ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི་བརྩམས་སྒྲུང《མིའེ་ལིའང་ཕ་བུ》།
སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི་བརྩམས་སྒྲུང《མིའེ་ལིའང་ཕ་བུ》།
རྩོམ་པ་པོ།:སྙིང་མོ་སྐྱིད་ཀྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-07-11 09:27:00
ཀློག་གྲངས།:
4
ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན་ཏེ། ལོ་ངོ་བརྒྱ་དག་ཉི་ཤུའི་སྔོན་གྱི་ཉིན་མོ་འདིར། ལིའང་ཚང་གིས་མེས་པོ་ཚོས་མིས་མའོ་ཐན་རི་རྒྱུད་ནས་དམར་འཛིང་ཁྲག་འཛིང་བྱས་ཏེ། ཤ་ཁྲག་གི་ཕུང་བོ་ཉིས་བརྒྱ་ལྷག་གིས་འཇར་པན་མཚོ་ཇག་ཕམ་པར་བཟོ་མི་ཐུབ་པའི་ལྷ་སྒྲུང་གཏོར་ལ། འཇར་དམག་གིས་ནུབ་ཕྱོགས་ནས་ཧྥིན་ཐན་ལ་དཔུང་འཇུག་བྱེད་པ་བཀག་འགོག་བྱས། ཉིན་དེ་ནི་ལིའང་ཚང་གི་འདས་སྐར་ཡིན། བུས་ཁ་པར་ནང་ནས་ཡོང་རྒྱུ་ཁས་བླངས་མོད།
མཐའ་མར་ལོག་མ་བྱུང་། ལིའང་ཀུའུ་ཚང་རེ་ཐག་གཏིང་ནས་ཆད། རང་གིས་འཕུང་ཕྲུག་ཅིག་སྐྱེས་པ་ཁས་བླངས་བ་དང་དུར་མདུན་དུ་པུས་མོ་བཙུགས་ནས་སྐད་ཆེན་པོས་ངུས་ནས་རང་ཉིད་ལ་ཁ་རྡུང་དྲག་པོ་གཏོང་བཞིན་མེས་པོར་འོས་མེད་བྱས་སོང་ཟེར།
སྟབས་ལེགས་པ་ཞིག་ལ་ཚ་བོའི་ལག་ཆུང་མཉེན་མོ་དེས་ཁོའི་མིག་ཆུ་ཕྱིས་པས། ཁོ་སྡུག་བསྔལ་གྱིས་མནར་ནས་དྲན་པ་འཐོར་དགོས་མ་བྱུང་།
དགོང་མོར་བཟའ་མི་གང་བོས་ཁ་གཡེང་མིག་གཡེང་གིས་བརྙན་འཕྲིན་ལ་བལྟས། པའེ་ལིན་གཅིག་པུས་བློ་བདེ་བག་ཕེབས་ངང་བསྟུད་མར་བརྙན་འཕྲིན་བརྒྱུད་ལམ་བརྗེ་བཞིན་འདུག ཚ་བོ་འགུལ་རིས་ལེ་ཚན་ལྟ་རྒྱུར་དགའ་ལ། པའེ་ལིན་ཕྱོགས་བསྡུས་སྒྱུ་རྩལ་ལེ་ཚན་ལ་ལྟ་བར་དགའ། དགོང་མོ་འགུལ་རིས་མེད་པས་བརྙན་འཕྲིན་ནི་པའེ་ལིན་གཅིག་པུར་དབང་བ་ཡིན།
