༄༅།།བོད་དམག་བོད་མིའི་རིག་གནས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་དེ་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཏུ་གྱུར་བ།
དེང་རབས་ཤེས་ཡོན་རྒྱུན་ཆད་མེད་པར་ཡར་རྒྱས་ཕྱིན་པ་དང་བསྟུན་ནས། ལོ་ངོ་སྟོང་ཕྲག་གཉིས་ཙམ་རིང་གི་ལོ་རྒྱུས་ལྡན་ཞིང་། ཕ་རྒྱུད་རྒྱུད་འཛིན་གཞི་རྐྱེན་ཡོད་པའི་བོད་དམག་བོད་མིའི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་དེ་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཏུ་གྱུར་ཡོད་པ་རེད།
བོད་དམག་བོད་མིའི་རིག་གནས་ཞིབ་འཇུག་པ་ཆིའུ་ཀྲེང་པའོ་ལགས་ཀྱིས་གསར་འགོད་པར་ངོ་སྤྲོད་བྱས་པ་འདི་ལྟར། ལོ་རེའི་ལུགས་རྙིང་གི་ཟླ་༡༢་པའི་ཚེས་༨་ཉིན་ནས་ལོ་རྗེས་མའི་ཟླ་༡པོའི་ཚེས་༡༧ཉིན་བར། བོད་དམག་བོད་མི་ཚོས་མེ་ཕུང་སྒྲོན་ནས་གླུ་ལེན་པ་དང་གར་རྩེ་བ་དེ་ནི་ཆེས་ཁྱད་ཆོས་ལྡན་པའི་“འབག་བྲོ”ཡིན་ལ། དེ་ནི་གདོད་མའི་ཕ་མེས་ཀྱི་ཚོ་བའི་གདོད་མའི་མཚོན་ཆོས་གཞིར་བཟུང་ནས་འཁྲབ་ཅིང་གསོལ་བ་དང་། བོད་དམག་བོད་མིའི་ཕ་མེས་ཡང་མེས་ཀྱི་རིང་གི་ཆོས་ལུགས་དད་མོས་ད་བར་རྒྱུད་འཛིན་བྱས་པའི་མི་རིགས་ཀྱི་ཞབས་བྲོ་ཞིག་རེད།
ཤེས་གསལ་བྱུང་བ་ལྟར་ན། ད་ཆ་བོད་དམག་བོད་མིའི་སྐད་ཡིག་མི་ཉུང་བ་ཞིག་ཉམ་དམས་སུ་ཕྱིན་ནས། སྐད་ཆ་མང་པོ་བཤད་ཤེས་ན་ཡང་ནང་དོན་མི་གོ་ཞིང་། མིག་སྔར། ཀན་སུའུ་ཡི་བོད་དམག་སྡོད་པའི་ས་ཁུལ་དུ་བོད་དམག་སྐད་ཡིག་ཤེས་མཁན་གྱི་རྒན་པ་བཞི་མ་གཏོགས་མེད་པ་རེད། ན་ཆུང་གཞོན་ནུའི་ནང་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཤེས་མཁན་ཤིན་ཏུ་ཉུང་། རྒན་པ་རྣམས་གཅིག་རྗེས་གཉིས་མཐུད་ངང་ཚེ་ལས་འདས་པ་དང་བསྟུན་ནས། བོད་དམག་སྒྱུ་རྩལ་བ་ཡང་རྒྱུད་ཆད་པའི་ཉེན་ཁ་ལ་ཐུག་ཡོད་པ་རེད།
ན་ནང་ལོ་མཇུག་ལ། ཀན་སུའུ་ཡི་བོད་དམག་སྡོད་པའི་ས་ཁུལ་ནས་བོད་དམག་བོད་མིའི་རིག་གནས་ཞིབ་འཇུག་ཁང་ཞིག་བཙུགས་ནས། བོད་དམག་བོད་མིའི་ཐུན་མོང་མིན་པའི་རིག་གནས་ཀྱི་ཐོན་ཁུངས་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། བོད་དམག་བོད་མིའི་རོལ་མོ་སྔོག་འདོན་དང་སྲུང་སྐྱོབ་བྱེད་ཆེད། བོད་དམག་བོད་མིའི་རིག་གནས་ཞིབ་འཇུག་པ་ཚའོ་ཞུས་ཀྱིས་ཉེ་ལམ་《བོད་དམག》དང་《བོད་དམག་གིས་ཁྱེད་ལ་དགའ་བསུ》ཞེས་པའི་གླུ་གཞས་སོགས་བརྩམས་པ་རེད།
ཀན་སུའུ་ཝུན་རྫོང་དང་སི་ཁྲོན་ཕིང་ཝུའུ་རྫོང་ནི་བོད་དམག་བོད་མི་འདུས་སྡོད་བྱས་པའི་ས་ཆ་ཆེན་པོ་གཉིས་ཡིན་ལ། མིག་སྔར། ཝུན་རྫོང་གི་ཐེ་ལོ་ཞེས་པའི་བོད་རིགས་ཞང་ན་བོད་དམག་བོད་མི་སྟོང་གསུམ་ཙམ་ལས་མེད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com