བོད་མིས་གསེར་སོ་འཛུགས་དོན་གང་ཡིན་ནམ།
རྩོམ་པ་པོ།:ཟམ་ཚ་ཚེ་རིང་དོན་གྲུབ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-01-13 15:02:15
ཀློག་གྲངས།:

གསེར་སོ་བཤད་པ།
ཟམ་ཚ་ཚེ་རིང་དོན་གྲུབ།
ཟམ་ཚ་ཚེ་རིང་དོན་གྲུབ།
ལོ་ལོན་ཚོའི་ངག་རྒྱུན་ལ། དེ་སྔོན་གསེར་སོ་བཙུགས་ཡོད་པ་དང་། ལྭ་བའི་སྒྲོག་གུ་གསེར་ལས་བྱས་ཡོད་པ་དག་གཉན་འཕྲང་ངམ་གལ་ལ་ཐུག་དུས་སོའམ་སྒྲོག་གུ་ཁོང་དུ་མིད་ནས་རང་སྲོག་གཅོད་དོ་ཟེར། སོ་གསེར་གྱིས་ཤན་ལུགས་དེ་དུས་ནམ་ཞིག་ལ་དར་བ་དཔྱད་དཀའ་ཡང་། གུས་པོ་ཆུང་དུས་མཐུན་རྐྱེན་སོགས་གང་ཡང་འཛོམས་རྒྱུ་མེད་པའི་ཕ་ཡུལ་གྱི་དར་མ་རྣམས་ཀྱི་ཁ་ལ་གསེར་སོ་བཙུགས་ཡོད་པ་རྟག་པར་མཐོང་རྒྱུ་ཡོད་པ་དང་། གཞོན་སྐྱེས་ཚོས་མཛེས་ཆོས་སུ་འགྲན་བཞིན་གསེར་སོ་འཛུགས་པའི་ཚུལ་ད་རུང་ཡང་དྲན་ལ། ན་ནིང་དོ་ཚིགས་གསེར་སོ་འཛུགས་མཁན་ཇེ་ཉུང་ངམ། ཧ་ལམ་མཐོང་དཀོན་པར་གྱུར་ཡོད།
ཉིན་ཁ་ཤས་སྔོན་གྲོགས་པོ་གསོ་རིག་ལ་མཁས་པ་ཞིག་གི་ཁ་པར་བར་སྟོང་དུ། བོད་མིས་གསེར་སོ་འཛུགས་དོན་འདི་རེད། ཟེར་ནས་བྱང་ནག་ཆུའི་འབྲོག་པ་རེད་ཨང་བསམ་སའི་ཕོ་རྒོད་འཛུམ་བག་ཅན་ཁ་ལ་གསེར་སོ་གཉིས་བཙུགས་པའི་ཟུར་ལ་ཐ་མག་ཅིག་བཙིར་བའི་པར་ཞིག་དང་། དེའི་གསལ་བཤད་ཡི་གེ་ལ། ཁ་རུལ་གྱི་དྲི་ལོག་སྣ་མགུ་ཆེ་ན། ཀ་ཀོ་ལ་དང་ཤུ་དག་གླ་རྩི་སྦྲང་རྩི་རྣམས་ཀྱི་ཆུས་ཁ་བཤལ་ན་སེལ་ལོ། །སོ་དབར་དུ་གསེར་གྱི་དུམ་བུ་གཅིག་བཅུག་ཀྱང་ཕན་ནོ། །ཞེས་དེབ་ཅིག་གི་ཤོག་ངོས་པར་བརྒྱབ་ནས་བཀོད་ཡོད།
དེར་ཕྲན་གྱིས་གཟི་སོགས་གནའ་རབས་གྱི་རྒྱན་ཆ་གང་ཡིན་ཡང་ཕན་ནུས་ཅན་ཤ་སྟག་དང་། ཡང་ན་རྒྱུ་མཚན་མེད་པར་གང་དྲན་ཞིག་བཏགས་པ་རྩ་བ་ནས་མ་རེད་ཨང་སྙམ་ནས་ཁོང་ལ་སྒེར་ཐོག་ནས་ལུང་ཁུངས་འདིའི་དེབ་ཀྱི་མིང་ལ་ཅི་ཞུ་ཞུས་པར། ལུང་རིགས་མན་ངག་ཀུན་གྱི་ཡང་རྩེ་མཁས་པའི་ཕྱག་བཞེས་འདོད་རྒུའི་གཏེར་མཛོད་རེད་ཅེས་འཕྲལ་མར་ལན་གནང་བྱུང་ངོ་། །
རྩོམ་ཡིག་འདི་ཟམ་ཚ་ཚེ་རིང་དོན་གྲུབ་ལགས་ཀྱི«དཔྱད་རྩོམ་ཡིག་བརྒྱ་མ»ལས་ཁོལ་དུ་ཕྱུང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།