རྟ་རྒྱུག་དུས་ཆེན།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-08-16 10:06:00
ཀློག་གྲངས།:
༡ རྟ་རྒྱུག་དུས་ཆེན།
རྟ་རྒྱུག་དུས་ཆེན་ནི་བོད་ཡུལ་གྱི་ས་ཕྱོགས་ཀུན་ཏུ་དུས་ངེས་ཅན་ཞིག་གཏན་ཁེལ་བྱས་མེད་ཀྱང་། ལོ་སར་དུས་དང་དགའ་སྟོན་སྣ་ཚོགས་ཀྱི་སྐབས་སུ་ཁྲོམ་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ནས་སྟག་ཤར་སྐྱ་རྩལ་ཅན་རྣམས་ཀྱིས་རྟ་རྒྱུག་བྱེད་བཞིན་ལྟད་མོ་སྣ་ཚོགས་སྟོན་པའི་སྲོལ་ཡོད། དཔེར་ན། བོད་བྱང་ཐང་གི་རྟ་རྒྱུག་དུས་ཆེན་དང་མགོ་ལོག་གི་རྟ་རྒྱུག་དུས་ཆེན་དང་རྨ་ཆུའི་རྟ་རྒྱུག་དུས་ཆེན། རྒྱལ་རྩེ་མདའ་དམངས་ཀྱི་རྟ་རྒྱུག་དང་འདམ་གཞུང་རྟ་རྒྱུག དིང་རིའི་རྟ་རྒྱུག དར་མདོའི་རྟ་རྒྱུག མཚོ་སྔོན་པོའི་འགྲམ་ངོགས་ཀྱི་རྟ་རྒྱུག་དུས་ཆེན་ལྟ་བུ་སོགས་མཆིས།
རྟ་རྒྱུག་འགྲན་སྟངས་ལ་ཡང་། བང་རྒྱུག་དང་གོམ་འགྲོས་འགྲན་པའི་སྲོལ་གཉིས་ཡོད་པ་དང་། བང་རྒྱུག་འགྲན་པ་ནི་དུས་ཆེན་ཀྱི་སྐབས་སུ་སྤེལ་ཅིང་རྒྱུག་ཆེན་ཞེས་འབོད། དེ་ནི་རྟའི་མགྱོགས་ཚད་བསྡུར་ནས་རྟ་གང་མགྱོགས་ཀྱི་རིམ་པ་བསྒྲིགས་ཏེ་དགའ་རྟགས་སྟེར་བ་ཞིག་ཡིན། འབྲོག་ཁུལ་གྱི་རྟ་རྒྱུག་དུས་ཆེན་ལ་ལའི་སྟེང་དཀྱུ་སའི་རྒྱུག་ལམ་གཡས་གཡོན་དུ་ཁ་བཏགས་བཀྲམ་སྟེ་རྟ་རྒྱུག་བཞིན་རྟ་ཐོག་ནས་ཁ་བཏགས་འཐུ་བ་དང་། དཀྱུ་སའི་གཡས་གཡོན་དུ་འབེན་བསླངས་ཏེ་མེ་མདའ་སྐོར་འཕེན་བྱེད་སྲོལ་སོགས་སྐྱ་རྩལ་སྣ་ཚོགས་སྟོན་པའི་བྱེད་སྒོ་འཁྲུག་པོ་སྤེལ་སྲོལ་མཆིས། རྟ་པ་མང་ཆེན་བ་སྐྱ་རྩལ་འཛོམས་ཤིང་ལུས་ཕུང་ཡང་ཟོར་ལྡན་པའི་ཕོ་གཞོན་བདེ་མྱུར་ཅན་ཤ་སྟག་ཡིན་ལ། རྟ་རྒྱུག་གི་སྐབས་སུ་རྟ་པ་ཚོས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་གང་བཟང་སྤྲས་ནས་འགྲན་པ་དང་། ལུས་སུ་ཟོར་ཡང་བའི་གོས་རྒྱན་ཆེན་དུ་བཟོས་ནས་འགྲན་པའང་ཡོད། གོམ་འགྲོས་འགྲན་པའི་དུས་སུ་རྟ་འགྲོས་མའི་མགྱོགས་ཚད་དང་འགྲོས་ཡག་མིན་སྡུར་གྱིན་ཡོད་