དྲུག་པ་ཚེས་བཞིའི་སྲོལ་རྒྱུན་དུས་ཆེན་ངོ་སྤྲོད།
རྩོམ་པ་པོ།:བོད་ལྗོངས་ཡུལ་སྐོར་སྣེ་ཤན་ལས་བ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-05-20 17:16:00
ཀློག་གྲངས།:
བོད་ཟླ་དྲུག་པའི་ཚེས་བཞི་ཉིན་ནི་བདག་ཅག་གི་སྟོན་པ་ཤྰཀྱ་ཐུབ་པས་ཡུལ་ཝ་ར་ཎ་སིར་ཀུན་ཤེས་ཀོ་ཌི་ཡ་ན་དང་། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་བཅས་འཁོར་གྱི་ཐོག་པ་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཚིགས་ལ་བརྟེན་གཙུག་ལག་ཁང་རྩེ་ཕོ་བྲང་སོགས་ལ་མཆོད་འབུལ་གཟབ་རྒྱས་བྱེད་སྲོལ་ཡོད་པ་ཙམ་མ་ཟད་ལྷ་སའི་ཉེ་འཁོར་ལྷ་ལུང་རི་ཁྲོད་དང་། ཕ་བོང་ཁ། ཆ་བཟང་། ཕུར་ལྕོག སེ་ར་དབུ་རྩེ། ཀེའུ་ཚང་། ཤར་ནུབ། མི་ཆུང་རི། རི་རྒྱ་བསམ་གཏན་གླིང་སོགས་རི་ཁྲོད་ཁག་ལ་གནས་མཇལ་དུ་བསྐྱོད་སྲོལ་ཡོད། གཞོན་ནུ་མ་རྣམས་ཀྱིས་སེ་འབྲུ་དང་ལྗོན་ཤིང་ཡལ་འདབ་ཀྱི་སྤ་ཕྲུག་གྱོན་ཏེ་གཞས་རྣམ་ཐར་སོགས་གཏོང་བཞིན་མཆོད་མཇལ་ཚར་ནས་རང་རང་གི་ཁྱིམ་ལ་ཕྱིར་ལོག་སྐབས་ནང་མིས་ཇ་ཆང་ཟ་ཆས་སོགས་འཁྱེར་ཏེ་བསུ་བར་འགྲོ་བ་དང་ཆབས་ཅིག་གཤོང་ག་གླིང་ཁ་དང་གྲ་ཕྱི་གླིང་ཁ་སོགས་སུ་གུར་རམ་ཡོལ་བ་བཏང་སྟེ་སྤྲོ་སྐྱིད་ཀྱང་གཏོང་སྲོལ་ཡོད་འདུག
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།