བོད་མིའི་འཛེམས་སྤང་སྐོར།

རྩོམ་པ་པོ།:མཁས་དབང་དུང་དཀར་ཚང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-01-18 10:23:58 ཀློག་གྲངས།:

   བོད་རིགས་མང་ཆེ་བ་ནི་སངས་རྒྱས་ཆོས་ལུགས་ལ་དད་ཞེན་ཆེ་བས་དགེ་སྡིག་སྤངས་བླང་དང་འབྲེལ་བ་དང་དེ་མིན་གོམས་གཤིས་ཀྱི་ཐོག་ནས་བྱུང་བའི་རྒྱུན་གཏན་འཛེམས་སྤང་དགོས་པའི་གནས་ཤིན་ཏུ་མང་སྟབས་འདིར་རེ་རེ་བྱས་ནས་འགོད་ཀྱི་མི་ལང་བས་དཔེ་མཚན་ཁ་ཤས་ཤིག་བཀོད་ན།

   ༡.སྲོག་གཅོད་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་ངོས་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བའི་ལས་བཅུ་སྤོང་དགོས་པའི་ནང་གི་ལུས་ཀྱི་མི་དགེ་བ་གསུམ་གྱི་དང་པོ་དེ་ཡིན་པས་རབ་ཏུ་བྱུང་བའི་གྲྭ་བཙུན་སྨོས་ཅི།   ཆོས་ལ་དད་པ་བྱེད་མཁན་སྐྱེ་བོ་ཀུན་གྱིས་སྲོག་གཅོད་པ་ནི་སྡིག་པའི་ལས་ཚབས་ཆེར་རྩིས་ཏེ་ཆུང་འབུ་སྲིན་ནས་ཆེ་མི་ཕྱུགས་སོགས་སྲོག་ལྡན་གང་ཞིག་ཡིན་རུང་རང་གིས་དེ་དག་སྲོག་མི་གཅོད་ཅིང་།  ཐ་ན་བསམ་ཤེས་མེད་པའི་བྱིས་པས་འབུ་སྲིན་བསད་པའང་བཀག་པ་དང་།    རང་གིས་ཐད་ཀར་སྲོག་རྒྱུ་ཕར་བཞག   རང་ལ་དམིགས་ཏེ་གཞན་གྱིས་སྲོག་གཅོད་པའང་བཀག་པ་སོགས་དངོས་ཤུགས་གང་ཐད་ཀྱི་སྲོག་གཅོད་ཀྱི་ལས་འཛེམས་ཀྱི་ཡོད།   ཤ་ནི་བོད་རིགས་མང་ཆེ་བས་དགའ་པོ་བྱེད་པའི་ཟས་རིགས་ཤིག་ཡིན་ཀྱང་།    ས་གནས་སོ་སོར་རྒྱུན་འཛིན་རང་བཞིན་གྱི་ངེས་གཏན་མི་སྣས་སེམས་ཅན་སྲོག་གཅོད་པ་ལས་སུ་རུང་གིས་བྱེད་ཀྱི་མེད།

   ༢.བོད་རིགས་མང་ཆེ་བས་མ་གཞི་ཤ་རིགས་སྣ་ཚོགས་ཟ་གི་ཡོད་ཀྱང་འཛེམས་སྤང་ཐད་ཅུང་ཟད་ཙམ་ཡོད་མཁན་མི་ཁག་གཅིག་གིས་ཤ་ཕག་སྒོང་གསུམ་སྟེ་ཉ་ཤ་དང་།   ཕག་ཤ།  བྱ་སྒོང་བཅས་མི་ཟ་ཞིང་།   དེ་དག་མི་ཟ་བའི་རྒྱུ་མཚན་ནི་སེམས་ཅན་དེ་ཚོའི་ལུས་ཐོག་ཏུ་འགྲོ་བ་མིའི་ལུས་ཁམས་དང་ཤེས་རིག་འཕེལ་རྒྱས་ལ་གནོད་པའི་སྲོག་ལྡན་འབུ་ཕྲ་གཞན་དག་མང་པོ་གནས་ཡོད་པས་སྨན་རིགས་ཀྱི་ནུས་པ་འཇོམས་པ་དང་།   ཤ་དེ་དག་ནི་བཙོག་པ་གྲིབ་ཅན་ཡིན་པར་བརྟེན་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་ཡར་རྒྱས་ལ་གནོད་པར་རྩི་གི་ཡོད།   འཚོ་བའི་ཆུ་ཚད་མི་འདྲ་བས་འཛེམས་སྤང་ཐད་དམ་ལྷོད་མི་འདྲ་མོད།    བོད་རིགས་ཟས་ཀྱིས་ཇི་ལྟར་ཕོངས་པ་ཞིག་ཡིན་རུང་སེམས་ཅན་རྨིག་གཅིག་པ་རྟ་བོང་སོགས་དང་ཁྱི་དང་བྱི་ལ་སོགས་སྡེར་མོ་ཅན་གཅན་གཟན་རིགས་ཀྱི་ཤ་རྩ་བ་ནས་མི་ཟ་བ་དང་།   མི་གཞན་གྱིས་ཟོས་ན་ཡང་ཧ་ཅང་སྐྱུག་བྲོར་རྩིས་ཏེ་ཐ་ན་དེ་དག་གི་ཟས་སྣོད་དང་ཡང་ཁ་ལག་མ་འདྲེས་པ་བྱེད་ཀྱི་ཡོད།   ད་དུང་སེམས་ཅན་འབྲི་གཡག་སོགས་དེ་རིང་བསད་པའི་ཤ་ནི་ཉིན་ཤ་ཡིན་པས་ཉིན་དེར་རང་ལ་ཟ་མི་རུང་བར་རྩིས་ཏེ་ཉིན་ཤ་ཡིན་པ་ཤེས་བཞིན་དུ་མི་ཟ་བ་དང་ཤ་བསིལ་ཚོང་མཁན་ཚོས་ཀྱང་ཚོར་རྒྱུར་འཛེམས་ཀྱི་ཡོད།

