ལྷ་ལྡན་སྨོན་ལམ་ཆེན་མོ།
དེ་ཡང་བོད་ཟླ་དང་པོའི་ཚེས་བཞི་ནས་འགོ་ཚུགས་པའི་ལྷ་ལྡན་སྨོན་ལམ་ཆེན་མོར་གྲགས་པ་ནི་རྒྱལ་བ་ཙོང་ཁ་བ་ཆེན་པོས་བོད་རབ་བྱུང་བདུན་པའི་ས་བྱི་ཏེ་སྤྱི་ལོ་༡༤༠༨ལོར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང༌། ཁྱམས་ར། ལྡེབས་བྲིས་སོགས་ཕྱི་ནང་གི་རྟེན་བརྟེན་པ་ཉམས་གསོ་རྒྱས་པར་གནང་བའི་ཕྱི་ལོ་རབ་བྱུང་བདུན་པའི་ས་གླང་ཏེ་སྤྱི་ལོ་༡༤༠༩ལོའི་བོད་ཟླ་དང་པོར་ཇོ་བོ་ཤཱཀྱ་མུ་ནེར་གསེར་སྦྱངས་བརྡུངས་ཀྱིས་དབུ་རྒྱན་ཕུལ་བས་མཚོན་རྟེན་མཆོག་རྣམས་ཀྱི་སྤྱན་སྔར་མཆོད་སྤྲིན་དང༌། ལྷ་ལྡན་གཙུག་ལག་ཁང་དུ་དགེ་འདུན་པ་སྟོང་ཕྲག་འགའ་ཞིག་བཞུགས་པའི་སེར་ཚོགས་ཆེན་མོ་ཞིག་སྐོར་ཚོགས་ཀྱིས་ཆོ་འཕྲུལ་ཆེན་པོའི་དུས་ཀྱི་མཆོད་པ་གསར་འཛུགས་མཛད་པ་ལས་རིམ་བཞིན་འཕེལ་རྒྱས་སུ་སོང་ནས་ལོ་ལྟར་ལྷ་ལྡན་སྨོན་ལམ་ཆེན་མོ་ཞེས་པའི་དུས་མཆོད་ཚུགས་སྲོལ་བྱུང༌། དེ་ཉིན་ལྷ་ལྡན་གཙུག་ལག་ཁང་གི་འཁྱམས་ར་དང༌། སེ་ར་ལྟག་སྒོ ཤིང་ར་སོགས་སུ་སེ་འབྲས་དགའ་གསུམ་གྱིས་མཚོན་ཆོས་སྡེ་ཁག་གི་དགེ་འདུན་ཁྲི་ཕྲག་འགའི་འདུ་ཚོགས་དང༌། སྨོན་ལམ་ཞག་ཉེར་གཅིག་དེ་སྔའི་སྲིད་གཞུང་ནས་ཇ་ཐུག་འགྱེད་དངུལ་སོགས་གཏོང་སྒོའི་ཐོག་འབྱོར་ལྡན་ཁག་གིས་ཐེབས་སྦྱར་ལས་འགྱེད། དེ་མིན་འབྱོར་ཕྱུག་ལྡན་པ་རྣམས་ཀྱིས་རང་རང་འདུས་པའི་སྡེར་བརྗོད་བཀུར་བསྟར་འབུལ་བྱེད་པ་སོགས་ཀྱི་ཆོས་ཀྱི་བྱེད་སྒོ་འདུ་འཁྲུག་ཤིན་ཏུ་ཆེ།
བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ཆོ་འཕྲུལ་གྱི་དུས་ཆེན་དངོས་གཞི་སྟེ་སྔར་འཕགས་ཡུལ་གྱི་གཉན་ཡོད་གནས་ཞེས་བྱ་བར་མཉམ་མེད་ཤཱཀྱའི་རྒྱལ་པོས་མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད་དང༌། གནག་ལས་སྐྱེས། རྒྱལ་བ་ཅན། གཉེན་གྱི་བུ། ནོག་ཅན། སྐྲའི