པས། དུས་ཆེན་གྱི་སྐབས་སུ་འགྲོས་བསྡུར་ཞེས་ཀྱང་འབོད་པ་རེད། དེ་ནི་རྟའི་གོམ་འགྲོས་ཀྱི་ཆ་རྐྱེན་གཙོ་བོ་ཡིན་སྟབས། འགྲན་སྡུར་གྱི་སྐབས་སུ་རྟ་པ་ཚོས་རྟ་གོང་ནས་འགྱིང་ཉམས་ངོམ་བཞིན་རྟ་མཆོག་གོམ་པར་ཁྱེར་ཆོག་ཅིང་། རྟས་གོམ་པ་ལེན་དུས་ལག་པ་མཐོ་དམའ་དང་འགྲོས་བདེ་མིན་མྱུར་བུལ་སོགས་ཀྱི་བཟང་ངན་ལ་བལྟས་ནས་བྱ་དགའ་སྟེར་བ་ཡིན། མདོར་ན་རྟ་རྒྱུག་འགྲན་སྡུར་སྤེལ་བ་ནི་བོད་མི་རྣམས་ཀྱིས་གནའ་སྔ་མོ་ནས་ཧ་ཅང་དགའ་བོ་བྱེད་པའི་སྤྲོ་སྐྱིད་ཀྱི་བྱ་འགུལ་ཞིག་ཡིན།
༢ བྱང་ཐང་རྟ་རྒྱུག་དུས་ཆེན།
བྱང་ཐང་རྟ་རྒྱུག་དུས་ཆེན་ནི་བོད་བྱང་ཐང་གི་ས་ཆར་ལོ་རེའི་སྤྱི་ཟླ་བདུན་པའི་ཟླ་མཇུག་གམ་སྤྱི་ཟླ་བརྒྱད་པའི་ཚེས་མགོར་གཟབ་རྒྱས་ངང་ཚོགས་པའི་བོད་ཀྱི་སྲོལ་རྒྱུན་རྟ་རྒྱུག་དུས་ཆེན་ཡུལ་ཁམས་ཀུན་ཏུ་གྲགས་ཆེ་བ་ཞིག་ཡིན། དེར་མིང་གི་འདོགས་སྲོལ་མི་འདྲ་བ་འགའ་ཡོད་དེ། ཡུལ་ལུང་འགའ་རེས་སྤྲོ་སྐྱིད་དུས་ཆེན་ཞེས་ཟེར་བ་དང་། ཡུལ་ལུང་འགའ་རེས་དབྱར་སྐྱིད་དུས་ཆེན་དང་རྟ་རྒྱུག་དུས་ཆེན། བརྒྱད་གཅིག་དུས་ཆེན་ཞེས་ཀྱང་ཟེར་གྱིན་མཆིས་པས་ན། དེ་དག་རེ་རེ་ལ་མིང་དེ་ལྟར་བཏགས་པའི་རྒྱུ་མཚན་རེ་འདྲེན་རྒྱུ་ཡོད་པ་སྨོས་མ་དགོས། དུས་ཚིགས་དེ་ནི་མཐའ་ཡས་པའི་རྩྭ་ཐང་གི་འབྲོག་པ་རྣམས་ལ་མཚོན་ནས་བཤད་ན། དབྱར་དུས་ཀྱི་ལས་ཀ་མཇུག་བསྒྲིལ་ཅིང་། སྟོན་མགོ་ཚུགས་མ་ཐག་པའི་ཆེས་སྐྱིད་པའི་དུས་བཟང་ཞིག་ཡིན་པ་དང་། ཕྱུགས་རིགས་ལ་ཤ་ཤེད་རྒྱས་ཤིང་ཞོ་འོ་མའི་དཀར་ཆུ་ཧ་ཅང་མོད་པའི་དུས་ཡིན་པར་མ་ཟད། ལོ་གཅིག་གི་དུས་ཚིགས་བཞི་ལས་གནམ་གཤིས་ཤིན་ཏུ་བཟང་བའི་དུས་ཀྱང་ཡིན་པས། བྱང་ཐང་གི་རྟ་རྒྱུག་དུས་ཆེན་ནི་ཆེད་དུ་སྐབས་དེ་ལ་ཚོགས་པའི་དཔེ་སྲོལ་དར་ཡོད། སྐབས་དེའི་ལྟད་མོའི་རྣམ་གྲངས་ལ། རྒྱུག་ཆེན་དང་འགྲོས་བསྡུར། ཞར་འཕེན། ཡོབ་འགྱུར་བཅས་མི་འདྲ་བ་དུ་མ་ཡོད། རྒྱུག་ཆེན་ནི་བང་རྩལ་མགྱོགས་པའི་རྟ་མཆོག་དག་རྒྱུག་ཐག་རིང་བོར་བསྐོར་ཏེ་བང་རྩལ་གང་མགྱོགས་འགྲན་པ་ཞིག་ཡིན། རྟ་རྒྱུག་འགྲན་བསྡུར་གྱི་མགོ་མ་བརྩམས་པའི་སྔོན་གྱི་ཉིན་བཅུ་ཙམ་གྱི་རིང་ལ་རྒྱུག་སྦྱོང་བྱེད་པ་དང་། དེ་ནས་དངོས་གཞིའི་སྐབས་སུ་བདག་པོ་ཚོས་རང་རང་གི་ཞོན་རྟ་ལ་དར་ཚོན་སྣ་ལྔའི་ཁ་བཏགས་སོགས་ཀྱིས་མཛེས་པར་སྤྲས་ཏེ། ཐོག་མར་ཡུལ་སྲོལ་ལྟར་བསང་མཆོད་ཕུལ་ཏེ་འགྲན་བསྡུར་གྱི་སྐབས་སུ་མི་རྟར་གོད་ཆག་མི་ཡོང་བའི་སྐྱབས་འཇུག་ཞུ་བ་དང་། རང་ཉིད་ལ་རྒྱུག་རྩལ་ཨང་དང་བོ་འཐོབ་པའི་སྨོན་ལམ་རྒྱག་པ་དང་ཆབས་ཅིག ཆེད་དུ་བཟོས་པའི་རྒྱུག་ཞྭ་རྒྱུག་གོས་གསོལ་ཏེ། ཚོགས་གཞུང་གིས་ཐག་བཅད་པའི་དཀྱུ་སར་ཕྱིན་ནས་དུས་གཅིག་ལ་བརྒྱུག་དགོས། རྒྱུག་རྩལ་ཕུལ་དུ་བྱུང་བའི་མི་རྟ་ལ་མགྱོགས་དལ་གྱི་རིམ་པ་བཞིན་ཡུལ་ལུང་སོ་སོའི་མི་རྣམས་ཀྱིས་རང་རང་གི་ཕྱོགས་ཞེན་ལ་རྒྱའི་མགྱོགས་དར་གྱི་ཁ་བཏགས་འཐེན་ནས་བཀྲ་ཤིས་བདེ་ལེགས་ཞུ་སྲོལ་ཡོད།
འགྲོས་བསྡུར་བྱེད་པའི་སྐབས་སུ། རྟ་འགྲོས་མའི་མགྱོགས་ཚད་དང་གོམ་པ་ལེན་སྟངས་ཀྱི་ཡག་བཙོག་དང་བཟང་ངན་འགྲན་པ་རེད། བྱ་དགའ་སྤྲོད་ལུགས་ནི་རྒྱུག་ཆེན་དང་ཕལ་ཆེར་གཅིག་མཚུངས་རེད།
དེ་བཞིན་དུ་ཞར་འཕེན་གྱི་འགྲན་བསྡུར་ནང་ཞུགས་མཁན་ཚོས་རྟ་ཐོག་ནས་མེ་མདའི་ཚ་ཁ་འགྲན་པ་རེད། ས་ཆ་དེར་དར་ཕྱོགས་ཤིག་གིས་ད་ལྟ་ཡང་ཕལ་ཆེ་བས་བོད་ཧྥུའུ་སྟེ་བོད་མདའ་བེད་སྤྱོད་ཀྱིན་ཡོད་ཅིང་། དེའི་དགེ་མཚན་ནི་སྐད་སྒྲ་ཆེ་ལ་རྫས་དུད་མང་བས་ཟིལ་ཤུགས་གཞན་ལས་ཆེ་བ་ཡོད་པ་དང་། དེའི་སྐབས་སུ་རྟ་རྒྱུག་མཁན་གྱི་ཕོ་གཞོན་རྣམས་ཀྱིས་རང་རང་གི་འཇོན་ཐང་རྩལ་ཤུགས་ངོམ་ཕྱིར་མེ་མདའ་ཀླད་དུ་བསྐོར་བ་དང་། རྟའི་མགུལ་འོག་ནས་བླངས་ཏེ་རྒྱུག་ལམ་གྱི་གཡོན་ཕྱོགས་སུ་བརྩེངས་པའི་འབེན་ལ་གཏད་ནས་མེ་མདས་རྒྱག་པ་ལ་སྔ་རིས་སྒོ་འཁོར་ཟེར་ལ། བྱ་དགའ་སྤྲོད་སྟངས་ནི་རྒྱུག་ཆེན་སོགས་དང་མི་འདྲ་བར་མེ་མདས་འབེན་ལ་ཕོག་པའི་གྲངས་ཀྱི་མང་ཉུང་ལྟར་བྱ་དགའ་ཆེ་ཆུང་སྤྲོད་ཀྱིན་ཡོད། ཡོབ་འགྱུར་ཞེས་པའི་