དམངས་རྩོམ། ལྷ་སའི་ཁྲོམ།
རྩོམ་པ་པོ།:དམངས་ཁྲོད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-09-20 08:35:20
ཀློག་གྲངས།:
སྤང་རི་སེར་པོའི་རྩེ་ནས།།
གངས་རི་དཀར་པོའི་འདབས་ནས།།
ཡར་བལྟས་དགུང་སྔོན་གནམ་ན།།
དགུང་སྔོན་པོ་སྐྱིད་ཀྱི་གཞི་མ།།
འབྲུག་ཕོ་ཆུང་སྐྱིད་ལ་གཞིར་བཞག།
ཆར་བབས་པ་ལས་ཅན་འབྲས་བུ།།
ཕར་བལྟས་སྤང་དཀར་ཀླད་ན།།
སྤང་སེར་པོ་སྐྱིད་ཀྱི་གཞི་མ།།
སྤང་མེ་ཏོག་སྐྱིད་ལ་གཞིར་བཞག།
འབུ་སྦྲང་མ་ལས་ཅན་འབྲས་བུ།།
མར་བལྟས་སྡེ་ཆེན་དཀྱིལ་ན།།
ཕོ་ང་ཚོ་སྐྱིད་ཀྱི་གཞི་མ།།
མ་ཁྱོད་ཚོ་སྐྱིད་ལ་གཞིར་བཞག།
ཚིག་བཤད་པ་ལས་ཅན་འབྲས་བུ།།
སྟོད་དགུང་སྔོན་ནམ་ཁའི་ཆ་ན།།
བྱ་གཤོག་ཐོགས་ཚང་མ་འདྲ་རུང་།།
བྱ་རྨ་བྱ་སྔོན་མོ་སྡུག་གི།
སྤང་མེ་ཏོག་གཞི་ཡི་ཐོག་ན།།
དབྱར་མེ་ཏོག་ཚང་མ་འདྲ་རུང་།།
སྨན་གུར་ཀུམ་སེར་པོ་སྡུག་གི།
ས་མར་རུའི་སྡེ་ཆེན་དཀྱིལ་ན།།
མོ་སྐྱ་རིང་ཚང་མ་འདྲ་རུང་།།
ངའི་ཆུང་དུས་རྩེ་རོགས་སྡུག་གི།
མིག་ཆ་ག་པད་མ་དཀར་པོ།།
ཞེ་མཐུན་པའི་རོགས་ལོ་ཁྱོད་རེད།།
འདང་ཞེ་བརྩེ་ཅན་གྱི་རོགས་ལོ།།
ཞེ་མཐུན་པའི་འགྲོགས་འདང་ཡོད་ལ།།
ས་ཉི་མ་བླ་བྲང་གླིང་ནས།།
སྟོད་དབུས་གཙང་དག་པའི་ཞིང་ལ།།
འགྲོ་དགོས་པའི་བཀའ་བསྒོ་བབས་ཐལ།།
དཔོན་བླ་མའི་རྗེས་འབྲང་བྱོས་ཟེར།།
དེའི་མི་ཚད་གཡོག་འཁོར་བྱོས་ཟེར།།
ང་མི་འགྲོ་རང་དབང་མེད་ཀི།
ཟླ་བཞི་པ་ཚེས་ན་ལྔ་པ།།
ཟླ་ལྔ་པའི་ཚེས་པ་བརྒྱད་ལ།།
སྟོད་དབུས་གཙང་དག་པའི་ཞིང་ལ།།
ང་འགྲོ་བའི་ཉི་མ་ཐོན་ཐལ།།
ཞེ་མཐུན་པའི་དགའ་ལོ་བསྐྱུར་ན།།
སེམས་སྐྱོ་བས་སྙིང་རྩ་གཅོད་ཀི།
ང་བླ་བྲང་བཀྲ་ཤིས་འཁྱིལ་ལ།།
རྗེ་བླ་མ་ཞུ་གི་སོང་ནས།།
ལྷ་དཀོན་མཆོག་གཙུག་ལག་ཁང་དུ།།
དབུ་གསེར་ཏོག་སྐུ་གཟུགས་བདེའམ།།
གསེར་སེར་པོ་གསེར་ཁྲིའི་སྟེང་ན།།
རྗེ་གསེར་ཁྲི་རྣམ་པ་བཞི་བཞུགས།།
དེའི་གཡས་གཡོན་དངུལ་ཁྲིའི་སྟེང་གི།
ཡང་མཁན་པོ་རྣམ་པ་བརྒྱད་པོ།།
རྗེ་ཟླ་མའི་སྐུ་གཟུགས་བདེའམ།།
རྗེ་ཟླ་མ་རྣམ་པའི་ངག་ནས།།
འབྲུག་གཡུ་འབྲུག་འདྲ་ཞིག་གྲགས་ཐལ།།
སྟག་དམར་ཡག་ལྡིང་ནས་སྐྲག་ཐལ།།
སྟོད་གངས་དཀར་ཡ་ཆུང་སེམས་སུ།།
ཡིད་སྐྱོ་བའི་སྨུག་ནག་འཐིབས་ཀི།
ངའི་ཁོག་སྡུག་ཁ་ནས་མ་བཤད།།
སེམས་གཏིང་ནས་དཀོན་མཆོག་གསུམ་ལ།།
ངས་ཡང་ཡང་སྐྱབས་འཇུག་བྱས་ནས།།
ངའི་མཛད་བརྩེ་རོགས་ལོ་སྙིང་རྗེ།།
རྗེ་ཟླ་མའི་ཐུགས་ཀྱི་བྱིན་རླབས།།
སྲོག་དམར་པོ་བར་ཆད་མ་འབྱུང་།།
རོགས་ངེད་གཉིས་འདུ་རྒྱུའི་སྨོན་ལམ།།
ཁ་ཕྱིར་འཁོར་རང་ཡུལ་ཡོང་བ།།
ངས་འགྲོ་གྲོགས་མགོ་ཞིག་བསྐོར་ནས།།
ངའི་རང་ལུས་ན་གི་ཟེར་ནས།།
གཞུག་འཐེན་ནས་རྗེས་སུ་བསྡད་ནས།།
ང་རོགས་ལོའི་སྡེ་བར་ཡོང་ནས།།
ལོ་བཅོ་བརྒྱད་སྟེང་གི་རོགས་ལོ།།
ངོ་ཐུག་ན་འོ་ཆུ་འདྲེས་འདྲ།།
ཕྱོགས་གཅིག་ཏུ་ལོག་ནས་བསྡད་དེ།།
ཟས་སྡེར་ཐོག་གཅིག་ཏུ་ཟོས་ནས།།
ཚིག་སྙན་མོ་ཕར་བཤད་ཚུར་བཤད།།
སེམས་སྐྱོ་མོ་བལ་ཐུག་ལྷོད་ལྷོད།།
མིག་མཆི་མ་ཆར་ཐིགས་འབབ་འབབ།།
ངའི་གངས་དཀར་ཡ་ཆུང་སེམས་ནས།།
སྨུག་མེད་ལ་སྨུག་ཅིག་ཆད་ཐལ།།
ངའི་རོགས་ལོ་དུང་སོ་ཁ་སྒོས།།
བསམ་བསྡད་ནས་ཚིག་གསུམ་བཤད་ཀི།
ངའི་ན་ཆུང་རོགས་ལོ་སྙིང་རྗེ།།
སེམས་མ་སྡུག་ཆུང་དུས་རྩེ་རོགས།།
སེམས་གཏིང་ནས་ཁོ་ཐག་མ་ཆད།།
སྟོད་དབུས་གཙང་དག་པའི་ཞིང་ལ།།
ལམ་རྒྱང་ཐག་སྐྱ་མོ་ཡོད་རུང་།།
ཅི་འགོར་རུང་ལོ་ངོ་གསུམ་ཙམ།།
ཕྱིར་འཁོར་ནས་རང་ཡུལ་འཕྲད་ཚེ།།
རོགས་ལྷན་འཛོམས་སྐྱིད་སྣང་དཔག་མེད།།
རོགས་ངེད་གཉིས་སེམས་ཀྱི་རྩེ་དུངས།།
ཆར་ཁ་བས་བཅོམ་ནི་མི་ཆོམས།།
ལོ་ཟླ་བས་བཅད་ན་མི་ཆད།།
སེམས་མི་འགྱུར་གོར་མོའི་རྡོ་འདྲ།།
