དུར་བྱང་གི་སྙན་ངག་ཚན་པ་གཉིས།
གཙང་འགྲམ་གྱི་ཟླ་བ་དབྱངས་ཅན།
དུར་བྱང་། ༼དཀར་མཛེས།༽
ཉིན་ཞིག་ཁེར་རྐྱང་དུ་སྡོད་དུས
བདག་གི་མེ་ལོང་ངོས་སུ་ཉི་ཟླ་དུས་མཉམ་དུ་ཤར
གདོང་གི་གཉེར་རས་ཀྱི་གས་སྲིབ་རེ་ན
དབྱངས་གསལ་གྱི་ཀ་དང་ཨ་ཡིག་དོད
དེའི་མཐའ་སྐོར་དུ་མཚོ་དང་མཚེའུ་བསྐོར
ད་ལྟ
རང་ཡུལ་ལ་སྨིག་པ་ཤིན་ཏུ་སྟུག
རླུང་བུའི་གཞས་ཆུང་གིས་རྟ་ཁྱུ་དག་རི་ནས་ཕབས
དགོན་གྲོང་གི་དཀྱིལ་དབུས་སུ་སྤྱང་ལྟོགས་ཀིས་མུན་པ་འཆའ
མིག་གིས་རྒྱང་རིང་རྒྱང་རིང་ལ་བལྟས་ན
གཙང་འགྲམ་གྱི་ཟླ་བ་དབྱངས་ཅན་མཐོང་ཐུབ
དུས་དེ་ནས མུན་པ་འཐིབས་པའི་གཡང་རོང་ནི་བདག་གི་ཁང་ཁྱིམ་བྱས་ཆོག
༢༠༡༥.༡༠.༢༣ ལ།
སུན་སྣང་།
སྙན་དེབ་ཅིག་གི་མདུན་དུ
ཆུ་གཙང་དམ་བུ་གང་ཕུལ་རྗེས
མཚོན་དོན་གྱི་ནགས་ཚལ་དེར་ལྷ་ཀླུ་འཁོར
རྣམ་ཤེས་དང་ས་གཞི་ལ་མེ་ཏོག་བཞད
མཚམས་མི་ཆད་པའི་དབྱངས་ཀྱི་རི་མོ
མཐའ་ཡས་པའི་གར་སྟེགས་སུ་ཡང་ཡང་མངོན
འུར་ཟིང་དང་ས་སྲོད་ཀྱི་ཡོལ་བའི་རྒྱབ་ནས
མིག་གི་གྲིབ་མར་འཁྱུད་པའི་གཙང་བོ་ཞིག
སྐྱོ་གདུང་གིས་གཟིར་བའི་སྙན་ངག་པ་ཞིག་གི་སྐྲ་གསེབ་ཏུ་བབས
༢༠༡༥.༡༠.༢༣ ལ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com