ཕྱོགས་བསྡུས་ལེ་ཚན་ནི་ཐད་གཏོང་ཡིན་ལ། ཤེས་རྩལ་འགྲན་བསྡུར་ཆེན་མོ་ཟེར་བའི་ལེ་ཚན་ཞིག་ཡོད་ཅིང་། འགྲན་ཞུགས་པ་ཚང་མས་རང་གི་མཐུ་རྩལ་ཕུལ་བྱུང་དེ་ངོམ་ཅི་ཐུབ་བྱེད་པས་ལྟ་མཁན་ཚང་མས་བསྟོད་པའི་མེ་ཏོག་གཏོར། མིང་ལ་ཡེ་ལིའུ་ཧྲི་པཱ་ཟེར་བ་ཞིག་ཡོད་ལ། དེ་གཅིག་པུར་རོལ་དབྱངས་གྲགས་རུང་མི་མཐོང་རྒྱུ་མི་འདུག རོལ་དབྱངས་དེ་ནི་བཟའ་མི་གང་བོར་ཆ་རྒྱུས་ཡོད་པའི《ཝ་དཀར》ཟེར་བ་དེ་རེད།
པར་རིས་སུ་སྟོང་ལྷང་ལྷང་གི་རྒྱབ་ལྗོངས་ལས་ཅི་ཡང་མེད། པར་ཆས་ཀྱི་ཤེལ་སྒོར་མར་གཏད་པ་ན་གར་སྟེགས་སྟེང་ལུས་ཡོངས་དཀར་གཙང་ཡིན་ཅིང་ལུས་ལ་ལྭ་བ་དམར་པོ་གྱོན་པའི་ཁྱི་ཕྲུག་ཅིག་འཛེགས་ཡོང་། བསམ་ཡུལ་འདས་བ་ཞིག་ལ་རོལ་དབྱངས་གི་འགྱུར་བག་དང་བསྟུན་ནས་ཁྱི་ཕྲུག་དེས་ལྡེམ་ལྡེམ་འཁྱུག་འཁྱུག་གིས་ཞབས་བྲོ་འཁྲབ་བྱུང་། འགུལ་སྟངས་ལ་སྒེག་ཉམས་ལྡན་པས་གར་མཁན་མ་ཞིག་དང་ཀུན་ནས་མཚུངས། གླུ་དབྱངས་ཁྲོད་གྱི་བུ་མོའི་སྐད་གདངས་དེ་ཅུང་སྐྱོ་ཉམས་ལྡན་ཞིང་། ཁྱི་ཕྲུག་གི་སྟངས་སྟབས་ལས་ཀྱང་སྐྱོ་ཉམས་ཤིག་ངང་གིས་མངོན་ཡོང་།
ཁྱོད་ཀྱི་ཆེད་དུ་ཡང་བསྐྱར་ཞབས་བྲོ་ཞིག་འཁྲབ་ན་ཆོག་གམ།
གྱེས་ཁར་ཁྱོད་ཀྱི་ལག་བརྡ་དེ་ཕྱིར་མིག་འདིའི་ཆེད་ཡིན།
ཁྱོད་ཀྱིས་བལྟས་དང་ཕུ་ཐུང་ལྷབ་ལྷུབ་བསྐྱོད། ཕུ་ཐུང་ལྷབ་ལྷུབ་བསྐྱོད......
ནམ་འཚོའི་བར་དུ་གནས་པ་ཚང་མ་སྟོང་བ་ཉིད་དུ་བརྩིས་ཆོག
རྒྱབ་ལྗོངས་སུ་ཁྱི་ཕྲུག་གི་ཆེད་སྟོན་པར་རིས་ཤིག་ཤར་བ་ན། ཁྱི་ཕྲུག་གི་མིག་ཟུང་མཆི་མས་ཁེངས་འདུག
པའེ་ལིན་གྱིས་གློ་བུར་དུ་སྐད་བརྒྱབ་བྱུང་། ཝ་དཀར་རེད། འུ་ཚང་གི་ཝ་དཀར་རེད་ཟེར།
