བོད་ཡིག་གི་དཔེ་ཆ་གསར་བ《ཨ་མའི་གླུ》

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-06-12 15:51:00 ཀློག་གྲངས།:
     ཉེ་ཆར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་རང་རེའི་བོད་ཡིག་གིཨ་མའི་གླུ(ཨ་མ་ལ་འབུལ་བའི་གླུ)ཟེར་བའི་དཔེ་དེབ་གསར་བ་ཞིག་བསྐྲུན་བཀྲམ་བྱུང་། དེང་སང་མདོ་དབུས་ཁམས་གསུམ་དུ་བོད་ཡིག་གི་དམངས་གླུ། སྙན་གླུ། འབྲོག་གླུ། རོགས་གླུ་སོགས་བརྗོད་སྟངས་གླུའི་རྣམ་པའི་དཔེ་དེབ་མང་པོ་བྱུང་དང་འབྱུང་བཞིན་ཡོད་མོད། འོན་ཀྱངཨ་མའི་གླུའདི་ལྟ་བུ་བྱིས་པ་ན་ཆུང་རྣམས་ལ་རང་ཉིད་ཚོའི་མདུན་ལམ་དང་ལྷག་བསམ་མཚོན་པའི་གླུ་དེབ་བྱུང་བ་ཐོག་མ་རེད། འདིའི་ནང་དོན་བྱེ་བྲག་ལ་ཕ་མ་དང་དགེ་རྒན་སོགས་དྲིན་ཆེན་རྣམས་ལ་གུས་བཀུར་དྲིན་ལན་དང༌། བསམ་སྤྱོད་ཡ་རབས་དང༌། སློབ་གསོ་དང་ངལ་རྩོལ་སོགས་ལ་དགའ་བ། དུས་ཚོད་དང་གོ་སྐབས་སོགས་དམ་འཛིན། མི་ཚེ་དང་ཚེ་སྲོག་བཅས་ལ་གཅེས་སྤྲས། འཚོ་བ་དང་ཁོར་ཡུག་སོགས་ལ་སྲུང་སྐྱོབ། ལས་འགན་འོས་འགན་ཕྲག་ཏུ་ཁུར་བ་སོགས་འདོན་པ་སྟེ། དེང་སང་བོད་མི་རྒན་གཞོན་ཕོ་མོ་སེར་སྐྱ་མང་པོའི་སེམས་པ་དང་ཁྱད་ཆོས་འབུར་དུ་ཐོན། བསླབ་བྱའི་རང་བཞིན་དང་དོན་དངོས་རང་བཞིན། སློབ་གསོའི་རང་བཞིན། དཔྱད་ཞིབ་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པས། བོད་མིའི་ཁྲོད་དུ་སློབ་སྦྱོང་གི་ནུས་བ་ཐོན་པ་ཞིག་རེད།
     ཀན་ལྷོའི་ལོ་ཙཱ་དང་གསར་འགོད་པ་རྒན་ཨ་ཁྱིག་ལགས་ཀྱིས་བརྩམས་པའིཨ་མ་ལ་འབུལ་བའི་གླུ
ཞེས་པའི་གླུ་དེབ་འདི་ལ་གླུ་ཚིག་སྟོང་ཚོ་གསུམ་ལྷག་ཏེ། དཀར་ཆག་ལ་ཀ་ཁ་སུམ་བཅུའི་ཚན་པ་བརྒྱ་ལ་དེབ་སྟོད་ཆ། སྨད་ཆ། བར་ཆ་གསུམ་ཕྱེས་ནས་བོད་ཡིག་ཀློག་མཁན་ཀུན་དང་། སྒོས་སུ་འབྲོག་པ་རྫི་བོ་དང་སློབ་གྲྭའི་དགེ་སློབ། དེང་སང་གི་གླུ་བ་གླུ་མ་བཅས་ལ་རང་ཉིད་ཀྱི་དགོས་འདོད་ལྟར་དུ། ཀློག་བདེ་བ། གོ་བདེ་བ། བཀོལ་བདེ་བ་ཞིག་ཡིན་མཚོན་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།