སྨོན་ལམ་གཏོར་རྒྱག

རྩོམ་པ་པོ།:བོད་ལྗོངས་ཡུལ་སྐོར་སྣེ་ཤན་ལས་བ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-08 09:14:00 ཀློག་གྲངས།:

        བོད་ཟླ་དང་པོའི་ཚེས་ཉི་ཤུ་བཞི་ཉིན་རྩེ་རྣམ་རྒྱལ་གྲྭ་ཚང་དང་། འབྲས་སྤུངས་སྔགས་པ་གྲྭ་ཚང་གཉིས་ནས་ལྷ་ས་སྨོན་ལམ་ཆེན་མོའི་རྗེས་འབྲེལ་གཏོར་རྒྱག་བྱ་སྲོལ་ལ་སྨོན་ལམ་གཏོར་རྒྱག་ཅེས་འབོད། དེ་ཉིན་ཡ་སོར་ཁྲི་པ་ནས་གཡས་རུ་དང་གཡོན་རུའི་རྟ་དམག་རྣམས་སྣེ་ཁྲིད་ཞོལ་དང་དགོན་གསེབ་ཤར་སོགས་བརྒྱུད་དེ་ར་མོ་ཆེའི་མཚམས་ནས་གཡས་རུ་སྨོན་གྲོང་ཟམ་པའི་ཕྱོགས་དང་གཡོན་རུ་སྨེ་རུའི་མདུན་ནས་རྒྱ་ལྷ་ཁང་སོགས་བརྒྱུད་མཐར་གདོང་ཆེན་ཟུར་དུ་མཉམ་འཛོམས་ཀྱིས་བླ་བྲང་རྙིང་པའི་མདུན་དུ་གདན་ཁྲིོར་འཁོད། རྒྱན་བཟང་མ་དང་ཁྲུང་ཞུ་མས་ཕུད་གཏོར་ཟིན་རྗེས་ཡ་སོར་ཁྲི་པ་གཉིས་སོ་སོའི་ཉེ་ལྟོས་དང་བཅས་པས་རྟེན་འབྲེལ་གྱི་སརྒ་མི་འཆོལ་སླད་རབ་དཀར་ཁ་བཏགས་ཀྱིས་མགུལ་པ་མཛེས་པར་བྱས་ནས་རེ་ཞིག་བླ་རྙིང་དུ་སྒུག་སྡོད་དང་དེ་ནས་ཏཱ་ལའི་བླ་མ་བླ་སྟེང་གཟིམ་ཆུང་དུ་ཕེབས་པའི་བརྡ་འབྱོར་བྱུང་མཚམས་རྟ་དམག་རྣམས་ཁྲིད་ནས་ས་སྦོག་སྒར་བར་བསྐྱོད། དེ་སྐབས་དབུས་མདའ་དཔོན་གཉིས་ཀྱིས་སྤྱི་ཁྱབ་དང་གཟིམ་སྦྱོང་བའི་འགོ་བྱེད། ཟླ་གཅིག་དྲུང་འཁོར་ཞེས་སྨོན་ལམ་གྱི་བྱེད་སྒོ་ཟླ་གཅིག་རིང་སྤ་ལྕོག་བརྒྱབ་ནས་གཟིམ་སྦྱོང་བའི་འགོ་འཛིན་དུ་བསྐོས་པ་དེས་སྣེ་ཁྲིད་བྱས་པའི་སྔར་ལུགས་ལྕགས་ཁྲབ་དང་། ཕུབ། མདའ་གཞུ། མེའི་མདའ་བོ་ཆེ་ཐོགས་པའི་རྐང་དམག་གཟིམ་སྦྱོང་བ་རྣམས་ནས་ཇོ་བོ་དབུ་སྐྲའི་མདུན་དམག་རྩལ་རྩེད་སྲོལ་དང་། དེ་ནས་ཇོ་བོ་དབུ་སྐྲའི་མདུན་ནས་རྩེ་རྣམ་རྒྱལ་གྲྭ་ཚང་དང་། སྔགས་ཁང་ནས་འབྲས་སྤུངས་སྔགས་པ་གྲྭ་ཚང་གིས་གཏོར་རྒྱག་ཟོར་འཕེན་དུ་བསྐྱོད་སྐབས་དགའ་ལྡན་ཁྲི་པ་དང་། དེ་ལོའི་ལྷ་རམས་དགེ་བཤེས། ཡ་སོར་ཁྲི་པས་སྣེ་ཁྲིད་རྟ་དམག་དང་རྐང་དམག་གཟིམ་སྦྱོང་བ་བཅས་ཀྱང་གཏོར་རྒྱབ་ཏུ་བསྐྱོད་ནས་གཏོར་ཁུང་སོག་ཕུང་ལ་བསྐོར་བ་རྒྱག་པ་སོགས་ཚར་རྗེས་ལྷ་ས་སྐྱིད་ཆུའི་ལྷོ་ངོས་ཀྱི་རི་བོ་བྱ་སྐྱག་དཀར་པོའི་སྟེང་དུ་སྦྲ་གུར་ནག་པོ་ཕུབ་པའི་ནང་བྱ་དེ་དང་ཕག་པའི་རི་མོ་བྲིས་ཡོད་པ་དང་ལྷ་སའི་ནུབ་ངོས་ཀྱི་ནོར་སྟོད་གླིང་ཁའི་བརྒྱུད་ནས་བོད་བཟོས་མེ་སྐྱོགས་བཅུ་ཙམ་སྦྲ་གུར་ལ་འཕེན་གྱི་ཡོད། རི་སྟེང་དུ་མདེའུ་སྒུག་མཁན་གར་ཕྲུག་པ་བཞག་ཡོད་ཅིང་གལ་སྲིད་མེ་སྐྱོགས་ཀྱི་མདེའུ་སྦྲ་གུར་ལ་ཕོག་ན་སྨོན་ལམ་ཆེན་མོ་འཕར་མ་ཚོགས་དགོས་ཀྱི་ཡོད། གཏོར་རྒྱག་གྲུབ་རྗེས་དེ་མཚམས་གཞུང་ཞབས་རྣམས་བླ་སྟེང་དུ་སླར་ཚོགས་ནས་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་མཐར་སོན་པའི་ལོ་དེའི་དགེ་བཤེས་ལྷ་རམས་རྣམས་ལ་མཚན་རྟགས་ཨང་རིམ་གཞིར་བཟུང་ལེགས་དར་དང་གནང་ཆ་མང་ཉུང་རིམ་བཞིན་སྤྲོད་པའི་སྲོལ་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།