ལིའང་ཀུའུ་ཚང་རྒན་རྒོན་གཉིས་ཀ་ལམ་སེང་ཙོག་པུར་བསྡད་པ་དང་མིག་གིས་བརྙན་འཕྲིན་ལ་ཅེར་ནས་བསྡད། ངོ་མ་རེད། དངོས་གནས་རེད། ཁྱོད་ཀྱིས་ཨམ་ཅོག་ལ་ལྟོས་དང་། ལུག་ཁྱུའི་འཁྲི་དང་འཐབ་རྩོད་བྱས་ནས་ཨི་ཁུང་ཆུང་ཆུང་ཞིག་ཕུག་པ་དེ་མིན་ནམ། ཝ་དཀར་བུ་དང་འགྲོགས་ནས་སོང་བ་ཡིན། ཁ་པར་རྒྱག་ཐེངས་རེར་ལིའང་ཀུའུ་ཚང་གིས་ཝ་དཀར་ལ་འཚམས་འདྲི་ཞུ་ངེས། ད་སྐབས་ཝ་དཀར་ཡེ་ལིའུ་ཧྲི་པཱ་རུ་གྱུར་བ་ཅི་ཡིན་ནམ།
རོལ་དབྱངས་གཏོང་མཚམས་བཞག་པ་ན་མདོ་འཛིན་པ་བསླེབས་བྱུང་། གློ་བུར་དུ་འདི་ནི་སྔོན་འགྲོའི་རོལ་དབྱངས་ཡིན་ཞིང་། ཡེ་ལིའུ་ཧྲི་པཱ་ནི་འགྲན་ཞུགས་པ་མིན་པས་འགྲན་བསྡུར་ལ་མི་ཞུགས་ཞེས་ཁྱབ་བསྒྲགས་བྱས། ལིའང་ཀུའུ་ཚང་སྔར་ལས་བློ་འཚབ་བྱུང་། ཝ་དཀར་ཡེ་ལིའུ་ཧྲི་པཱ་རུ་གྱུར་འདུག བུས་ཕྱི་རོལ་ནས་ཁ་གསོ་མ་ཐུབ་པར་ཝ་དཀར་བཙོང་བས་མིང་ཁྱད་མཚར་འདི་འདྲར་བརྗེས་བ་རེད། ཁོ་ཁོང་ཁྲོ་ལངས་ནས་བརླ་ཐོག་ལ་ཤུགས་ཀྱིས་རྡུང་ཞོར་རང་གིས་བུར་ཝ་དཀར་ཁྲིད་དུ་བཅུག་པར་འགྱོད་པ་སྐྱེས། ཁྱི་དེའི་ལུས་སྟེང་ལིའང་ཚང་གི་རྣམ་ཤེས་ཉིས་བརྒྱ་ལྷག་གོང་བུར་འགྲིལ་ཡོད་པས་ལྟོགས་ནས་ཤི་སོང་ཡང་ཁྱི་བཙོང་མི་རུང་ཡ། བུ་འཕུང་རྒན་འདིས་ཁྱིམ་ཚང་སྟོང་བར་མ་བཏང་བར་ཁོ་ཡིད་ཚིམ་མི་ཐུབ་པ་འདྲ།
མདོ་འཛིན་པས་མུ་མཐུད་དུ་ངོ་སྤྲོད་བྱེད་རྒྱུར། བདག་པོ་ངོ་མ་གར་སྟེགས་སྟེང་ལམ་སེང་ཡོང་རྒྱུ་ཡིན་ལ། ཁོ་ཐེངས་འདིའི་འགྲན་བསྡུར་ལ་ཆེད་དུ་གདན་འདྲེན་བྱས་པའི་སྐུ་མགྲོན་ཏེ། དམངས་ཁྲོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་ཡེ་ལིའུ་ཧྲི་པཱ་རེད་ཟེར། ལིའང་ཀུའུ་ཚང་གི་སེམས་པ་ཅུང་བདེ་ལ་བབས་བྱུང་། བདག་པོ་ཞིག་ཡོད་པས་བཙལ་ནས་མི་རྙེད་པར་སྐྲག་དགོས་དོན་མེད། ཡེ་ལིའུ་ཧྲི་པཱ་རྙེད་པར་བྱས་རྗེས་དངུལ་ག་ཚོད་དགོས་ཀྱང་ཝ་དཀར་ཕྱིར་ཉོ་དགོས་བསམ།