   ༣.བོད་རིགས་རྣམས་ནི་བྱ་བ་སྤྱི་དང་།   སྒོས་སུ་བྱ་བ་ཆེ་རིགས་སྒྲུབ་ན་ངེས་པར་དུ་སྤྱིའི་གཟའ་སྐར་འབྱུང་འཕྲོད་ངན་པ་སོགས་ལ་འཛེམས་ཤིང་།   ལྷག་པར་མི་སོ་སོའི་གཟའ་སྐར་ངན་པར་འཛེམས་རྒྱུ་དེ་བས་གལ་ཆེར་རྩིས་ཏེ་རང་གིས་མ་ཤེས་ནའང་གཞན་ལ་དྲིས་ནས་གཟའ་འཁོར་མ་ཡིན་པའི་ཀེག་སྐར་བདུད་སྐར་གཤེད་སྐར་བཅས་འཁེལ་རྒྱུ་ཡོད།   དཔེར་ན་ལོ་རྟགས་སྟག་ཡིན་ན་རེས་གཟའ་སྤེན་པ་གཤེད་གཟའ་འཁེལ་བ་དང་།   ཀེག་སྐར་ནག་པ།   བདུད་སྐར་དབོ།  གཤེད་སྐར་བྲ་ཉེ་བཅས་འཁེལ་བས་སྟག་ལོ་པའི་ངོས་ནས་གཟའ་སྐར་དེ་དག་དང་།   ད་དུང་རང་ལོ་འཁོར་བཅུ་གཉིས་ཀྱི་ལོ་རྟགས་གང་ལ་སྐྱེས་པ་དེ་ནི་རང་གི་ལོ་རྟགས་ཡིན་པ་དེ་ནམ་ཤར་ནི་རང་གི་ལོ་ཀེག་ཡིན་ཞིང་།    ད་དུང་ལོ་ཟླ་ཉིན་གསུམ་ནག་པོ་སོགས་ཀྱི་དུས་ལ་ཆང་ས་དང་ཁང་ཁྱིམ་གསར་སྐྲུན་སོགས་ཀྱི་བྱ་བ་ངེས་པར་དུ་འཛེམས་གཡོལ་བྱེད་སྲོལ་ཡོད།   གལ་སྲིད་གནས་ཚུལ་ཆེས་དམིགས་བསལ་གྱིས་གཡོལ་ཐབས་མ་བྱུང་ན་ཆོས་ལུགས་ཀྱི་ཐོག་ནས་གེགས་སེལ་རིམ་གྲོ་བྱེད་སྲོལ་ཡོད།

   ༤.བོད་རིགས་རྣམས་རང་ཡུལ་ནས་ཐག་རིང་ལ་ཕྱོགས་ཐོན་བྱེད་ན་གོང་དུ་བཤད་པའི་གཤེད་གཟའ་སོགས་ལ་འཛེམས་དགོས་ཁར།    ད་དུང་ཕྱོགས་ཐོན་སྐབས་དམིགས་བསལ་གྱིས་གཟའ་སྐར་དུས་ཚོད་འཛེམས་དགོས་པ་ནི་རེས་གཟའ་ཉི་མ་དང་ལྷག་པར་ཟླ་རེའི་བོད་ཚེས་༢.༨.༡༤.༢༦བཅས་ལ་སྐར་མ་ཆུ་ཚགས་འཁེལ་བའི་ཉིན་ཕྱོགས་ཐོན་མི་བྱེད་ཅིང་།   ཕྱོགས་ཐོན་བྱས་ན་ལམ་བར་བདེ་བགྲོད་མི་ཡོང་བའི་གེགས་བར་རྐྱེན་ངན་དང་འཕྲད་པར་བཤད།  གལ་སྲིད་གཡོལ་ཐབས་མ་བྱུང་ཚེ་ཆུ་ཚགས་ནང་ནས་ཆུ་གཏོང་བ་སོགས་ཀྱི་གཏོ་བཅོས་བྱེད་སྲོལ་ཡོད།

   ༥.བོད་རིགས་གཉེན་སྒྲིག་བྱེད་ན་འཛེམས་དགོས་པ་མང་པོ་ཞིག་ཡོད་ཅིང་།   ལྷག་པར་དུ་གཉེན་སྒྲིག་བྱེད་མཁན་ཁ་གཏད་གཉིས་གཉེན་འབྲེལ་དུ་གྱུར་པ་གཉེན་སྒྲིག་འཛེམས་རྒྱུ་ཧ་ཅང་གལ་ཆེར་རྩིས་ཀྱི་ཡོད།   བོད་རིགས་ཀྱིས་ཕ་རྒྱུད་དང་མ་རྒྱུད་བར་ཡས་མས་བདུན་རྒྱུད་ནང་ཚུད་གཉིས་ཀར་འཛེམས་ཀྱི་ཡོད་པ་སྟེ།  ཕ་རྒྱུད་མ་མཐར་འབྲེལ་བའི་ཚིགས་བདུན་དང་།   མ་རྒྱུད་མ་མཐར་ཚིགས་ཐག་ལྔའི་ནང་ཚུད་མིན་ག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།