་ལ་བ་ཅན་སྟེ་མུ་སྟེགས་ཀྱི་སྟོན་པ་དྲུག་འཁོར་དང་བཅས་པ་ཆོ་འཕྲུལ་གྱི་མཛད་པས་ཕམ་པར་མཛད་དེ་དམ་པའི་ཆོས་ཀྱི་མཚན་ཕྱོགས་བཅུར་བསྒྲེངས་པའི་དུས་ཁྱད་པར་ཅན་དེ་ལ་ཆོ་འཕྲུལ་དུས་ཆེན་དུ་འབོད་པ་ཡིན། ཉེ་རབས་ཀྱི་སྨོན་ལམ་ཆེན་མོའི་མཆོད་སྤྲིན་གྱི་བྱེད་སྒོ་ཁག་ནི་བོད་ཟླ་དང་པོའི་ཚེས་བཞི་ཉིན་གྱི་ཕྱི་དྲོར་སེ་འབྲས་དགའ་གསུམ་སོགས་ཀྱི་དགེ་འདུན་པ་རྣམས་གཙུག་ལག་ཁང་དུ་གྲལ་འཛིན་མཛད། ཚེས་ལྔ་ཉིན་ནས་ཚེས་ཉེར་བཞི་ཉིན་བར་ཉིན་ལྟར་སྐམ་ཚོགས་གསུམ་དང༌། རློན་ཚོགས་གསུམ། ཞོགས་པ་ཐོ་རེངས་ནས་དགོང་མོ་མཚན་ཕྱེད་བར་ཚོགས་ཚོགས་དགོས་ཀྱི་ཡོད། ཞོགས་ཚོགས་ལ་གསོལ་ཇ་གཉིས་དང་བཞེངས་ཐུག་གཅིག་ཡོད། ཞལ་འདོན་སྐྱབས་སེམས་དང༌། ཚེ་ལྷ་རྣམ་གསུམ། སངས་རྒྱས་བྱང་སེམས་ཀྱི་བསྟོད་པ། གདུགས་ཤེར་སེང་གསུམ། སྨོན་ལམ་ལྡེ་གུ་སོགས་དང༌། སྦྱིན་བདག་གིས་ཕུལ་བའི་འདོན་སྐུལ་རྣམས་མཛད༌། ཞོགས་ཚོགས་གྲོལ་རྗེས་གསུང་ཆོས་ར་བའི་སྐམ་ཚོགས་ལ་ཉིན་དེའི་དགེ་བཤེས་དམ་བཅའ་བར་ཚད་མའི་སྐོར་བགྲོ་གླེང་མཛད། དགེ་བཤེས་ཀྱི་ཕྱག་དཔེའི་ཆུ་ཚད་ལ་གཟིགས་ཞིབ་གནང་མཁན་བླ་མ་གཞུང་ལས་པ་ཞེས་དགེ་བཤེས་གཅིག་དང་འབྲས་སྤུངས་ཀྱི་མཁན་པོ་གཉིས་ཡོད། དགའ་ལྡན་ཁྲི་རིན་པོ་ཆེ་གསུང་ཆོས་ར་བར་ཕེབས་སྐབས་མཚན་ཉིད་རྩོད་མཚམས་བཞག ཁྲི་རིན་པོ་ཆེ་བཞུགས་ཁྲིར་བཞུགས་རྗེས་ཤེས་རབ་སྙིང་པོ་དབུ་སྐུལ་མཛད། དེ་གྲུབ་རྗེས་འབྲས་སྤུངས་ཚོགས་ཆེན་དབུ་མཛད་ཀྱིས་མཎྜལ་འབུལ། ཁྲི་རིམ་པོ་ཆེས་སྐྱེས་རབས་སོ་བཞི་པ་ཐུན་རེ་གསུངས། གུང་ཚོགས་ལ་གསོལ་ཇ་སོགས་ཞོགས་ཚོགས་དང་མཚུངས། གུང་ཚོགས་སུ་དད་ལྡན་སྐྱེ་བོ་གྲངས་ལས་འདས་པ་རྣམས་ཀྱིས་གཙུག་ལག་ཁང་གི་ཐོག་སྟེང་ནས་ཚོགས་མཇལ་ཞུ་བ་དང་འདོན་སྐུལ་ཤོག་ཆག་དང་མཇལ་དར་བསྐྱུར། གུང་ཚོགས་གྲོལ་རྗེས་ཁྱམས་རའི་ནང་ཉིན་དེའི་དགེ་བཤེས་དམ་བཅའ་བར་དབུ་མ་དང་ཕར་ཕྱིན་གྱི་སྐོར་བགྲོ་གླེང་མཛད། ཁྲི་རིམ་པོ་ཆེ་ཁྱམས་རའི་སྒོ་མཆོར་འོག་ཕེབས་སྐབས་རྩོད་མཚམས་བཞག