ཡེ་ལུའུ་ཧྲི་པཱ་གར་སྟེགས་སྟེང་མངོན་བྱུང་། ལིའོ་རྒྱལ་རབས་ཀྱི་མིའི་ཆས་སྤྲས་འདུག་སྟེ། མགོ་བོའི་གཞོགས་གཉིས་ཀྱི་སྐྲ་བཞར་ནས་འཇམ་པོར་བཏང་ཞིང་། ལྟག་རྒྱབ་ཏུ་རལ་བ་ཆུང་ཆུང་ཞིག་བཞག་ཡོད། གདོང་ལ་མཛེས་འཆོས་བྱུག་རྫས་མཐུག་པོས་སྤྲས་འདུག་ཀྱང་ལིའང་ཀུའུ་ཚང་གིས་ལམ་སེང་ངོ་ཤེས་སོང་། སྐྱག་པའི་ཡེ་ལིའུ་ཧྲི་པཱ། ཁོའི་བུ་ལིའང་ཁྲོན་པའོ་ཡིན་པ་གསལ་ཐག་ཆོད། སྐྱག་ཕྲུག་འདིས་ཚུལ་ལྡན་གྱི་དོན་གཅིག་ཀྱང་མི་བསྒྲུབ་པར་མིག་རྡེབ་དབང་ཙམ་ལ་ཇི་ལྟར་སྒྱུ་རྩལ་པ་ཞིག་ཏུ་གྱུར་པ་རེད་ཟེར།
འཇིག་རྟེན་འདི་ངོ་མས་བལྟས་ཀིན་བལྟས་ཀིན་ལྟ་མི་ཤེས་ཀི མི་སུ་ཡིན་རུང་མིང་གྲགས་ཅན་དང་མཁས་ཅན་དུ་གྱུར་ཐུབ།
པའེ་ལིན་ངར་ལངས་ནས་བརྙན་འཕྲིན་ལ་མཛུབ་མོ་བཙུགས་ནས་བུ་ལ། མགྱོགས་པོར་ལྟོས་དང་ཁྱོའི་ཨ་ཕ་རེད། ཁྱོད་ཀྱི་ཨ་ཕ་རེད་ཟེར།
བུས་སྐད་ཆ་བཤད་ཤེས་རྗེས་ནས་ཨ་ཕ་ཞེས་བོས་མ་མྱོང་ལ། ད་ལྟ་བྱིས་སྐད་ངག་ངོག་གིས་ཨ་ཕ་ཞེས་འབོད་བཞིན་འདུག
ལིའང་ཁྲོན་པའོ་ཡིས་ཁོའི་མིང་ལ་ཡེ་ལིའུ་ཧྲི་པཱ་འདོགས་དོན་ཅི་ཡིན་པ་འགྲེལ་བཤད་རྩ་བ་ནས་མ་བརྒྱབ། གར་སྟེགས་སྟེང་བུད་མ་ཐག་འཁྲབ་སྟོན་བྱས། ལེ་ཚན་གྱི་མིང་ལ་《བྱ་བརྒྱ་ཁྱུང་ཆེན་ལ་ཕྱོགས་པ》ཟེར། བྱ་ནི་བྱ་ངོ་མ་ཡིན་ལ། ཁྱུང་ཆེན་ནི་རྫུན་མ་ཡིན། ཝ་དཀར་གྱིས་ཁྱུང་ཆེན་གྱི་ལྭ་བ་གྱོན་འདུག ཁོས་རང་གི་ཁྱད་རྩལ་དེ་བཏོན་བྱུང་། མཛུབ་མོ་ཁ་ནང་དུ་བཅུག་ནས་ཤུ་བརྒྱབ་ནས་བྱ་བརྒྱའི་སྐད་ལ་ལད་མོ་བྱས་པ་ན། བྱ་རྣམས་ནི་སྐད་དེའི་ཁྲོད་རྒྱང་འཛིན་གྱིས་ཁ་ལོ་སྒྱུར་བ་ལྟར་ཝ་དཀར་བསྐོར་ནས་འཕུར། ཁོ་ཚོ་རུབ་རུབ་བྱས་ཟེར་ན་རུབ་ལ། ཕྱོགས་སུ་འཐོར་ཟེར་དུས་འཐོར་འགྲོ། ཁོས་སྐད་གཅིག་བརྒྱབ་ཚེ་བྱས་ལན་འདེབས་ལ། ཁོས་སྐད་མགྱོགས་པོར་བརྒྱབ་ན་བྱས་ཀྱང་མགྱོགས་པོར་རྒྱག ཁོས་སྐད་དལ་མོར་བརྒྱབ་ན་བྱས་ཀྱང་དལ་མོར་རྒྱག མཇུག་མཐར་བྱ་རྣམས་ཁོའི་ཕྲག་སྟེང་དུ་བབས།
