དགེན་དང་རྒན་གྱི་ཁྱད་པར་གླེང་བ།
རྩོམ་པ་པོ།:དགེ་རྒན་ཆེན་མོ་བདེ་མཆོག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2019-01-03 09:53:00
ཀློག་གྲངས།:
དགེན་དང་རྒན་གྱི་ཁྱད་པར་གླེང་བ།
འཆད་འཁྲིད་པ། དགེ་རྒན་ཆེན་མོ་བདེ་མཆོག
ཡི་གེར་ཕབ་མཁན། འབྲིང་བ་སྐམ་པོ།
དེས་ན་ངའི་བཤད་བྱ་གཙོ་བོ་ནི་དགེ་རྒན་ཞེས་པའི་ཐད་ནས་ཁ་བརྡ་ཞིག་བྱ། ད་ལོར། ང་ལ་དྲི་བ་རེ་འདྲེན་གི། གང་ཞིག་འདྲེན་ཞེ་ན། དགེན་ཞེས་བྲིས་ན་ཆོག་མི་ཆོག་གི་ཐད་ནས་དྲི་བ་དྲིས་ཐལ། དགེན་ཞེས་བྲི་དགོས་དོན་ཅི་ཡིན་དྲིས་པ་ཡིན། རྒན་ཞེས་བྲིས་ན་ཅུང་བདེ་མོ་ཞིག་མིན་ཟེར། ཅིའི་ཕྱིར་བདེ་མོ་ཞིག་མིན་པ་དྲིས་པ་ན། སློབ་གྲྭ་ཆེ་འབྲིང་གི་དགེ་རྒན་ལ་རྒན་ཞེས་བྲིས་ན་འོས་ཀྱང་། སློབ་ཆུང་གི་ཀ་ཁ་ག་ང་འཁྲིད་མཁན་གྱི་དགེ་རྒན་ནང་ན་ད་དུང་བཟའ་བསྒྲིག་མ་བྱས་པར་བྱིས་དུས་རྩེད་འཇོ་ལ་རོལ་མཁན་མང་བས། དེ་དག་ལ་རྒན་ཞེས་བྲིས་ན་ཅུང་བདེ་མོ་ཞིག་མིན། དེ་བས་དགེན་ཞེས་བྲིས་ན་བདེ་མོ་ཞིག་རེད། ཅེས་བཤད། དེ་ཁྱོད་ཁག་མེད་ཀི། རྒན་ཞེས་པ་མགོ་སྐྲ་དུང་ལྟར་དཀར་ཞིང་ཐོད་པ་གཉེར་མས་གང་བ། ཁ་ཆུ་སྣ་ཆུ་ཚགས་ཀི་མེད་མཁན་ཞིག་ཡིན་དགོས་ཀྱང་། སྤྱིར་རྒན་ཞེས་པར་རྣམ་པ་བཞི་ཡོད་དེ།
༡ བསླབ་པ་དང་ཡོན་ཏན་གྱི་རྒན་པ། དཔེར་ན། གྲོང་བ་རྒན་པོ་ལོ་བརྒྱད་བཅུ་ཅན་ཞིག་དང་སེར་མོ་བ་ལོ་བཅོ་བརྒྱད་གཉིས་གོང་འོག་བྱས་ནས་འདུག་དགོས་ཚེ། གྲོང་བ་ལོ་བརྒྱད་བཅུ་ཅན་གོང་ནས་མི་འདུག་པར་སེར་མོ་བ་ལོ་བཅོ་བརྒྱད་ཅན་དེ་གོང་དུ་འདུག་དགོས། རྒྱུ་མཚན་གང་ཡིན་ཞེ་ན། བསླབ་པ་མ་གཅིག་པས་ཡིན་ཏེ། ཁོང་གི་བསླབ་པ་དགེ་སློང་གི་བསླབ་པ་ཡིན་སྟབས་གོང་དུ་འདུག་དགོས། ཁྱོད་ལོ་བརྒྱད་བཅུ་ཡིན་ཡང་བསླབ་པ་དམའ་བས་འོག་ནས་འདུག་དགོས།
༢ རིགས་ཀྱི་རྒན་པ། དཔེར་ན། སྔོན་གྱི་བཤད་ཚུལ་ལྟར་ན་རྒྱལ་བོའི་བུ་དང་། དིང་སང་གི་བཤད་ཚུལ་ལྟར་ན་ཧྲུའུ་ཅི་དང་ཀྲུའུ་རེན་སོགས་གོང་ནས་འདུག་དགོས། མི་སེར་ཟེར་ན་གོ་དང་མི་གོ་ཆ་མ་འཚལ། དེ་བས老百姓ཟེར་ན་གོ་སླ་བར་སྙམ། དེ་ཞོལ་ནས་འདུག་དགོས། མངའ་ཐང་དང་རིགས་རུས་ཀྱི་རྐྱེན་གྱིས་ཧྲུའུ་ཅི་དང་ཀྲུའུ་རེན་དག་གོང་ནས་འདུག་དགོས། རིགས་རུས་དང་མངའ་ཐང་གཉིས་ཁ་ཁ་ཡིན་ཡང་འབབ་ས་ཕལ་ཆེར་གཅིག་ཡིན།
