དགེ་ཆོས་ལགས་ཀྱི་འཕྲིན་ཡིག་ཅིག
རྩོམ་པ་པོ།:དགེ་འདུན་ཆོས་འཕེལ།
ཡོང་ཁུངས།:ལུག་ཚང་དཔལ་ཡོན།
དུས་ཚོད།:2022-03-10 09:06:50
ཀློག་གྲངས།:

དགེ་ཆོས་ལགས་ཀྱིས་ཁོང་གི་ཨ་མ་སོགས་ཉེ་གཞི་ཡོངས་ལ་ཕུལ་བའི་འཕྲིན་ཡིག
དགེ་འདུན་ཆོས་འཕེལ།
࿑ ཨ་མ་སོགས་རང་ཡུལ་ཉེ་འབྲེལ་རིགས་ལ། ཁྱེད་ཅག་ཐམས་ཅད་བདེ་བར་ཡོད་པ་ཐོས་པས་ང་ཤིན་ཏུ་སྤྲོ། ངེད་རང་ལ་བྱ་ཁྱུང་བསམ་འགྲུབ་ཀྱི་ཡི་གེ་ད་དུང་མ་འཕྲོད་ཀྱང་། བོད་ནས་ཚུར་བསྐུར་ཚར་འདུག་པས་མི་རིང་བར་ལག་ཏུ་འབྱོར་ཡོང་། བླ་བྲང་ནས་ངོ་ཤེས་རྣམས་ཀྱི་ཡི་གེ་ཞིག་བསྐུར་འདུག་པ་ཟླ༣པའི་ཚེས་༡༣ལ་ཡར་འབྱོར་ནས་དེ་དང་མཉམ་དུ་ཁྱེད་རང་དང་ཁོང་ཚོའི་ཡིག་ལན་རྒྱས་པ་ཞིག་བཏང་ཚར་ཡོད།
ད་ལྟའི་བླ་བྲང་གི་ངོ་ཤེས་ཚོའི་ཡི་གེ་དང་ཁྱེད་རང་གི་ཡི་གེ་ཟླ་བ་གཉིས་པའི་ཚེས༢༧ལ་ཀ་ལི་ཀ་ཏ་བྱ་བའི་གྲོང་ཁྱེར་དུ་ང་ལ་འཕྲོད། ད་ལོ་གནས་སྐྱོད་ཐམས་ཅད་འཁོར་ཚར་ཀྱང་། ད་དུང་འདོད་པ་མ་རྫོགས་པ་རྡོ་རྗེ་གདན་དང་བྱ་རྒོད་ཕུང་པོའི་རི་ལ་སླར་ཡང་ཅིག་མཇལ་དགོས་བསམ་ཞིང་ཡོད། འདིར་ལེགས་སྦྱར་སྐད་ཅུང་ཟད་རེ་སློབ་བཞིན་ད་ལོ་འདིར་ལུས་འགྲོ་བར་འདུག ལོ་རྗེས་མའི་དབྱར་ཐོག་མར་ཡོང་རྩིས་ཡོད།
ད་ལོའི་དབྱར་བལ་ཡུལ་དུ་སླར་ཡང་ཅིག་འགྲོ་དགོས་ཤིང་། དགུན་ཟླ་བ་དགུ་ར་ཙམ་ལ་རྒྱ་གར་དུ་འོང་སྟེ་ལོ་སར་ནས་ལྷ་ས་དང་དབྱར་ཕ་ཡུལ་དུ་ཡོང་དགོས་བསམ་ཡོད། ཟླ་བ་རེ་གཉིས་ནས་ངེད་རང་ཡི་གེ་རེ་བཏང་ཡོང་། ཡིག་དྲིན་ནས་ཡི་གེ་ཤིན་དུ་མྱུར་བར་ཡོང་གི་འདུག་པས། ངེད་ཀྱི་ཡི་གེ་སྔ་མར་བསྐུར་ལུགས་ཇི་ལྟར་དགོས་པ་བཤད་པ་ལྟར་གྱིས།
ཞེས་ཟླ་བ་གཉིས་པའི་ཚེས་༣༠ལ་ཕུལ། དགེ་འདུན་ཆོས་འཕེལ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།