའི་ཁུད་ན། །
ན་ནིང་བཤད་པའི་བརྩེ་བ་ཉལ་ཡོད། །
ལག་པའི་ངོས་ཀྱི་རི་མོར་གསལ་བས། །
གདུང་སེམས་ཆེ་བའི་དགའ་མ་མཐོང་། །
ཆུང་དུས་རྩེད་ར་གཅིག་ཀྱང་མི་གཅིག །
ལང་ཚོའི་མཆི་སྦྱོར་ཧ་ཅང་ལེགས་ཟེར། །
མདང་དགོང་རྨི་ལམ་མཐའ་མའི་མཚམས་སུ། །
སྤྲིན་དང་སྨུག་པ་ལྡེམ་མཚམས་བཞག་འདུག །
སྲོད་ཀྱི་གཙང་བོའི་ཕྱིར་མིག་དབུས་སུ། །
དུང་བའི་དར་སྐུད་ཆུ་ལ་འདྲེས་པ། །
སེམས་ཀྱི་ལོ་མ་ཁྱེད་ལ་ཕྱོགས་ན། །
དབྱིངས་ཀྱི་རི་མོའི་མཛེས་སྡུག་སྟོན་རོགས། །
ལོ་ཟླ་ཧྲིལ་བོ་འདུས་པའི་མོད་ལ། །
མྱི་ཁ་མདའ་མོ་མེ་ལ་སྦར་བ། །
སུ་ལ་མངའ་བའི་བར་ཐག་རེ་ལ། །
རི་དང་ཆུ་བོས་ནང་སེམས་བསྟན་འདུག །
རང་བྱུང་གསང་བའི་འགྱུར་བག་ཁྲོད་ནས། །
སྤྲོས་པའི་མཐའ་ལ་བསྐོར་བ་བརྒྱབ་ཡོད། །
འཚོ་བའི་གཤོག་པ་རླུང་གིས་འཁྱེར་ན། །
མཆི་མའི་ལེའུ་ཡི་གེར་ཕབས་ཆོག །
2015.7.26 མཚོ་ཁ་ནས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།