༣ ལོངས་སྤྱོད་ཀྱི་རྒན་པ། ཕྱུག་པོ་དང་དབུལ་བོ་གཉིས་ཀ་སུ་གོང་དུ་འདུག་དགོས་པ་ངས་མ་དྲིས་ཀྱང་ཁྱོད་ཚོས་ཤེས་རྒྱུ་རེད། ཕྱུག་པོ་ལོ་སུམ་ཅུ་ཅན་ཞིག་ཡིན་ན་མགོ་སྒུར་སྒུར་དང་སྒྱིད་པ་ཞུམ་ཞུམ་གྱིས་གོང་དུ་སྡོད་ཅེས་ཟེར་བ་དང་། མེད་པོ་ལོ་བརྒྱད་བཅུ་ཅན་ཞིག་ཡིན་ན་སྤྲང་བོ་གན་མར་སོང་ཟེར་ངེས།
༤ ལོའི་རྒན་པ་ཡིན། དེ་ལྟར་རྒན་ལ་ནང་དོན་མི་འདྲ་བ་བཞི་ཡོད་དེ། དེས་ན། སློབ་ཆུང་གི་ཀ་ཁ་ག་ང་འཁྲིད་མཁན་གྱི་དགེ་རྒན་ལོ་བཅོ་ལྔ་ཅན་གྱི་བུ་བུ་མོ་སུ་ཞིག་ཡིན་ཀྱང་། ཡོན་ཏན་གྱི་རྒན་པ་ཡིན་པ་དང་། སུ་ལ་བལྟས་ཏེ་ཡོན་ཏན་གྱི་རྒན་པ་རེད་ཅེ་ན། སློབ་མ་རྣམས་ལ་བལྟས་ཏེ་ཡོན་ཏན་གྱི་རྒན་པ་ཆགས་པ་རེད། དེས་ན། ཁྱོད་ཀྱིས་དགེན་འབྲི་བའི་སྐུ་ཚེགས་མྱོང་མི་དགོས། དགེན་ཞེས་བྲིས་ན་ཇེ་མཐོ་ཡིན་ནམ་ཇེ་དམའ་ཡིན། གདོང་ལ་གཉེར་མ་མེད་མཁན་ལ་གོ་དགོས་སམ་གཉེར་མ་ཡོད་མཁན་ལ་གོ་དགོས། དེ་ངས་མི་ཤེས་ཀི། སྤྱིར་འུ་ཅག་ལ་ཐ་སྙད་གསར་བ་དང་ཡི་གེ་གསར་བ་དགོས་ཤིང་། དེ་མི་དགོས་ཟེར་ན་བླུན་པོ་རེད། རྒྱུ་མཚན་གང་རེད་ཅེ་ན། དངོས་པོ་གསར་བ་དང་བྱ་བ་གསར་བ་བྱུང་གི་ཡོད། དེ་བས་དེ་དག་མཚོན་པར་བྱེད་པའི་ཐ་སྙད་གསར་བ་དགོས་ནི་རེད། མེད་པ་དེ་ཡོད་པར་བྱེད་རྒྱུ་ང་ཚོའི་འོས་འགན་རེད་མ་གཏོགས། སྔོན་ཆད་ཡོད་པ་དེ་མར་གཡུག་རྒྱུ་ནི་ང་ཚོའི་འགན་འཁུར་མ་རེད། ད་ལྟའི་དུས་ཚོད་ལ་སྔོན་ཆད་ཡོད་པ་དེ་མར་གཡུགས་ནས་ཐ་སྙད་གསར་བ་ཞིག་བཟོ་བཞིན་ཡོད་པ་དར་ཆེ་བར་འདོད་དེ། དཔེར་ན། ངའི་དཔེ་འདི་རྙིང་བ་ཞིག་ཡིན་ཀྱང་དོ་དགུང་དཔེ་འདི་འཇོག གང་རེད་ཟེར་ན། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཟེར་བ་འདི་རེད། ཐང་སྟོང་རྒྱལ་པོས་བོད་ཀྱི་རིག་གནས་ཁྲོད་དུ་མཛད་རྗེས་རླབས་པོ་ཆེ་བཞག་ཡོད། དེའི་སྟབས་ཀྱིས། སྤྱི་ལོ༡༩༤༩ལོའི་ཡར་སྔོན་བོད་ཀྱི་ཟློས་གར་སྟེགས་བུའི་ཐོག་ཏུ་བབ་རིས་གང་ཡོད་དམ་ཞེ་ན། ཐང་སྟོང་རྒྱལ་པོའི་སྐུ་གཟུགས་ཡོད་ནི་རེད། དེ་ནས་གླུ་དང་བྲོ་རྡུང་ལེན་གང་དགར་རྩེད་ཆོག དེའི་མིང་ལ་བབ་རིས་ཟེར་བ་དང་། ཅིའི་ཕྱིར་བབ་རིས་ཟེར་ཞེ་ན། གང་སྐབས་སུ་བབ་པ་དེ་རི་མོའི་སྒོ་ནས་བརྡ་སྟོན་པ་དེ་ལ་བབ་རིས་ཟེར། དེ་མ་ཤེས་པར་背景ཞེས་པ་背རྒྱབ་དང་景ལྗོངས་ཞེས་ཡི་གེ་རེ་རེ་བྱས་ནས་ཐོད་གཏུགས་པ་རེད། དེར་འུ་ཅག་བོད་ལ་གཏམ་དཔེ་ཞིག་ཡོད་དེ། སྡུག་ཐུག་གི་བྱ་བ་མཛུབ་ཐུག་ཟེར་བ་དེ་རེད་དོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།