རྡོ་གོར་མོ་འགྱུར་རྒྱུ་ཆད་ཡོད།།
ལུས་ཕྲ་མོ་མདའ་སྨྱུག་འདྲ་མོ།།
འདང་བརྒྱབ་ན་ལྕགས་ཐག་བརྒྱུས་འདྲ།།
ལྕགས་ཨ་ལོང་གཅིག་འབྲེལ་གཉིས་མཐུད།།
ལྕགས་ཨ་ལོང་ནམ་ཡང་བརྒྱུས་ཡོད།།
རོགས་བརྩེ་དུངས་ཨ་ལོང་བརྒྱུས་འདྲ།།
ལྕགས་ཨ་ལོང་མ་འཐོར་གོང་དུ།།
སྐྱ་ས་ལེར་སྐྱ་རེངས་བཀྱགས་ཐལ།།
དཔོན་བཙན་པོ་བདུད་རྒན་འདྲ་བོས།།
མི་མངགས་ནས་འགྲོ་དགོས་ཟེར་གི།
ལྕགས་མ་ལོང་བཙན་གྱིས་གཏོར་ཐལ།།
ཞེ་ཆགས་ནས་འབྲལ་འདོད་མེད་རུང་།།
ང་མི་འགྲོ་རང་དབང་མེད་ཀི།
འགྲོ་གོམ་པ་ལམ་ལ་ལངས་ནས།།
ལུས་ཨ་འཇམ་ཚ་རུ་གོན་ནས།།
དམར་ལྡེམ་མེ་སྐེ་རགས་བཅིངས་ནས།།
འབྲུག་འདྲ་བའི་རྟ་བོར་ཞོན་ནས།།
སྒ་ཉི་ཟླ་འདྲ་ཞིག་བསྟད་ནས།།
ཁྲ་གསལ་ལེ་ཁྲ་རིང་ཁུར་ནས།།
ཁྲ་དཀར་རེ་སྐག་འཆིང་བཅིངས་ནས།།
འོད་ལམ་མེ་གྲི་ཆུང་བཏགས་ནས།།
དཔོན་ནོམ་རྩིས་ཅན་པོའི་རྗེས་སུ།།
སེམས་སྐྱོ་བཞིན་གཡོག་ལ་སོང་རུང་།།
ངའི་གོམ་པ་སྔར་སྤོས་ཕྱིར་འཐེན།།
ཞེ་སྣང་བ་བུ་མོར་ཞེན་ཆགས།།
ཞེན་ཆགས་ཆགས་དགའ་མོ་ཁྱོད་ཆགས།།
ཁྱོད་མིན་ན་ཆགས་དོན་ཅི་ཡོད།
ང་དེ་ནས་ཡར་ལ་བུད་དེ།།
ཉིན་བཅུ་གཅིག་སོང་བའི་ཕྱིར་ཉིན།།
ས་དངུལ་རྭའི་སྟོད་དུ་ཐོན་ཐལ།།
ས་དངུལ་རྭའི་ས་ཆ་ཟེར་བ།།
ཡུལ་སྐྱིད་པོ་ནམ་ཁ་ལངས་འདྲ།།
སེར་གྱི་ལེ་ཉི་རྩེ་བརྒྱབ་འདྲ།།
རྟ་རྒོད་མ་ཁྱུང་ཆེན་འཕུར་འདྲ།།
ལུག་གཡང་དཀར་ཁ་བ་བབས་འདྲ།།
འབྲི་མཛོ་མོ་མཚོ་རླབས་འཕྱུར་འདྲ།།
སྤང་མེ་ཏོག་འཇའ་ཚོན་ཤར་འདྲ།།
ཐང་རི་དྭགས་བྲོ་གར་རང་འཁྲབ།།
བྱ་འདབ་ཆགས་སྐད་སྙན་རང་སྒྲོག །
ས་ཡུལ་ལྗོངས་འདི་ཡི་ཉམས་ཀྱིས།།
ངས་ཡུལ་གྱི་རོགས་ལ་དྲན་ནས།།
སེམས་ཕྲ་མོ་རང་སྡུག་བྱུང་བ།།
ཁལ་ཕོག་ནས་སྤང་ལྗོངས་ཐོག་ཏུ།།
ཁོང་རྣམ་གསུམ་བཞུགས་ནས་ངལ་གསོས།།
འདིར་ཉིན་ཞག་བཅུ་གཅིག་སོང་བ།།
ཟླ་གསུམ་གྱི་སྣང་བ་ང་ཡོད།།
ངས་ཤུགས་རིང་ཡང་ཡང་འཐེན་ནི།།
ང་མགོ་ཐོག་བླ་མས་དྲིས་ཐལ།།
ཁྱོད་སེམས་སྡུག་ཅི་ཡིན་གང་རེད།།
སྟོད་དབུས་གཙང་ལྷ་ཡུལ་ཁམས་སུ།།
རྗེ་བླ་མར་གསོལ་བ་བྱེད་དམ།།
ང་རང་སྡུག་ཁོག་པའི་ནང་རེད།།
ངས་རོགས་ལོ་དྲན་པ་མ་བཤད།།
ས་ཐག་རིང་སོང་བའི་སྟབས་ཀྱིས།།
ལུས་རིན་ཆེན་མི་བདེ་ཞེས་བཤད།།
རྗེ་ཟླ་མས་ཞིབ་འདྲི་མ་བྱས།།
ཞག་གང་བོར་གཉིད་ཡུལ་མ་བདེ།།
སྐྱིད་རྨི་ལམ་ཁྱོད་དང་ལྷན་འདུག།
ང་སྐྱིད་ཅིག་ཡོད་པ་དེ་རེད།།
སྐྱིད་རྨི་ལམ་སད་ན་སྟོང་བ།།
དེ་ཡིད་ལ་ཤར་ན་སྡུག་གི །
ང་དེ་ནས་ཡར་ལ་སོང་ནས།
ཐང་ཆེ་བོའི་ཐང་མགོ་བརྩིས་ནས།།
ཐང་ཆེ་བོ་ཤོག་བུ་ལྟེབ་ལྟེབ།།
ཉག་ཆེ་བོའི་ཉག་མགོ་བརྩིས་ནས།།
ཉག་ཆེ་བོ་སྒྲོག་གུ་བརྟོལ་བརྟོལ།།
ལམ་རིང་བོའི་ལམ་མགོ་བརྩིས་ནས།།
ལམ་རིང་བོ་གྲུ་གུ་སྡོག་སྡོག།
ང་དེ་ནས་ཡར་ལ་སོང་ནས།།
ལུས་རྐང་པ་ཤིང་སྐམ་གྱུར་ཐལ།།
རྟ་དྲེལ་གསུམ་ལམ་ནས་ཤི་ཐལ།།
ས་དཔག་ཚད་གྲངས་མང་སོང་མཐར།།
སྟོད་ལྷ་སའི་ཁྲོམ་དུ་ཐོན་ཐལ།།
ཁལ་ཕོག་ནས་རྟ་དྲེལ་བཏགས་རྗེས།།
ང་འདུ་ཆེན་ཁྲོམ་ལ་ཡོང་ནས།།
སྨན་བུ་མོ་གཙང་ཆུ་འཕྱུར་འདྲ།།
གཙང་མེ་ཏོག་དར་མཚོན་རྒྱན་འདྲ།།
ངའི་སེམས་ཀྱི་པདྨ་མེད་ཀི།
རོགས་དྲན་སྣང་མཚོ་ལས་ཟབ་གི།
ཡིད་སྐྱོ་བ་སྤྲིན་ནག་འཐིབ་འཐིབ།།
ཡང་དགའ་མོའི་སྣང་བ་ཅི་ཡོད།།
བལྟ་ཟེར་བ་ཨ་སྔོན་སྟོང་པ།།
དཔོན་ཧམ་པས་ཚོང་ཆེན་བསམས་ནས།།
ཚོང་མ་ཡག་ཧམ་སེམས་མི་ཆད།།
ཞག་ཟླ་བ་གསོགས་ན་ལོ་རེད།།
ཚོང་བརྒྱབ་ནས་ལོ་ངོ་གསུམ་སོང་།།
དཔོན་གན་གི་ཆགས་ས་དངུལ་རེད།།
ང་ཆགས་སོ་རོགས་ལོ་ཁྱོད་རེད།།
ཁྱོད་མི་དྲན་ཉི་མ་གཅིག་མེད།།
ང་ལྷ་སའི་ཁྲོམ་ན་ཡོད་རུང་།།
སེམས་ཕྲ་མོར་རོགས་ལོ་ཁྱོད་བཟུང་།།
ལྷ་ཇོ་བོར་མཇལ་བའི་དུས་སུ།།
ངས་ཕྱི་མར་སྨོན་ལམ་མ་བརྒྱབ།།