ལིའང་ཀུའུ་ཚང་གིས་ཀྱང་བལྟས་ནས་ཧང་སངས་སོང་། བུས་ནམ་ཞིག་ལ་བྱ་དང་ཁ་བརྡ་བྱེད་པའི་ནུས་པ་ཞིག་སྦྱང་བ་རེད།
སྤྱིར་གར་སྟེགས་ལས་འཐེན་རྩིས་ཡོད་མོད་ལྟ་མཁན་རྣམས་ཀྱིས་ཕྱིེར་འཐེན་བྱེད་དུ་མི་འཇུག་པར་བུ་དང་ཝ་དཀར་གྱིས་ཕན་ཚུན་གཅིག་རམ་གཅིག་འདེགས་ཀྱི་རྩེད་མོ་སྟོན་ཟེར།
ལིའང་ཁྲོན་པའོ་ཡིས་མཛུབ་ཤུ་ལ་བརྟེན་ནས《ཝ་དཀར》ཞེས་པའི་རོལ་མོ་དེ་དཀྲོལ་ནས་ཁྱི་ཕྲུག་དང་མཉམ་དུ་ལྡེམ་ལྡེམ་གར་ལ་རོལ། ཞབས་བྲོ་ཚར་རྗེས་ལྟ་རྣམས་རྣམས་ཀྱིས་ཨང་རྩིས་ཀྱི་དྲི་བ་བཏོན་ནས་ཁྱི་ཕྲུག་ལ་རྩི་རུ་བཅུག ཐོབ་འབྲས་ག་ཚོད་ཡིན་ན་ཁྱི་ཕྲུག་གིས་དེ་འདྲའི་བར་ལ་ཟུག ཁོས་མཛུབ་མོ་སྤྱད་ནས་ཁྱི་ཕྲུག་དང་མཉམ་འབྲེལ་གྱིས་རྩེད་མཚར་བསྟན་ཅིང་། དྲི་བ་བཅུ་ལྷག་བཏོན་པ་ཁྱི་ཕྲུག་གིས་རྩིས་པ་གཅིག་ཀྱང་ནོར་མེད།
ལིའང་ཀུའུ་ཚང་གིས་ཚ་བོ་དམ་པོར་བཟུང་ནས་མིག་ཆུ་བཞུར་ཞོར་ཝ་དཀར་གྱི་ལུས་སུ་འུ་ཚང་གི་རྣམ་ཤེས་ཉིས་བརྒྱ་ལྷག་གོང་བུར་འདྲིལ་ཡོད་པས་སྤྱང་བོ་ག་ལ་མིན་ཟེར།
ལོ་སར་སྐབས་སུ་ལིའང་ཀུའུ་ཚང་གིས་སྡེ་བ་དང་མའེ་ལིའང་དབར་གྱི་ས་ལམ་དེར་ཐལ་རྡུལ་ལང་ལོང་བྱེད་ལ། ཅི་ཕུའུ་རླངས་འཁོར་འགའ་ཁོ་ཚང་གི་ཕྱོགས་སུ་འོངས་བ་མཐོང་། ལིའང་ཚང་གི་མིར་གནས་བབ་འདི་འདྲར་ཐུག་མྱོང་མེད་པས། གླང་ལུག་ཕག་གསུམ་དང་བྱ་གག་ངང་གསུམ་ཚང་མ་སྐྲག་ཐག་ཆོད་ནས་བླ་འདར་བཞིན་སྐད་རྒྱག་པར་བྱེད།
