དགའ་ལྡན་སིའུ་ཐུང་།
བོད་ཟླ་དྲུག་པའི་ཚེས་བཅོ་ལྔར་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཐུབ་དབང་གིས་གཙོས་འཕགས་པའི་གནས་བརྟན་བཅུ་དྲུག་དང་། གསང་འདུས་མི་བསྐྱོད་པ། རྒྱལ་ཆེན་བཞི། དགེ་བསྙེན། ཧྭ་ཤང་བཅས་ཀྱི་སིའུ་ཐང་གྲངས་ཉི་ཤུ་རྩ་ལྔ་ཡོད་པ་རྣམས་ཚོགས་ཆེན་དང་ཐོག་ཁང་རྣམས་སུ་ཞག་བདུན་རིང་ཞལ་དབྱེ་ནས་མཆོད་ཅིང་མཇལ་བར་བྱེད་པ་ལ་དགའ་ལྡན་སིའུ་ཐང་ཞེས་ཟེར།
ཙན་དན་གུར་དང་ནང་གི་ཡོལ་བ་དང་སྟེང་གི་བླ་བྲེ་གན་གོས་མངགས་བཏགས་མ་འདི་དང་འཕགས་པའི་གནས་བརྟན་བཅུ་དྲུག་དགེ་བསྙེན། རྒྱལ་ཆེན་བཞི། གསང་འདུས་མི་བསྐྱོད་པ། ཧྭ་ཤང་བཅས་སིའུ་ཐང་ཉི་ཤུ་རྩ་ལྔ་ཡོད་པ་དེ་དག་གསེར་སྐུད་ཀྱིས་སྤྲིན་འབྲུག་སོགས་འཚེམ་དྲུབ་རིས་ལྡན་ཤ་སྟག་ཡིན་ཞིང་དེ་ལྟ་བུའི་སིའུ་ཐང་སྐུ་ངོ་མཚར་ཅན་འདི་རྣམས་སེ་ར་བྱམས་ཆེན་ཆོས་རྗེའི་སློབ་མ་ཨ་མོ་གྷ་དང་བསོད་ནམས་ཤེས་རབ་གཉིས་ཀྱིས་ཏཱ་མིང་ཡུང་ལོ་རྒྱལ་པོའི་སྲས་ཟོན་ཏེ་རྒྱལ་པོའི་དབུ་བླ་མཛད་ནས་ཕྱག་ཏུ་བྱུང་བ་དགའ་ལྡན་གསེར་གདུང་ཁང་དུ་ཕུལ་བ་ཞིག་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com