ཚེ་ཕྱི་མར་རང་གིས་མི་ཤེས།།
ཚེ་ཕྱི་མར་ཟེར་བ་དེ་ཚོ།།
ལྟ་ཟེར་ན་རིག་མཐོང་མེད་ཀི།
འགྲོ་ཟེར་ན་འགྲོ་ལམ་མེད་ཀི།
འདུག་ཟེར་ན་གནས་ཡུལ་མེད་ཀི།
སྐྱིད་ཟེར་བ་ཤེས་རྒྱུ་མེད་ཀི།
ངས་དེ་ལ་སྨོན་ལམ་མ་བརྒྱབ།།
ཚེ་འདི་ལ་ལྷན་ཅིག་འགྲོགས་ཏེ།།
ཚེ་གང་བོར་ཞེ་མཐུན་ལྡན་ཏེ།།
རྒྱུ་ནོར་གསུམ་རྒྱས་ནས་སྐྱིད་རེད།།
དེར་སྨོན་ལམ་ཡང་ཡང་བཏབ་ཡོད།།
མི་མ་ཤི་གསོན་བྲལ་བྱས་ན།།
འདི་དམྱལ་བའི་ཁམས་ལ་ལྷུང་འདྲ།།
ཐག་རིང་སར་ཕྱིན་པའི་ལམ་ནས།།
ང་རོགས་དང་འཕྲད་པར་ཤོག་ཅིག།
མ་མཛེས་མ་རོགས་ལོའི་ཚེས་ལ།།
ཡང་གློ་བུར་བར་ཆད་མ་བྱུང་།།
རོགས་ཆུང་ལོར་བྲལ་ཏེ་ཡུན་རིང་།།
ཡུན་རིང་བོར་སྐྱོ་བ་བདེན་ལ།།
ལོ་གསུམ་ལྷག་མཆི་མས་བསྐྱལ་སོང་།།
སྐྱབས་བླ་མ་ཡིད་དམ་དཀོན་མཆོག།
རོགས་ངེད་གཉིས་མྱུར་དུ་ཕྲད་ཅིག།
ལས་བདེ་སྐྱིད་ལྡན་པའི་བསོད་ནམས།།
ང་བྱིན་རླབས་དེ་འདྲ་གནོངས་ཤིག།
ཡང་སྐྱིད་ལ་སྡུག་པའི་འཇིག་རྟེན།།
འདི་མི་རྟག་ནམ་མཁའི་གློག་འདྲ།།
ང་ཡིད་སེམས་ཆགས་པའི་རོགས་ལ།།
ངོ་མ་འཕྲད་ལོ་ངོ་གསུམ་སོང་།།
ངའི་ཡ་ཆུང་སེམས་ལ་ཆུ་བསགས།།
མིག་མཆི་མ་ཆུ་བཞིན་བཞུར་གི།།
ངའི་ཡིད་སེམས་སྐྱོ་ཡང་མི་ཕན།།
རོགས་ཆུང་ལོ་བདེ་བའི་སྨོན་ལམ།།
ང་ཚེ་འདིར་རོགས་ལོར་ཐུག་མོ།།
ཚེ་ད་ཐེངས་ཐུག་སྲོལ་མེད་ན།།
ཡང་ཕྱི་མ་བྱང་ཆུབ་ལམ་དུ།།
ང་རོགས་དང་འཕྲད་པའི་སྨོན་ལམ།།
ངས་གསོལ་བ་ཡང་ཡང་བཏབ་ཡོད།།
དགོང་ཚུར་ཡོང་སྨིན་དྲུག་ཤར་དུས།།
ཁྱོད་དུང་སོ་དངུལ་དཀར་འདྲ་བོ།།
སྐད་སྙན་མོ་གླིང་བུ་འདྲ་བོ།།
ང་བཅོ་ལྔའི་ཟླ་བ་འདྲ་བོ།།
ཡིད་འཛུམ་མདངས་པདྨ་འདྲ་བོ།།
ངའི་ཡིད་ལ་འཁོར་འཁོར་བྱེད་ཅིང་།།
ཁྱོད་བགད་ནས་གླུ་གར་འཁྲབ་ཀི།
ང་དགའ་ནས་གད་མོ་ཤོར་ཀི།
ངའི་ཞེན་ཆགས་མཛེས་མ་རོགས་ལོ།།
མཚན་རྨི་ལམ་མི་རྨིས་དུས་མེད།།
ནམ་སྐྱ་གསལ་སྐྱ་རེངས་འགྱོགས་དུས།།
མིག་རབ་རིབ་ཕྱེ་ནས་བལྟ་དུས།།
མིག་ཁྲ་རིལ་ཆ་ག་ཅན་པོ།།
ལུས་དྲང་མོ་གསར་སྨྱུག་འདྲ་མོ།།
གོས་དར་ཟབ་སྣ་ལྔས་བརྒྱན་ནས།།
ངོ་འཛུམ་འཛུམ་བྱུང་ནས་ཡོང་གི།
ངས་རོགས་ལོ་ཐོན་ཡོང་བསམ་ཐལ།།
མིག་གདངས་ནས་བལྟ་ཡག་བྱེད་དུས།།
རོགས་ཁྱོད་ཚོ་གང་ན་ཡོད་རྒྱུ།།
ནམ་རྒྱུ་རེངས་དང་པོ་བཀྱགས་ནས།།
ཡང་ལྷ་སའི་ཁྲོམ་ལ་ཡོང་ནས།།
ང་གློ་བུར་སྐད་བསྐུར་ཐོན་ཐལ།།
ངའི་མ་ལོ་ནད་ཀྱིས་ཟིན་ཟེར།།
ངའི་སེམས་ལ་སྡུག་བསྔལ་སྐྱེས་ནས།།
ཤ་མཆིན་པོའི་སྟེང་འོག་བརྗེས་ཀི།
འཚབ་འཚུབ་བེ་ཕྱིར་ལ་ལོག་ནས།།
ཁོང་རྣམ་པར་དགོངས་པ་ཞུས་ནས།།
ཁོང་རྣམ་པས་ང་ལ་གཟིགས་ཏེ།།
ཕྱིར་རང་ཡུལ་ལོག་ན་ཆོག་ཟེར།།
ང་དེ་འཕྲལ་ལམ་ལ་ཆས་ནས།།
ཁ་ཕྱིར་འཁོར་རང་ཡུལ་ཡོང་བ།།
བྱ་ཁུ་བྱུག་ནགས་རི་རྒྱུད་རྒྱུད།།
བྱིའུ་འཛོལ་མོ་ལྷ་མཚོ་སྙེག་སྙེག།
བྱ་ངང་བས་མཚོ་མགོ་སྐོར་སྐོར།།
འབུ་སྦྲང་མས་མེ་ཏོག་དྲན་དྲན།།
ཡུལ་ཕ་མས་བུ་ཕྲུག་གླེང་གླེང་།།
ལམ་ཉིན་མཚན་མེད་པར་བཅད་ནས།།
ལམ་སྐྱ་མོ་ཟླ་གསུམ་མ་འགོར།།
ལུས་བདེ་མོར་རང་ཡུལ་ཐོན་ཐལ།།
ངའི་མ་ལོའི་སྐུ་ལུས་བདེ་འདུག །
ཁོག་འཁྱགས་རོམ་ཕལ་ཆེར་བཞུས་ཐལ།།
སྐད་བསྐུར་བའི་ནང་དོན་གང་ཡིན།།
ངས་དེ་མིན་རོགས་ལོ་བསམ་ཐལ།།
འདི་གསལ་བོར་འདྲི་སྲོལ་མེད་ཀི།།
ཕྱི་ཉིན་གྱི་ཉི་མ་རྩེ་ཤར།།
ཁྱིམ་བཟའ་མི་མཉམ་དུ་འདུས་དུས།།
ཐུགས་བརྩེ་བས་སྐྱོང་བའི་ཕ་དང་།།
ཆུང་ནུ་ཞོ་སྟེར་བའི་མ་ལོས།།
བུ་བྲལ་བའི་དྲན་སྡུག་བཤད་པར།།
ངས་དྲིན་ཅན་ཕ་ལོ་མ་ལོར།།
རོགས་ཟེར་ནས་འདྲི་སྲོལ་མེད་ཀི།།
སེམས་བྲེལ་བ་སྐྱེས་ནས་འདུག་དུས།།
ངའི་རྩེ་རོགས་ན་ཟླ་ཐོན་ཐལ།།
ངས་ལྐོག་ཏུ་རོགས་ལོ་དྲིས་དུས།།
ཁོས་འཛུལ་མེད་འཛུམ་ཁུལ་བྱས་ནས།།
ཚིག་མགོ་རྔ་མེད་ནི་ཞིག་བཤད།།
རོགས་འཚམས་པོར་བདེ་མོ་རེད་ཟེར།།
ངས་ཞིབ་མོར་འདང་ཞིག་བརྒྱབ་ན།།
སྐད་བསྐུར་ནོ་རོགས་ལོ་ཁྱོད་རེད།།
ངའི་དོགས་པ་དེ་ནས་སེལ་ཐལ།།
ཡང་ཉིན་གསུམ་སོང་བའི་ཕྱི་ཉིན།།
ངའི་རོགས་ལོ་ཤེས་རྒྱ་ཅན་པོས།།
གཡུ་བྱུ་རུའི་རྒྱན་ཆ་བཏགས་ནས།།
གོས་ཚ་རུའི་གོས་ཤོམ་གོན་ནས།།
ཁ་དུང་སོ་དུང་དཀར་འདྲ་བོས།།
འཛུམ་མུལ་ལེ་འཚམས་འདྲིར་ཐོན་ཐལ།།
རས་དར་དཀར་ཁ་གང་ཁུག་ནས།།
ཞིམ་ཀ་ར་བུ་རམ་བླངས་ནས།།
མོས་ང་ལ་འཚམས་འདྲི་བྱས་ཐལ།།
རོགས་བརྩེ་དུངས་ཀ་རའི་མངར་རེད།།
ཡིད་དགའ་བ་ནམ་མཁའ་ལངས་འདྲ།།
སེམས་དགའ་སྣང་ཉི་མ་ཤར་འདྲ།།
ངའི་བསམ་པ་ཆགས་པས་བཟི་ནས།།
ངས་ཆུང་དུས་རོགས་ལོ་མཛེས་མར།།
ཚེ་གང་བོར་འགྲོགས་ན་ཨེ་ཆོག །
ངའི་བསམ་པ་ཁྱོད་ཀྱིས་ལོས་ཤེས།།
གསོན་འཇིག་རྟེན་འཁོར་བ་ཟེར་བ།།
དེར་བལྟས་ན་ལག་པའི་མཐིལ་རེད།།
ད་འཁོར་བའི་སྡུག་བསྔལ་ཟེར་བ།།
མཐའ་མེད་པ་རྒྱུ་མཚོའི་གཏིང་རེད།།
སྐྱིད་རྟ་བོར་མཉམ་ཞོན་ལོས་བྱེད།།
སྡུག་དབྱུག་པ་མཉམ་འཛིན་ལོས་བྱེད།།
དེ་བཞིན་དུ་རོགས་ལོར་དྲིས་པས།།
ངའི་རོགས་ལོ་ཚེ་རིང་སྒྲོལ་མ།།
མོ་ངོ་མདངས་སེར་བོར་གྱུར་ནས།།
མིག་མཆི་མ་འདོན་བཞིན་བཤད་ཀི།།
ཐུགས་མ་འཁྲུགས་ཚེ་བརྟན་ལོ་ལོ།།
ཁྱོད་སོང་ནས་ཟླ་དགུ་མ་འགོར།།
ངའི་ཕ་ལོ་མ་ལོ་གཉིས་ཀྱིས།།
ཡུལ་ཕ་མའི་བཙན་དང་དབང་གིས།།
ང་མི་འདོད་གཞན་ལ་བྱིན་ཐལ།།
གནས་སོང་ནས་ལོ་ངོ་བཞི་ཡིན།།
ང་ཚེ་རིང་བུ་ཞིག་སྐྱེས་ནས།།
ཟླ་གཞུག་མའི་ཚེ་བ་བཙོ་ལྔར།།
ངའི་བུ་ལོ་ཟླ་བ་གསུམ་ཡིན།།
ཞེ་མཐུན་པའི་ཚེ་བརྟན་ལོ་ལོ།།
ཁྱོད་དབུས་ལ་སོང་བའི་ཉིན་ནས།།
ང་མ་ཤི་དམྱལ་བ་ལྷུང་འདྲ།།
ལུས་རྣམ་ཤེས་བར་དོར་འཁྱམས་འདྲ།།
མཚན་རྨི་ལམ་ངན་པ་རྨིས་ཏེ།།
ཉིན་བྱ་ངན་དོན་དུ་འབབ་ཀི།།
ངའི་རང་སེམས་རང་གིས་མི་ཁུག །
སྒྱེའུ་རྒྱ་མོའི་ལག་ཡ་གཏོར་འདྲ།།
འབྲི་ཐུལ་མའི་ལག་ཡ་གཏོར་འདྲ།།
འབའ་ལུ་གུ་མ་ཡ་གཏོར་འདྲ།།
ང་ཆུང་དུས་སྐྱིད་ལ་རོགས་བྱས།།
ཡང་སྡུག་དུས་སྡུག་ལ་སྡུག་རོགས་བྱས།།
སྙིང་ལྟ་བུའི་ཚེ་བརྟན་ལོ་ལོ།།
ཡུལ་ཕ་མའི་བཙན་པོའི་དབང་སྟེ།།
བུ་རྒོད་པོར་གཤོག་ལྕགས་བརྒྱབ་འདྲ།།
རྟ་འདོར་བར་ལག་ལྕགས་བརྒྱབ་འདྲ།།
འབྲོང་དར་མར་སྣ་གཅུ་བརྒྱབ་འདྲ།།
རོགས་འདང་ཅན་ལྷན་འདུས་མ་བྱུང་།།
ཚེ་བརྟན་རྒྱུའི་ཚེ་བརྟན་ལོ་ལོ།།
ཁྱོད་རང་སེམས་སྡུག་ལ་མ་སྦྱར།།
རུ་སྡེ་བ་ཡར་མར་འདི་རེད།།
ནང་དགོང་ལ་ཐུག་འཕྲད་ལོས་ཡོད།།
སེམས་གོར་མོ་མ་འགྱུར་སྡོད་དང་།།
གནས་སོང་རུང་བསམ་པ་ཁྱོད་འཁོར།།
སེམས་མ་སྡུག་ཚེ་བརྟན་ལོ་ལོ།།
སྒོའི་ཕྱི་ལམ་བར་ནས་ལོས་ཐུག །
ཞེ་སྙིང་གཏམ་བཤད་ཐབས་ལོས་ཡོད།།
རོགས་ཚེ་རིང་སྒྲོལ་མས་བཤད་རྗེས།།
ངའི་འདོད་པ་གཏིང་ནས་ཆད་དེ།།
ལུས་གང་པོ་འཁྱགས་པར་གྱུར་ཐལ།།
ངའི་ཡ་ཆུང་སེམས་ཀྱི་ཚད་ནས།།
སྨུག་མེད་ལ་སྨུག་ཅིག་ཆད་ནས།།
ཡིད་སེམས་རྒྱ་བཅད་ནས་བུད་ཐལ།།
སེམས་མི་བཟོད་ཁོག་ལ་མནན་ནས།།
ངས་རོགས་ལོར་འདི་འདྲ་བཤད་པར།།
ཚེ་རིང་རྒྱུའི་ཚེ་རིང་སྒྲོལ་མ།།
གནས་ཕྱིན་ནས་ལོ་བཞི་ཡིན་ན།།
ཡང་ཚེ་རིང་བུ་ཞིག་ཡོད་ན།།
སྟོད་དབུས་གཙང་ལྷ་སའི་ཁྲོམ་དུ།།
ངས་གོས་མང་འདེམས་ནས་ཉོས་པའི།།
གོས་རྒྱ་སེར་འབྲུག་མ་འདི་ཚོ།།
ཁྱོད་བུ་ལོར་པང་ལ་བྱིན་ནས།།
མ་ཁྱོད་ཀྱིས་སེམས་རྟེན་བུ་བྱོས།།
ང་དང་མ་དབུས་ལ་འགྲོ་དུས།།
རོགས་འུ་གཉིས་དམ་ཚིག་བཅས་པ།།
སེམས་མི་འགྱུར་གོར་མོ་རྡོ་ཡིན།།
རྡོ་གོར་མོ་སེར་ཁ་གད་རྒྱུ།།
ངའི་ཡ་ཆུང་སེམས་ལ་མ་ཤར།།
སྨན་བུ་མོ་ཚེ་རིང་སྒྲོལ་མ།།
རོགས་འུ་གཉིས་ཞེ་བརྩེ་ཟེར་བ།།
ནམ་ཉི་མ་དེ་རིང་བཟུང་ནས།།
ཞེ་སྐུད་པ་གྲི་ཡིས་གཏུབ་གཏུབ།།
སུ་ཡིན་རུང་ཞེན་ཁ་མ་འཁོར།།