རླངས་འཁོར་དུ་ལིའང་ཁྲོན་པའོ་ཡོད་ལ། ཁོ་ཁྱིམ་དང་ཁ་བྲལ་ནས་ཟླ་བཅུ་འགོར་རྗེས་གཞི་ནས་ཁྱིམ་དུ་ལོག་བྱུང་། སྔར་ལྟར་ཡེ་ལིའུ་ཧྲི་པཱ་ཡི་ཆས་སྤྲས་ཤིང་། བུ་དང་མཉམ་དུ་ཞིང་ཆེན་གྱི་མི་འགའ་ཡང་བསླེབས་ཡོད། ཞིང་ཆེན་གྱི་མིས་ལིའང་ཀུའུ་ཚང་མཐོང་མ་ཐག་སྤྲོ་སེམས་འཁོལ་བའི་ངང་ལག་ཟུང་བསྲིངས་ཏེ། ལིའང་ཚང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གནས་གཞི་སྲུང་སྐྱོབ་བྱས་པར་བཀའ་དྲིན་ཞུས།
ཞིང་ཆེན་གྱི་མི་དང་མཉམ་དུ་འོངས་བའི་གྲོང་ཁྱེར་གྱི་མི། ད་དུང་རྫོང་མཁར་གྱི་མིས་ཀྱང་ཆེད་དངུལ་འདོན་སྤྲོད་བྱས་ཏེ་བློ་དཀར་མཚུན་ཁང་བསྐྱར་བསྐྲུན་བྱེད་པ་མ་ཟད། རང་སྲོག་བློས་བཏང་བའི་དཔའ་བོར་རྡོ་རིང་ཞིགབཞེངས་བར་འཐད་པའི་རྣམ་པ་བསྟན།
ལིའང་ཀུའུ་ཚང་གིས་རྨི་ལམ་རྨིས་པ་བཞིན་ག་བྱེད་འདི་བྱེད་མེད་པར་གྱུར། ཡིན་ཡང་ཁོ་འདི་ལྟར་བསྒྲུབ་པར་མི་འཐད། དེ་ནི་ལིའང་ཚང་གི་མེས་པོའི་དུར་ས་ཡིན་ལ། ནང་དུ་བཅུག་པ་ནི་མེས་པོའི་པུར་ཡིན། མ་གཞི་དེ་ནི་ལིའང་ཚང་གི་དོན་དག་ཡིན་པས་མཚུན་ཁང་བཙུགས་ནས་རྡོ་རིང་བཞེངས་དགོས་ཀྱང་ལིའང་ཚང་གིས་བསྒྲུབ་ཆོག དཔུང་ཆེན་དྲངས་ནས་ཚང་མ་འོ་བརྒྱལ་གཏོད་མི་དགོས། ད་དུང་བུས་འདི་ལྟར་གསང་བ་ཁྲོམ་བསྒྲགས་བྱེད་པར་ཁོ་དོགས་པ་སྐྱེས། གལ་ཏེ་འཁྲབ་སྟོན་བྱེད་པ་ཡིན་ཚེ་གཏན་ནས་འགྲིག་མེད།
བུས་ཨ་ཕ་རྗེས་ཕྱོགས་ལིའང་ཚང་གིས་བང་སོ་སྲུང་མི་དགོས་ལ། རྒྱལ་ཁབ་ཀྱིས་འུ་ཚང་ལ་སྲུང་རོགས་བྱེདཔས། ཁྱོད་གྲོང་ཁྱེར་དུ་སོང་ནས་སྐྱིད་པོར་བསྡད་ཆོག་ཅེས་འགྲེལ་བཤད་བརྒྱབ།
བུའི་དཔུང་བར་འཇུས་པའི་བུད་མེད་མཛེས་མ་དེས་ཀྱང་ཨ་ཕ་ང་ཚོ་མཉམ་དུ་གྲོང་ཁྱེར་དུ་འགྲོ་ཟེར།
ལིའང་ཀུའུ་ཚང་ཧང་སངས་ནས་གདོང་ཀྱང་སྔོན་པོར་གྱུར་ལ། པའེ་ལིན་ཧོར་ཐོར་བཞིན་བུད་མེད་དེར་ཅེར་བསྡད་དེ་གདོང་ཡོངས་དཀར་པོར་གྱུར།
བཟའ་ཟླས་རང་ཁྱིམ་འཐབ་སར་འགྱུར་བར་སྐྲག་ནས་མདུན་དུ་འཚང་སྟེ་ར་སྐོར་ནང་གི་སྒོ་ཟོག་དང་ཁྱིམ་བྱ་ཚང་མ་སྲོག་ལྡན་ཡིན། ང་ཚོ་བུད་སོང་ན་ཁོ་ཚོ་མིས་གང་འདོད་དུ་གསོད་ངེས། མེས་པོ་ཡོད་པས་ལིའང་ཚང་མའེ་ལིའང་དང་ཁ་མི་འབྲལ་ལ། ངེད་ཚང་གི་མནའ་མ་དང་ཚ་བོ་ཡང་གྲོང་ཁྱེར་ལ་དགའ་པོ་མེད་ཟེར།
བཤད་ཚར་བ་དང་རྒན་མོས་པའེ་ལིན་དང་ཚ་བོ་པང་དུ་བསྡམས།
མིང་ཡེ་ལུའུ་ཧྲི་པཱ་རུ་བསྒྱུར་བའི་ལིའང་ཁྲོན་པའོ་ཡིས་ཨ་ཕ་ཁྱོད་ཀྱི་ལག་རྩལ་དེར་བརྟེན་ནས་འུ་ཚང་གྲོང་གསེབ་མགྲོན་ཁང་དུ་བསྒྱུར་དང་། འུ་ཚང་གི་སིལ་ར་སིལ་བཏོགས་སའི་ར་བར་བསྒྱུར། རྩྭ་གདན་དྭངས་གསལ་དུས་ཆེན་ལ་ཚོང་འདུས་སུ་འགྲོ་བའི་རི་མོ་ཁ་ཤས་འཐག གནས་གཞི་བསྐྲུན་ཚར་དུས་འུ་ཚང་ནི་གྲོང་གསེབ་ཀྱི་ལྟ་སྐོར་ལྗོངས་རྒྱུ་བྱེད་ས་ཞིག་ཡིན་ཟེར།
ལིའང་ཀུའུ་ཚང་གིས་མགོ་བོ་ལན་འགར་གཡུགས། སྐབས་དེར་བསླེབས་དུས་མའེ་ལིའང་གི་ཟིང་ཟིང་ལོང་ལོང་གི་རྣམ་པ་དེ་ཁོས་ཚོད་དཔག་བྱེད་ཐུབ་ཅིང་། སེམས་གཏམ་བཤད་སའི་ཁྱིམ་གྱི་བང་སོ་ཡང་ཟིང་ཟིང་ལོང་ལོང་གི་གཞུང་གི་བང་སོ་རུ་འགྱུར་བས། ཁོས་ད་དུང་དུས་བདེ་ཞོད་འཇགས་ཀྱི་འཚོ་བ་ཉིན་ཁ་ཤས་ལ་སྐྱེལ་འདོད།
བུས་ལྷན་འཛོམས་ཟ་མ་ཞིག་ཀྱང་མ་ཟོས་པར་བུད་སོང་། དཔུང་བར་འཇུས་པའི་མཛེས་མ་དེ་དང་ཝ་དཀར་ཟེར་བའི་ཁྱི་གཉིས་མཉམ་དུ་རྒྱང་རིང་དུ་ཡལ་སོང་། ཝ་དཀར་ལིའང་ཚང་གི་མི་དང་དགའ་སྤྲོའི་ངང་གཅེས་ལངས་བྱས་རུང་མའེ་ལིའང་ནས་འདུག་མ་ཐུབ། ལིའང་ཚང་གིས་བུད་སོང་ན་བུད་སོང་། ཝ་དཀར་ཡོད་པས་བུས་རྩ་བ་བརྗེད་མི་སྲིད། དེ་ནི་ལིའང་ཚང་གི་བླ་སྲོག་ཡིན་ཟེར།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།