ཁྲི་རིན་པོ་ཆེ་ཇོ་བོ་ལ་ཞལ་ཕྱོགས་ནས་བཞུགས་པ་དང༌། དབུ་མཛད་རྣམས་ཁྲི་པར་ཞལ་བསྟན་ནས་བཞུགས། འབྲས་སྤུངས་ཚོགས་ཆེན་དབུ་མཛད་ཀྱིས་ཞལ་འདོན་བསྐུལ་བ་ལྟར་འདོན་བཞིན་དུ་ཁྲི་པའི་མཇལ་ཁ་ཞུ། འབྲས་སྤུངས་གྲྭ་ཚང་བཞིའི་དབུ་མཛད་ཀྱིས་སྤྱན་འདྲེན་དང༌། ཁྲུས་གསོལ། ཡན་ལག་བདུན་པ། མཎྜལ་སྨོན་ལས་བཅས་དབྱངས་དང་ལྡན་པའི་སྒོ་ནས་གསུང༌། ཚོགས་ཆེན་དབུ་མཛད་ཀྱིས་རྗེ་ཙོང་ཁ་པ་ཆེན་པོའི་གསང་རྣམ་དབུ་སྐུལ་མཛད་པ་དང༌། ཡོན་ཏན་གཞི་གྱུར་མ་གསུངས་པ་དང་ཁྲི་རིན་པོ་ཆེས་བསྔོ་བ་དང༌། བདེ་སྨོན། བསྟན་འབར་མ་སོགས་གསུངས། དབུ་མཛད་ཡར་བཞེངས་ནས་བཀྲ་ཤིས་མཆོད་བརྗོད་ཀྱིས་མཚམས་བཞག་གོ དགོང་ཚོགས་ནི་གོང་དང་འདྲ། དགོང་ཚོགས་གྲོལ་རྗེས་ཉིན་དེའི་དགེ་བཤེས་དམ་བཅའ་བར་གདན་ས་གསུམ་གྱི་དཔེ་ཆ་བ་དང་རྒྱུད་གྲྭ་སྟོད་སྨད་ཀྱི་དགེ་བཤེས་ཀྱིས་འདུལ་བ་དང་མཛོད་ཀྱི་སྐོར་བགྲོ་གླེང་མཛད། མཚན་ཕྱེད་ཙམ་ལ་བླ་མ་གཞུང་ལས་པས་ཚོད་གནང་བ་དང་མཚམས་བཞག་གོ
བོད་རབ་བྱུང་བཅུ་དྲུག་པའི་མེ་སྟག་ལོའི་ཟླ་དང་པོའི་ཚེས་བདུན་ཉིན་གྱི་ཕྱི་དྲོར་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་དང༌། ལྷ་སའི་རྒྱུད་གྲྭ་སྟོད་སྨད་གཉིས། གནས་ཆུང་དགོན་པ། ར་སྟོད་དགོན་པ་བཅས་ནས་ཕེབས་པའི་དགེ་འདུན་ཆིག་སྟོང་ལྷག་ཙམ་འདུ་འཛོམས་ཀྱིས་གཙུག་ལག་ཁང་གི་ཁྱམས་རའི་ནང་གྲལ་འཛིན་གནང་ཞིང༌། བོད་ཟླ་དང་པའི་ཚེས་བརྒྱད་ནས་ཚེས་བཅུ་དྲུག་བར་ཞག་བཅུའི་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་སྟོན་མཆོད་པ་དངོས་སུ་མཛད། ཀྲུང་གོ་ནང་
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com