བར་འདི་ནས་འཚམས་པོ་བདེ་མོ།།
གངས་རི་དཀར་པོའི་འདབས་ནས།།
ཡར་བལྟས་དགུང་སྔོན་གནམ་ན།།
དགུང་སྔོན་པོ་སྐྱིད་ཀྱི་གཞི་མ།།
འབྲུག་ཕོ་ཆུང་སྐྱིད་ལ་གཞིར་བཞག།
ཆར་བབས་པ་ལས་ཅན་འབྲས་བུ།།
ཕར་བལྟས་སྤང་དཀར་ཀླད་ན།།
སྤང་སེར་པོ་སྐྱིད་ཀྱི་གཞི་མ།།
སྤང་མེ་ཏོག་སྐྱིད་ལ་གཞིར་བཞག།
འབུ་སྦྲང་མ་ལས་ཅན་འབྲས་བུ།།
མར་བལྟས་སྡེ་ཆེན་དཀྱིལ་ན།།
ཕོ་ང་ཚོ་སྐྱིད་ཀྱི་གཞི་མ།།
མ་ཁྱོད་ཚོ་སྐྱིད་ལ་གཞིར་བཞག།
ཚིག་བཤད་པ་ལས་ཅན་འབྲས་བུ།།
སྟོད་དགུང་སྔོན་ནམ་ཁའི་ཆ་ན།།
བྱ་གཤོག་ཐོགས་ཚང་མ་འདྲ་རུང་།།
བྱ་རྨ་བྱ་སྔོན་མོ་སྡུག་གི།
སྤང་མེ་ཏོག་གཞི་ཡི་ཐོག་ན།།
དབྱར་མེ་ཏོག་ཚང་མ་འདྲ་རུང་།།
སྨན་གུར་ཀུམ་སེར་པོ་སྡུག་གི།
ས་མར་རུའི་སྡེ་ཆེན་དཀྱིལ་ན།།
མོ་སྐྱ་རིང་ཚང་མ་འདྲ་རུང་།།
ངའི་ཆུང་དུས་རྩེ་རོགས་སྡུག་གི།
མིག་ཆ་ག་པད་མ་དཀར་པོ།།
ཞེ་མཐུན་པའི་རོགས་ལོ་ཁྱོད་རེད།།
འདང་ཞེ་བརྩེ་ཅན་གྱི་རོགས་ལོ།།
ཞེ་མཐུན་པའི་འགྲོགས་འདང་ཡོད་ལ།།
ས་ཉི་མ་བླ་བྲང་གླིང་ནས།།
སྟོད་དབུས་གཙང་དག་པའི་ཞིང་ལ།།
འགྲོ་དགོས་པའི་བཀའ་བསྒོ་བབས་ཐལ།།
དཔོན་བླ་མའི་རྗེས་འབྲང་བྱོས་ཟེར།།
དེའི་མི་ཚད་གཡོག་འཁོར་བྱོས་ཟེར།།
ང་མི་འགྲོ་རང་དབང་མེད་ཀི།
ཟླ་བཞི་པ་ཚེས་ན་ལྔ་པ།།
ཟླ་ལྔ་པའི་ཚེས་པ་བརྒྱད་ལ།།
སྟོད་དབུས་གཙང་དག་པའི་ཞིང་ལ།།
ང་འགྲོ་བའི་ཉི་མ་ཐོན་ཐལ།།
ཞེ་མཐུན་པའི་དགའ་ལོ་བསྐྱུར་ན།།
སེམས་སྐྱོ་བས་སྙིང་རྩ་གཅོད་ཀི།
ང་བླ་བྲང་བཀྲ་ཤིས་འཁྱིལ་ལ།།
རྗེ་བླ་མ་ཞུ་གི་སོང་ནས།།
ལྷ་དཀོན་མཆོག་གཙུག་ལག་ཁང་དུ།།
དབུ་གསེར་ཏོག་སྐུ་གཟུགས་བདེའམ།།
གསེར་སེར་པོ་གསེར་ཁྲིའི་སྟེང་ན།།
རྗེ་གསེར་ཁྲི་རྣམ་པ་བཞི་བཞུགས།།
དེའི་གཡས་གཡོན་དངུལ་ཁྲིའི་སྟེང་གི།
ཡང་མཁན་པོ་རྣམ་པ་བརྒྱད་པོ།།
རྗེ་ཟླ་མའི་སྐུ་གཟུགས་བདེའམ།།
རྗེ་ཟླ་མ་རྣམ་པའི་ངག་ནས།།
འབྲུག་གཡུ་འབྲུག་འདྲ་ཞིག་གྲགས་ཐལ།།
སྟག་དམར་ཡག་ལྡིང་ནས་སྐྲག་ཐལ།།
སྟོད་གངས་དཀར་ཡ་ཆུང་སེམས་སུ།།
ཡིད་སྐྱོ་བའི་སྨུག་ནག་འཐིབས་ཀི།
ངའི་ཁོག་སྡུག་ཁ་ནས་མ་བཤད།།
སེམས་གཏིང་ནས་དཀོན་མཆོག་གསུམ་ལ།།
ངས་ཡང་ཡང་སྐྱབས་འཇུག་བྱས་ནས།།
ངའི་མཛད་བརྩེ་རོགས་ལོ་སྙིང་རྗེ།།
རྗེ་ཟླ་མའི་ཐུགས་ཀྱི་བྱིན་རླབས།།
སྲོག་དམར་པོ་བར་ཆད་མ་འབྱུང་།།
རོགས་ངེད་གཉིས་འདུ་རྒྱུའི་སྨོན་ལམ།།
ཁ་ཕྱིར་འཁོར་རང་ཡུལ་ཡོང་བ།།
ངས་འགྲོ་གྲོགས་མགོ་ཞིག་བསྐོར་ནས།།
ངའི་རང་ལུས་ན་གི་ཟེར་ནས།།
གཞུག་འཐེན་ནས་རྗེས་སུ་བསྡད་ནས།།
ང་རོགས་ལོའི་སྡེ་བར་ཡོང་ནས།།
ལོ་བཅོ་བརྒྱད་སྟེང་གི་རོགས་ལོ།།
ངོ་ཐུག་ན་འོ་ཆུ་འདྲེས་འདྲ།།
ཕྱོགས་གཅིག་ཏུ་ལོག་ནས་བསྡད་དེ།།
ཟས་སྡེར་ཐོག་གཅིག་ཏུ་ཟོས་ནས།།
ཚིག་སྙན་མོ་ཕར་བཤད་ཚུར་བཤད།།
སེམས་སྐྱོ་མོ་བལ་ཐུག་ལྷོད་ལྷོད།།
མིག་མཆི་མ་ཆར་ཐིགས་འབབ་འབབ།།
ངའི་གངས་དཀར་ཡ་ཆུང་སེམས་ནས།།
སྨུག་མེད་ལ་སྨུག་ཅིག་ཆད་ཐལ།།
ངའི་རོགས་ལོ་དུང་སོ་ཁ་སྒོས།།
བསམ་བསྡད་ནས་ཚིག་གསུམ་བཤད་ཀི།
ངའི་ན་ཆུང་རོགས་ལོ་སྙིང་རྗེ།།
སེམས་མ་སྡུག་ཆུང་དུས་རྩེ་རོགས།།
སེམས་གཏིང་ནས་ཁོ་ཐག་མ་ཆད།།
སྟོད་དབུས་གཙང་དག་པའི་ཞིང་ལ།།
ལམ་རྒྱང་ཐག་སྐྱ་མོ་ཡོད་རུང་།།
ཅི་འགོར་རུང་ལོ་ངོ་གསུམ་ཙམ།།
ཕྱིར་འཁོར་ནས་རང་ཡུལ་འཕྲད་ཚེ།།
རོགས་ལྷན་འཛོམས་སྐྱིད་སྣང་དཔག་མེད།།
རོགས་ངེད་གཉིས་སེམས་ཀྱི་རྩེ་དུངས།།
ཆར་ཁ་བས་བཅོམ་ནི་མི་ཆོམས།།
ལོ་ཟླ་བས་བཅད་ན་མི་ཆད།།
སེམས་མི་འགྱུར་གོར་མོའི་རྡོ་འདྲ།།
རྡོ་གོར་མོ་འགྱུར་རྒྱུ་ཆད་ཡོད།།
ལུས་ཕྲ་མོ་མདའ་སྨྱུག་འདྲ་མོ།།
འདང་བརྒྱབ་ན་ལྕགས་ཐག་བརྒྱུས་འདྲ།།
ལྕགས་ཨ་ལོང་གཅིག་འབྲེལ་གཉིས་མཐུད།།
