མཁན་པོ་ཚུལ་ཁྲིམས་བློ་གྲོས།
འོད་གསལ་ཉི་མ།
ཕལ་བའི་མི་ཡི་ཚུགས་ཀ་ཅན་པོ།།
འཕགས་པའི་ལྷ་ཡི་ཐུགས་བརྩེ་ཅན་པོ།།
གཞན་གྱི་དོན་དུ་འདུར་རྒྱུགས་ཅན་པོ།།
རང་དོན་དགོངས་པ་མེད་ས་ཅན་པོ།།
འགྲོ་བའི་ཆེད་དུ་སྐྱོ་བཤུམ་ཅན་པོ།།
ཆོས་བརྒྱད་བདུད་ལས་རྒྱལ་བ་ཅན་པོ།།།
མ་རིག་རྨོངས་མུན་བཅོམ་ནུས་ཅན་པོ།།
ཤེས་རབ་སྣང་བྱེད་སྦར་རྐྱང་ཅན་པོ།།
གྲུབ་མཐའི་ཆགས་སྡང་མཚམས་གཅོད་ཅན་པོ།།
སྤྲུལ་སྐུའི་ཉོག་གྲ་ཚར་གཅོད་ཅན་པོ།།
བསྟན་པའི་ཁ་ཕྱོགས་གསལ་སྟོན་ཅན་པོ།།
དགོན་པའི་དགོས་མཁོ་ནན་གསུང་ཅན་པོ།།
སྐད་ཡིག་དབུགས་རྒྱུན་སླར་གསོ་ཅན་པོ།།
དགེ་བཅུའི་རྩ་བ་གསར་བཙུགས་ཅན་པོ།།
བདེ་ཐང་འཚོ་བར་ཐུགས་ཁུར་ཅན་པོ།།
ཆོས་སྲིད་རྨང་རྡོ་བརྟན་འཇོག་ཅན་པོ།།
འཛམ་གླིང་གནའ་དེང་ཐུགས་མངའ་ཅན་པོ།།
བོད་ཀྱི་དུས་གསུམ་ཐུགས་འདང་ཅན་པོ།།
ཆིག་སྒྲིལ་རྡོག་རྩ་ཧྲིལ་བསྡོམས་ཅན་པོ།།
ཁ་བའི་ཚེ་སྲོག་དམ་འཛིན་ཅན་པོ།།
འཁྲུལ་བའི་སྨག་ཆེན་གཞོམ་ཤུགས་ཅན་པོ།།
ལུགས་གཉིས་ལམ་བཟང་སྟོན་མཆོག་ཅན་པོ།།
གཉོམ་ཆུང་མགོ་བོ་འགྱོག་ཐབས་ཅན་པོ།།
བཙན་པོ་ཚིག་གིས་ཟིལ་གནོན་ཅན་པོ།།
ལུང་རིགས་རྒྱ་མཚོ་མཛོད་འཆང་ཅན་པོ།།
བསླབ་གསུམ་སྲོག་གི་དམ་ཚིག་ཅན་པོ།།
གནས་ལུགས་འོད་ཀྱི་གཟི་མདངས་ཅན་པོ།།
འཚེ་མེད་ཞི་བའི་དེད་དཔོན་ཅན་པོ།།
བདེན་པའི་གསུང་གི་ཁ་ཡིག་ཅན་པོ།།
ཚད་མའི་སྐྱེས་བའི་མཚན་གཞི་ཅན་པོ།།
འགྲོ་བའི་སེམས་ཀྱི་སྟོན་པ་ཅན་པོ།།
བླ་མའི་ཐུགས་ཀྱི་ནོར་བུ་ཅན་པོ།།
ཉོན་མོངས་འདུལ་བའི་མཚོན་ཆ་ཅན་པོ།།
མཁྱེན་པའི་ཀློང་ཡངས་མཐའ་མེད་ཅན་པོ།།
བཟོད་པའི་གོ་ཆ་ལྕགས་ཁྲབ་ཅན་པོ།།
བསམ་གཏན་ཐུགས་རྒྱ་ཀུན་མཉམ་ཅན་པོ།།
ཤེར་རབ་འོད་ཀྱི་སྒྲོན་མ་ཅན་པོ།།
བརྩོན་འགྲུས་ཆུ་མོའི་བཞུར་རྒྱུན་ཅན་པོ།།
ཆོས་སྦྱིན་སྲོག་སྦྱིན་རིགས་སྦྱིན་ཅན་པོ།།
ཚུལ་ཁྲིམས་རྣམ་དག་དྲི་བཟང་ཅན་པོ།།
ཐུབ་བསྟན་ཕྱོགས་ཀུན་སྤེལ་མཁན་ཅན་པོ།།
མི་སྐྱར་ཆོས་ཀྱི་ལུང་ཁྲིད་ཅན་པོ།།
མི་སེར་སྒོམ་སྒྲུབ་ཉམས་ལེན་ཅན་པོ།།
སྡོམ་འབོགས་ཆོས་འཆད་ཁས་ལེན་ཅན་པོ།།
ཁེར་བྱོན་ཁེར་བཞུགས་ཁེར་འཚོ་ཅན་པོ།།
དུས་ཚོད་སྐར་ཆར་བཀོད་སྒྲིག་ཅན་པོ།།
འཕྲལ་ཕུགས་དུས་ཀྱི་འཆར་གཞི་ཅན་པོ།།
དུས་ཀྱི་སྟོན་པའི་མཚན་སྙན་ཅན་པོ།།
ཐ་སྙད་ཚིག་གི་རིག་མཛོད་ཅན་པོ།།
བདེན་དོན་འོད་ཀྱི་ཟེར་ཐིགས་ཅན་པོ།།
དགག་སྒྲུབ་སྟོབས་ཀྱིས་རྒྱལ་པོ་ཅན་པོ།།
དད་པའི་གཙུག་གི་བླ་མ་ཁྱེད་ཡིན།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com