ཨ་མྱེས་གླེ་འཕྱོར་གྱི་ལབ་ཙེ་ངོ་སྤྲོད་མདོར་བསྡུས།
དགོན་གོང་མར་མཚོན་ན་གླེ་ཁོག་ན་ཡོད་དུས་བ་ཨ་མྱེས་གླེ་འཕྱོར་རམ་གླེ་ཞར་གྱི་ལབ་ཙེ་བསྟོད་ཅིང་། གཞི་བདག་དེ་ནི་དགོན་གོང་མའི་དཔའ་བོ་ཞིག་གི་བླ་གཤེད་ཡིན་པར་གྲགས། གླེ་འཕྱོར་ནི་དགོན་གོང་མ་ཡོངས་ཀྱི་སྐྱེས་ལྷ་ཡིན་པས། འབའ་ལུང་ལ་སྤོར་བའི་རྗེས་སུའང་ལོ་མང་རབས་ཤིག་ལ་ལོ་རེའི་ཟླ་དྲུག་པའི་ནང་ཚོ་རྟིང་བཞི་བོ་ཕྱིར་གླེ་ཁོག་ལ་སོང་ནས་ལབ་ཙེ་བསྟོད་པར་བྱེད། ཕྱིས་སུ་རིམ་བཞིན་འབའ་ལུང་ནས་ཀོ་ཆེན་སོགས་སྡེ་བས་རྒྱུན་དུ་བསྟོད་དགོས་པའི་ལབ་ཙེ་བྱུང་བ་ནས་བཟུང་། གླེ་འཕྱོར་བསྟོད་པའི་བར་མཚམས་ཇེ་རིང་དུ་སོང་ནའང་བསང་མཆོད་རྒྱུན་ཆགས་སུ་བྱེད།
ཨ་མྱེས་གླེ་འཕྱོར་གྱི་བསང་མཆོད་འདི་ལྟར།
མདོ་སྨད་གསེར་གཞུང་ནོར་བུའི་ལྟེ་བ་རུ།། སྲ་བརྟན་བྲག་རི་རྫ་ཀློང་ཕོ་བྲང་ནས།། ལྷ་གཉན་གླེ་ཞར་འཁོར་བཅས་སྤྱན་འདྲེན་ནོ།། སྐུ་མདོག་དམར་སྨུག་སྟག་རལ་གཟིག་ཤུབ་ཅན།། རྒྱན་དང་ཆ་ལུགས་ན་བཟའ་བསམ་མི་ཁྱབ།། ཕྱག་གཡས་མདུང་དར་གཡོན་པས་ནོར་གཞོང་བསྣམས།། རྟ་གཏོར་འདི་བཞེས་ལ། རྣལ་འབྱོར་འཁོར་སྲུང་གདུག་པའི་རྐྱེན་ངན་ཟློག། མ་མདའ་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com