ལྕགས་ཨ་ལོང་ནམ་ཡང་བརྒྱུས་ཡོད།།
རོགས་བརྩེ་དུངས་ཨ་ལོང་བརྒྱུས་འདྲ།།
ལྕགས་ཨ་ལོང་མ་འཐོར་གོང་དུ།།
སྐྱ་ས་ལེར་སྐྱ་རེངས་བཀྱགས་ཐལ།།
དཔོན་བཙན་པོ་བདུད་རྒན་འདྲ་བོས།།
མི་མངགས་ནས་འགྲོ་དགོས་ཟེར་གི།
ལྕགས་མ་ལོང་བཙན་གྱིས་གཏོར་ཐལ།།
ཞེ་ཆགས་ནས་འབྲལ་འདོད་མེད་རུང་།།
ང་མི་འགྲོ་རང་དབང་མེད་ཀི།
འགྲོ་གོམ་པ་ལམ་ལ་ལངས་ནས།།
ལུས་ཨ་འཇམ་ཚ་རུ་གོན་ནས།།
དམར་ལྡེམ་མེ་སྐེ་རགས་བཅིངས་ནས།།
འབྲུག་འདྲ་བའི་རྟ་བོར་ཞོན་ནས།།
སྒ་ཉི་ཟླ་འདྲ་ཞིག་བསྟད་ནས།།
ཁྲ་གསལ་ལེ་ཁྲ་རིང་ཁུར་ནས།།
ཁྲ་དཀར་རེ་སྐག་འཆིང་བཅིངས་ནས།།
འོད་ལམ་མེ་གྲི་ཆུང་བཏགས་ནས།།
དཔོན་ནོམ་རྩིས་ཅན་པོའི་རྗེས་སུ།།
སེམས་སྐྱོ་བཞིན་གཡོག་ལ་སོང་རུང་།།
ངའི་གོམ་པ་སྔར་སྤོས་ཕྱིར་འཐེན།།
ཞེ་སྣང་བ་བུ་མོར་ཞེན་ཆགས།།
ཞེན་ཆགས་ཆགས་དགའ་མོ་ཁྱོད་ཆགས།།
ཁྱོད་མིན་ན་ཆགས་དོན་ཅི་ཡོད།
ང་དེ་ནས་ཡར་ལ་བུད་དེ།།
ཉིན་བཅུ་གཅིག་སོང་བའི་ཕྱིར་ཉིན།།
ས་དངུལ་རྭའི་སྟོད་དུ་ཐོན་ཐལ།།
ས་དངུལ་རྭའི་ས་ཆ་ཟེར་བ།།
ཡུལ་སྐྱིད་པོ་ནམ་ཁ་ལངས་འདྲ།།
སེར་གྱི་ལེ་ཉི་རྩེ་བརྒྱབ་འདྲ།།
རྟ་རྒོད་མ་ཁྱུང་ཆེན་འཕུར་འདྲ།།
ལུག་གཡང་དཀར་ཁ་བ་བབས་འདྲ།།
འབྲི་མཛོ་མོ་མཚོ་རླབས་འཕྱུར་འདྲ།།
སྤང་མེ་ཏོག་འཇའ་ཚོན་ཤར་འདྲ།།
ཐང་རི་དྭགས་བྲོ་གར་རང་འཁྲབ།།
བྱ་འདབ་ཆགས་སྐད་སྙན་རང་སྒྲོག །
ས་ཡུལ་ལྗོངས་འདི་ཡི་ཉམས་ཀྱིས།།
ངས་ཡུལ་གྱི་རོགས་ལ་དྲན་ནས།།
སེམས་ཕྲ་མོ་རང་སྡུག་བྱུང་བ།།
ཁལ་ཕོག་ནས་སྤང་ལྗོངས་ཐོག་ཏུ།།
ཁོང་རྣམ་གསུམ་བཞུགས་ནས་ངལ་གསོས།།
འདིར་ཉིན་ཞག་བཅུ་གཅིག་སོང་བ།།
ཟླ་གསུམ་གྱི་སྣང་བ་ང་ཡོད།།
ངས་ཤུགས་རིང་ཡང་ཡང་འཐེན་ནི།།
ང་མགོ་ཐོག་བླ་མས་དྲིས་ཐལ།།
ཁྱོད་སེམས་སྡུག་ཅི་ཡིན་གང་རེད།།
སྟོད་དབུས་གཙང་ལྷ་ཡུལ་ཁམས་སུ།།
རྗེ་བླ་མར་གསོལ་བ་བྱེད་དམ།།
ང་རང་སྡུག་ཁོག་པའི་ནང་རེད།།
ངས་རོགས་ལོ་དྲན་པ་མ་བཤད།།
ས་ཐག་རིང་སོང་བའི་སྟབས་ཀྱིས།།
ལུས་རིན་ཆེན་མི་བདེ་ཞེས་བཤད།།
རྗེ་ཟླ་མས་ཞིབ་འདྲི་མ་བྱས།།
ཞག་གང་བོར་གཉིད་ཡུལ་མ་བདེ།།
སྐྱིད་རྨི་ལམ་ཁྱོད་དང་ལྷན་འདུག།
ང་སྐྱིད་ཅིག་ཡོད་པ་དེ་རེད།།
སྐྱིད་རྨི་ལམ་སད་ན་སྟོང་བ།།
དེ་ཡིད་ལ་ཤར་ན་སྡུག་གི །
ང་དེ་ནས་ཡར་ལ་སོང་ནས།
ཐང་ཆེ་བོའི་ཐང་མགོ་བརྩིས་ནས།།
ཐང་ཆེ་བོ་ཤོག་བུ་ལྟེབ་ལྟེབ།།
ཉག་ཆེ་བོའི་ཉག་མགོ་བརྩིས་ནས།།
ཉག་ཆེ་བོ་སྒྲོག་གུ་བརྟོལ་བརྟོལ།།
ལམ་རིང་བོའི་ལམ་མགོ་བརྩིས་ནས།།
ལམ་རིང་བོ་གྲུ་གུ་སྡོག་སྡོག།
ང་དེ་ནས་ཡར་ལ་སོང་ནས།།
ལུས་རྐང་པ་ཤིང་སྐམ་གྱུར་ཐལ།།
རྟ་དྲེལ་གསུམ་ལམ་ནས་ཤི་ཐལ།།
ས་དཔག་ཚད་གྲངས་མང་སོང་མཐར།།
སྟོད་ལྷ་སའི་ཁྲོམ་དུ་ཐོན་ཐལ།།
ཁལ་ཕོག་ནས་རྟ་དྲེལ་བཏགས་རྗེས།།
ང་འདུ་ཆེན་ཁྲོམ་ལ་ཡོང་ནས།།
སྨན་བུ་མོ་གཙང་ཆུ་འཕྱུར་འདྲ།།
གཙང་མེ་ཏོག་དར་མཚོན་རྒྱན་འདྲ།།
ངའི་སེམས་ཀྱི་པདྨ་མེད་ཀི།
རོགས་དྲན་སྣང་མཚོ་ལས་ཟབ་གི།
ཡིད་སྐྱོ་བ་སྤྲིན་ནག་འཐིབ་འཐིབ།།
ཡང་དགའ་མོའི་སྣང་བ་ཅི་ཡོད།།
བལྟ་ཟེར་བ་ཨ་སྔོན་སྟོང་པ།།
དཔོན་ཧམ་པས་ཚོང་ཆེན་བསམས་ནས།།
ཚོང་མ་ཡག་ཧམ་སེམས་མི་ཆད།།
ཞག་ཟླ་བ་གསོགས་ན་ལོ་རེད།།
ཚོང་བརྒྱབ་ནས་ལོ་ངོ་གསུམ་སོང་།།
དཔོན་གན་གི་ཆགས་ས་དངུལ་རེད།།
ང་ཆགས་སོ་རོགས་ལོ་ཁྱོད་རེད།།
ཁྱོད་མི་དྲན་ཉི་མ་གཅིག་མེད།།
ང་ལྷ་སའི་ཁྲོམ་ན་ཡོད་རུང་།།
སེམས་ཕྲ་མོར་རོགས་ལོ་ཁྱོད་བཟུང་།།
ལྷ་ཇོ་བོར་མཇལ་བའི་དུས་སུ།།
ངས་ཕྱི་མར་སྨོན་ལམ་མ་བརྒྱབ།།
ཚེ་ཕྱི་མར་རང་གིས་མི་ཤེས།།
ཚེ་ཕྱི་མར་ཟེར་བ་དེ་ཚོ།།
ལྟ་ཟེར་ན་རིག་མཐོང་མེད་ཀི།
འགྲོ་ཟེར་ན་འགྲོ་ལམ་མེད་ཀི།
འདུག་ཟེར་ན་གནས་ཡུལ་མེད་ཀི།
སྐྱིད་ཟེར་བ་ཤེས་རྒྱུ་མེད་ཀི།
ངས་དེ་ལ་སྨོན་ལམ་མ་བརྒྱབ།།
ཚེ་འདི་ལ་ལྷན་ཅིག་འགྲོགས་ཏེ།།
ཚེ་གང་བོར་ཞེ་མཐུན་ལྡན་ཏེ།།
རྒྱུ་ནོར་གསུམ་རྒྱས་ནས་སྐྱིད་རེད།།
དེར་སྨོན་ལམ་ཡང་ཡང་བཏབ་ཡོད།།
མི་མ་ཤི་གསོན་བྲལ་བྱས་ན།།
འདི་དམྱལ་བའི་ཁམས་ལ་ལྷུང་འདྲ།།
ཐག་རིང་སར་ཕྱིན་པའི་ལམ་ནས།།
ང་རོགས་དང་འཕྲད་པར་ཤོག་ཅིག།
མ་མཛེས་མ་རོགས་ལོའི་ཚེས་ལ།།
ཡང་གློ་བུར་བར་ཆད་མ་བྱུང་།།
རོགས་ཆུང་ལོར་བྲལ་ཏེ་ཡུན་རིང་།།
ཡུན་རིང་བོར་སྐྱོ་བ་བདེན་ལ།།
ལོ་གསུམ་ལྷག་མཆི་མས་བསྐྱལ་སོང་།།
སྐྱབས་བླ་མ་ཡིད་དམ་དཀོན་མཆོག།
རོགས་ངེད་གཉིས་མྱུར་དུ་ཕྲད་ཅིག།
ལས་བདེ་སྐྱིད་ལྡན་པའི་བསོད་ནམས།།
ང་བྱིན་རླབས་དེ་འདྲ་གནོངས་ཤིག།
ཡང་སྐྱིད་ལ་སྡུག་པའི་འཇིག་རྟེན།།
འདི་མི་རྟག་ནམ་མཁའི་གློག་འདྲ།།
ང་ཡིད་སེམས་ཆགས་པའི་རོགས་ལ།།
ངོ་མ་འཕྲད་ལོ་ངོ་གསུམ་སོང་།།
ངའི་ཡ་ཆུང་སེམས་ལ་ཆུ་བསགས།།
མིག་མཆི་མ་ཆུ་བཞིན་བཞུར་གི།།
ངའི་ཡིད་སེམས་སྐྱོ་ཡང་མི་ཕན།།
རོགས་ཆུང་ལོ་བདེ་བའི་སྨོན་ལམ།།
ང་ཚེ་འདིར་རོགས་ལོར་ཐུག་མོ།།
ཚེ་ད་ཐེངས་ཐུག་སྲོལ་མེད་ན།།
ཡང་ཕྱི་མ་བྱང་ཆུབ་ལམ་དུ།།
ང་རོགས་དང་འཕྲད་པའི་སྨོན་ལམ།།
ངས་གསོལ་བ་ཡང་ཡང་བཏབ་ཡོད།།
དགོང་ཚུར་ཡོང་སྨིན་དྲུག་ཤར་དུས།།
ཁྱོད་དུང་སོ་དངུལ་དཀར་འདྲ་བོ།།
སྐད་སྙན་མོ་གླིང་བུ་འདྲ་བོ།།
ང་བཅོ་ལྔའི་ཟླ་བ་འདྲ་བོ།།
ཡིད་འཛུམ་མདངས་པདྨ་འདྲ་བོ།།
ངའི་ཡིད་ལ་འཁོར་འཁོར་བྱེད་ཅིང་།།
ཁྱོད་བགད་ནས་གླུ་གར་འཁྲབ་ཀི།
ང་དགའ་ནས་གད་མོ་ཤོར་ཀི།
ངའི་ཞེན་ཆགས་མཛེས་མ་རོགས་ལོ།།
མཚན་རྨི་ལམ་མི་རྨིས་དུས་མེད།།
ནམ་སྐྱ་གསལ་སྐྱ་རེངས་འགྱོགས་དུས།།
མིག་རབ་རིབ་ཕྱེ་ནས་བལྟ་དུས།།
མིག་ཁྲ་རིལ་ཆ་ག་ཅན་པོ།།
ལུས་དྲང་མོ་གསར་སྨྱུག་འདྲ་མོ།།
གོས་དར་ཟབ་སྣ་ལྔས་བརྒྱན་ནས།།
ངོ་འཛུམ་འཛུམ་བྱུང་ནས་ཡོང་གི།
ངས་རོགས་ལོ་ཐོན་ཡོང་བསམ་ཐལ།།
མིག་གདངས་ནས་བལྟ་ཡག་བྱེད་དུས།།
རོགས་ཁྱོད་ཚོ་གང་ན་ཡོད་རྒྱུ།།
ནམ་རྒྱུ་རེངས་དང་པོ་བཀྱགས་ནས།།
ཡང་ལྷ་སའི་ཁྲོམ་ལ་ཡོང་ནས།།
ང་གློ་བུར་སྐད་བསྐུར་ཐོན་ཐལ།།
ངའི་མ་ལོ་ནད་ཀྱིས་ཟིན་ཟེར།།
ངའི་སེམས་ལ་སྡུག་བསྔལ་སྐྱེས་ནས།།
ཤ་མཆིན་པོའི་སྟེང་འོག་བརྗེས་ཀི།
འཚབ་འཚུབ་བེ་ཕྱིར་ལ་ལོག་ནས།།
ཁོང་རྣམ་པར་དགོངས་པ་ཞུས་ནས།།
ཁོང་རྣམ་པས་ང་ལ་གཟིགས་ཏེ།།
ཕྱིར་རང་ཡུལ་ལོག་ན་ཆོག་ཟེར།།
ང་དེ་འཕྲལ་ལམ་ལ་ཆས་ནས།།
ཁ་ཕྱིར་འཁོར་རང་ཡུལ་ཡོང་བ།།
བྱ་ཁུ་བྱུག་ནགས་རི་རྒྱུད་རྒྱུད།།
བྱིའུ་འཛོལ་མོ་ལྷ་མཚོ་སྙེག་སྙེག།
བྱ་ངང་བས་མཚོ་མགོ་སྐོར་སྐོར།།
འབུ་སྦྲང་མས་མེ་ཏོག་དྲན་དྲན།།
ཡུལ་ཕ་མས་བུ་ཕྲུག་གླེང་གླེང་།།
ལམ་ཉིན་མཚན་མེད་པར་བཅད་ནས།།
ལམ་སྐྱ་མོ་ཟླ་གསུམ་མ་འགོར།།
ལུས་བདེ་མོར་རང་ཡུལ་ཐོན་ཐལ།།
ངའི་མ་ལོའི་སྐུ་ལུས་བདེ་འདུག །
ཁོག་འཁྱགས་རོམ་ཕལ་ཆེར་བཞུས་ཐལ།།
སྐད་བསྐུར་བའི་ནང་དོན་གང་ཡིན།།
ངས་དེ་མིན་རོགས་ལོ་བསམ་ཐལ།།
འདི་གསལ་བོར་འདྲི་སྲོལ་མེད་ཀི།།
ཕྱི་ཉིན་གྱི་ཉི་མ་རྩེ་ཤར།།
ཁྱིམ་བཟའ་མི་མཉམ་དུ་འདུས་དུས།།
ཐུགས་བརྩེ་བས་སྐྱོང་བའི་ཕ་དང་།།
ཆུང་ནུ་ཞོ་སྟེར་བའི་མ་ལོས།།
བུ་བྲལ་བའི་དྲན་སྡུག་བཤད་པར།།
ངས་དྲིན་ཅན་ཕ་ལོ་མ་ལོར།།
རོགས་ཟེར་ནས་འདྲི་སྲོལ་མེད་ཀི།།
སེམས་བྲེལ་བ་སྐྱེས་ནས་འདུག་དུས།།
ངའི་རྩེ་རོགས་ན་ཟླ་ཐོན་ཐལ།།
ངས་ལྐོག་ཏུ་རོགས་ལོ་དྲིས་དུས།།
ཁོས་འཛུལ་མེད་འཛུམ་ཁུལ་བྱས་ནས།།
ཚིག་མགོ་རྔ་མེད་ནི་ཞིག་བཤད།།
རོགས་འཚམས་པོར་བདེ་མོ་རེད་ཟེར།།
ངས་ཞིབ་མོར་འདང་ཞིག་བརྒྱབ་ན།།
སྐད་བསྐུར་ནོ་རོགས་ལོ་ཁྱོད་རེད།།
ངའི་དོགས་པ་དེ་ནས་སེལ་ཐལ།།
ཡང་ཉིན་གསུམ་སོང་བའི་ཕྱི་ཉིན།།
ངའི་རོགས་ལོ་ཤེས་རྒྱ་ཅན་པོས།།
གཡུ་བྱུ་རུའི་རྒྱན་ཆ་བཏགས་ནས།།
གོས་ཚ་རུའི་གོས་ཤོམ་གོན་ནས།།
ཁ་དུང་སོ་དུང་དཀར་འདྲ་བོས།།
འཛུམ་མུལ་ལེ་འཚམས་འདྲིར་ཐོན་ཐལ།།
རས་དར་དཀར་ཁ་གང་ཁུག་ནས།།
ཞིམ་ཀ་ར་བུ་རམ་བླངས་ནས།།
མོས་ང་ལ་འཚམས་འདྲི་བྱས་ཐལ།།
རོགས་བརྩེ་དུངས་ཀ་རའི་མངར་རེད།།
ཡིད་དགའ་བ་ནམ་མཁའ་ལངས་འདྲ།།
སེམས་དགའ་སྣང་ཉི་མ་ཤར་འདྲ།།
ངའི་བསམ་པ་ཆགས་པས་བཟི་ནས།།
ངས་ཆུང་དུས་རོགས་ལོ་མཛེས་མར།།
ཚེ་གང་བོར་འགྲོགས་ན་ཨེ་ཆོག །
ངའི་བསམ་པ་ཁྱོད་ཀྱིས་ལོས་ཤེས།།
གསོན་འཇིག་རྟེན་འཁོར་བ་ཟེར་བ།།
དེར་བལྟས་ན་ལག་པའི་མཐིལ་རེད།།
ད་འཁོར་བའི་སྡུག་བསྔལ་ཟེར་བ།།
མཐའ་མེད་པ་རྒྱུ་མཚོའི་གཏིང་རེད།།
སྐྱིད་རྟ་བོར་མཉམ་ཞོན་ལོས་བྱེད།།
སྡུག་དབྱུག་པ་མཉམ་འཛིན་ལོས་བྱེད།།
དེ་བཞིན་དུ་རོགས་ལོར་དྲིས་པས།།
ངའི་རོགས་ལོ་ཚེ་རིང་སྒྲོལ་མ།།
མོ་ངོ་མདངས་སེར་བོར་གྱུར་ནས།།
མིག་མཆི་མ་འདོན་བཞིན་བཤད་ཀི།།
ཐུགས་མ་འཁྲུགས་ཚེ་བརྟན་ལོ་ལོ།།
ཁྱོད་སོང་ནས་ཟླ་དགུ་མ་འགོར།།
ངའི་ཕ་ལོ་མ་ལོ་གཉིས་ཀྱིས།།
ཡུལ་ཕ་མའི་བཙན་དང་དབང་གིས།།
ང་མི་འདོད་གཞན་ལ་བྱིན་ཐལ།།
གནས་སོང་ནས་ལོ་ངོ་བཞི་ཡིན།།
ང་ཚེ་རིང་བུ་ཞིག་སྐྱེས་ནས།།
ཟླ་གཞུག་མའི་ཚེ་བ་བཙོ་ལྔར།།
ངའི་བུ་ལོ་ཟླ་བ་གསུམ་ཡིན།།
ཞེ་མཐུན་པའི་ཚེ་བརྟན་ལོ་ལོ།།
ཁྱོད་དབུས་ལ་སོང་བའི་ཉིན་ནས།།
ང་མ་ཤི་དམྱལ་བ་ལྷུང་འདྲ།།
ལུས་རྣམ་ཤེས་བར་དོར་འཁྱམས་འདྲ།།
མཚན་རྨི་ལམ་ངན་པ་རྨིས་ཏེ།།
ཉིན་བྱ་ངན་དོན་དུ་འབབ་ཀི།།
ངའི་རང་སེམས་རང་གིས་མི་ཁུག །
སྒྱེའུ་རྒྱ་མོའི་ལག་ཡ་གཏོར་འདྲ།།
འབྲི་ཐུལ་མའི་ལག་ཡ་གཏོར་འདྲ།།
འབའ་ལུ་གུ་མ་ཡ་གཏོར་འདྲ།།
ང་ཆུང་དུས་སྐྱིད་ལ་རོགས་བྱས།།
ཡང་སྡུག་དུས་སྡུག་ལ་སྡུག་རོགས་བྱས།།
སྙིང་ལྟ་བུའི་ཚེ་བརྟན་ལོ་ལོ།།
ཡུལ་ཕ་མའི་བཙན་པོའི་དབང་སྟེ།།
བུ་རྒོད་པོར་གཤོག་ལྕགས་བརྒྱབ་འདྲ།།
རྟ་འདོར་བར་ལག་ལྕགས་བརྒྱབ་འདྲ།།
འབྲོང་དར་མར་སྣ་གཅུ་བརྒྱབ་འདྲ།།
རོགས་འདང་ཅན་ལྷན་འདུས་མ་བྱུང་།།
ཚེ་བརྟན་རྒྱུའི་ཚེ་བརྟན་ལོ་ལོ།།
ཁྱོད་རང་སེམས་སྡུག་ལ་མ་སྦྱར།།
རུ་སྡེ་བ་ཡར་མར་འདི་རེད།།
ནང་དགོང་ལ་ཐུག་འཕྲད་ལོས་ཡོད།།
སེམས་གོར་མོ་མ་འགྱུར་སྡོད་དང་།།
གནས་སོང་རུང་བསམ་པ་ཁྱོད་འཁོར།།
སེམས་མ་སྡུག་ཚེ་བརྟན་ལོ་ལོ།།
སྒོའི་ཕྱི་ལམ་བར་ནས་ལོས་ཐུག །
ཞེ་སྙིང་གཏམ་བཤད་ཐབས་ལོས་ཡོད།།
རོགས་ཚེ་རིང་སྒྲོལ་མས་བཤད་རྗེས།།
ངའི་འདོད་པ་གཏིང་ནས་ཆད་དེ།།
ལུས་གང་པོ་འཁྱགས་པར་གྱུར་ཐལ།།
ངའི་ཡ་ཆུང་སེམས་ཀྱི་ཚད་ནས།།
སྨུག་མེད་ལ་སྨུག་ཅིག་ཆད་ནས།།
ཡིད་སེམས་རྒྱ་བཅད་ནས་བུད་ཐལ།།
སེམས་མི་བཟོད་ཁོག་ལ་མནན་ནས།།
ངས་རོགས་ལོར་འདི་འདྲ་བཤད་པར།།
ཚེ་རིང་རྒྱུའི་ཚེ་རིང་སྒྲོལ་མ།།
གནས་ཕྱིན་ནས་ལོ་བཞི་ཡིན་ན།།
ཡང་ཚེ་རིང་བུ་ཞིག་ཡོད་ན།།
སྟོད་དབུས་གཙང་ལྷ་སའི་ཁྲོམ་དུ།།
ངས་གོས་མང་འདེམས་ནས་ཉོས་པའི།།
གོས་རྒྱ་སེར་འབྲུག་མ་འདི་ཚོ།།
ཁྱོད་བུ་ལོར་པང་ལ་བྱིན་ནས།།
མ་ཁྱོད་ཀྱིས་སེམས་རྟེན་བུ་བྱོས།།
ང་དང་མ་དབུས་ལ་འགྲོ་དུས།།
རོགས་འུ་གཉིས་དམ་ཚིག་བཅས་པ།།
སེམས་མི་འགྱུར་གོར་མོ་རྡོ་ཡིན།།
རྡོ་གོར་མོ་སེར་ཁ་གད་རྒྱུ།།
ངའི་ཡ་ཆུང་སེམས་ལ་མ་ཤར།།
སྨན་བུ་མོ་ཚེ་རིང་སྒྲོལ་མ།།
རོགས་འུ་གཉིས་ཞེ་བརྩེ་ཟེར་བ།།
ནམ་ཉི་མ་དེ་རིང་བཟུང་ནས།།
ཞེ་སྐུད་པ་གྲི་ཡིས་གཏུབ་གཏུབ།།
སུ་ཡིན་རུང་ཞེན་ཁ་མ་འཁོར།།
བར་འདི་ནས་འཚམས་པོ་བདེ་མོ།།
ཡོང་ཁུངས། «བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ»
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号