སྐྱ་རྩལ་མངོན་སྟངས་ནི་འགྲན་བསྡུར་ནང་ཞུགས་མཁན་ཚོས་རྟ་ཐོག་ནས་ཁ་བཏགས་འཐུ་བ་ཡིན། སྐྱ་རྩལ་འཛོམས་པའི་ཕོ་གཞོན་སྟག་ཤར་ཚོས་རང་རང་གི་རྟ་ལ་ཞོན་ཏེ། དཀྱུ་སའི་ལམ་དུ་མྱུར་མགྱོགས་ཤུགས་ཀྱིས་བང་རྩལ་ངོམ་ཞོར། རྒྱུག་ལམ་གཡས་གཡོན་གྱི་ཐང་ལ་བཀྲམ་པའི་ཁ་བཏགས་རྣམས་ལག་པ་བསྲིངས་ནས་ལེན་པ་ཡིན། དེར་ཆེད་དམིགས་ཀྱི་བྱ་དགའ་མེད་མོད། ཁ་བཏགས་དེའི་སྣེ་མོ་རུ་མི་དམངས་ཤོག་སྒོར་རེ་མདུད་ནས་བཞག་ཡོད་པས་ཁ་བཏགས་བཏུས་པ་མང་བ་དེར་རང་ཤུགས་ཀྱིས་སྒོར་གྲངས་མང་བོ་ཐོབ་ཀྱི་ཡོད། བྱང་ཐང་གི་རྟ་རྒྱུག་དུས་ཆེན་དེ་དེང་སྐབས་མང་ཚོགས་རང་བཞིན་ལྡན་པའི་བོད་དམངས་ཁྲོད་ཀྱི་ལུས་རྩལ་འགྲན་ཚོགས་བྱང་ཐང་རྟ་རྒྱུག་དུས་ཆེན་ཞེས་ཡུལ་ཕྱོགས་ཀུན་ལ་སྙན་གྲགས་ཁྱབ་པའི་གཟབ་རྒྱས་དུས་ཆེན་ཞིག་ཏུ་གྱུར་ཡོད།
༣ བསང་གཞུང་རྟ་རྒྱུག་དུས་ཆེན།
བསང་གཞུང་རྟ་རྒྱུག་དུས་ཆེན་ནི་ལོ་རེའི་ཧོར་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་སྤེལ་བཞིན་པའི་བསང་གཞུང་ཚོ་རྩེ་བདུན་གྱི་རྟ་རྒྱུག་དགའ་སྟོན་ཞིག་ཡིན་ལ། དེ་ཡང་གནའ་དུས་གླིང་གེ་སར་རྒྱལ་པོས་གནས་དེ་རུ་ལྷ་བསང་བཏང་བའི་དབང་གིས་བསང་གཞུང་ཞེས་མིང་ཐོགས་པ་དང་། དེང་སང་བསང་ཁོག་ཅེས་ཀྱང་ཟེར། ས་དེར་གསེར་ཁྲི་དང་སྡེ་བ། རྐང་ཚ། སྟོད་མ། སྒར་སྐོར། རུ་མང་། ཚར་རྩ་བཅས་འབྲོག་པའི་ཡུལ་སྡེ་བདུན་ཆགས་པ་ལ་ཡོངས་གྲགས་སུ་བསང་ཚོ་རྩེ་བདུན་དུ་གྲགས་ཤིང་། དེ་ལ་བསྡོམས་ན་དུད་ཁྱིམ་ཆིག་སྟོང་ལྔ་བརྒྱ་ལྷག་མཆིས་པར་གནའ་ནས་ད་བར་དུ་མདོ་སྨད་རྟ་ཡི་ཆོལ་ཁའི་ཡ་གྱལ་བསང་གཞུང་རིང་མོ་ནས་ཐབ་དུ་བའི་སྔོ་མ་ཆད། ཟངས་སླ་ངའི་ཏིང་མ་ཆད་པར་བསང་ཆུའི་སྟོད་རྒྱུད་ཀྱི་ཡུལ་ཁམས་ཉམས་དགའ་བ་དེ་བདག་གིར་བཟུང་ནས་བསྡད་ཅིང་། གྲྭ་ས་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དང་འབྲེལ་འདྲིས་བཟང་བའི་ཡུལ་ཚོ་རུ་གྱུར། གོ་ཐོས་སུ་མདོ་སྨད་ཤེས་རིག་གི་ལྟེ་བ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གམ་འབྲོག་བསང་གཞུང་རིང་མོའི་བྱང་ཤམ་བྷ་ལའི་སྨོན་ལམ་བསང་གི་རྟ་རྒྱུག་དུས་ཆེན་གྱི་སྲོལ་འབྱེད་པ་པོ་ནི་པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་མཆོག་ཡིན་པར་བཤད་ཅིང་། དོན་ངོ་མར་པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་ནི་ཀུན་མཁྱེན་འཇིགས་མེད་དབང་བོའི་བླ་མ་ཡིན་པས། པཎ་ཆེན་དགུང་ལོ་ཞེ་གཅིག་ཐོག་མདོ་སྨད་ཁུལ་དུ་ཕེབས་ནས་སྐུ་འབུམ་དང་ཧོར་ཡུལ་དགོན་སྡེ་ཁག་ལ་མཁས་གྲུབ་རྗེ་དང་རྒྱལ་དབང་བདུན་པའི་ཕྱག་རྒྱུན་ལྟར་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་དབང་ལུང་སོགས་མདོ་སྔགས་ཆོས་འཁོར་རྒྱ་ཆེར་བསྐོར་སྐབས་བླ་སློབ་གསེར་ཞལ་འཛོམས་པ་དང་ཀུན་མཁྱེན་འཇིགས་མེད་དབང་བོས་རང་གི་བླ་མའི་ཐུགས་དགོངས་ལྟར་བསང་ཚོ་རྩེ་བདུན་ལ་སྐུལ་མ་བཏང་ནས་ཤམ་བྷ་ལའི་སྨོན་ལམ་བསང་གི་རྟ་རྒྱུག་དུས་ཆེན་གྱི་དགའ་སྟོན་རོལ་སྲོལ་ཆགས་པ་རེད། བསང་ཚོ་རྩེ་བདུན་གྱི་ཕ་ས་སྐྱིད་པོ་བསང་གཞུང་རིང་མོ་ནི་འཇིག་རྟེན་བྱེད་པོས་ཆེད་དུ་རྟ་འདོ་བའི་བང་རྩལ་འགྲན་སར་བཀོད་པ་དང་མཚུངས་པའི་རྩྭ་ཐང་གི་ཁོད་ཡངས་ཤིང་ངོས་སྙོམས་པ་ཡིད་དུ་འོང་བ་ཞིག་ཡིན་ཕྱིར། ལོ་རེའི་ཟླ་བདུན་པའི་ཚེས་མགོ་ནས་ཐང་དེ་རུ་རུ་སྐོར་སོ་སོས་རྒྱུག་རྟ་འདེམ་རྒྱུག་བྱེད་པ་ལ་བསང་ཁོག་གི་ཡུལ་སྐད་དུ་ཨབ་ལང་ཞེས་འབོད། ཁྱིམ་ཚང་རེ་རེས་ཀྱང་སྔ་ས་ནས་རྟ་གང་བཟང་རེ་རྒྱུག་རྟ་ཨེ་ཡོང་གི་བསམ་པས་གསོ་ཚགས་བགྱིས་ཏེ་རང་རང་ས་ནས་གྲ་སྒྲིག་གང་ལེགས་བྱེད་པ་ཡིན་ལ། ཨབ་ལང་གི་དུས་སུ་གསེར་ཁྲིར་རྒྱུག་རྟ་བཞི། སྡེ་བར་གསུམ། རྐང་ཚར་གཉིས། སྟོད་མར་གསུམ། སྒར་སྐོར་ལ་བཞི། རུ་མང་ལ་བཞི། ཚར་རྩ་ལ་གཉིས་བཅས་བསྡོམས་ན་རྒྱུག་རྟ་ཉེར་གཉིས་གདམ་དགོས། རྟ་འདོགས་མཁན་ཁྱིམ་ཚང་སོ་སོས་རྒྱུག་རྟ་རེ་བབས་ན་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་སྐུ་སྐལ་དུ་འདོད་ཅིང་། མདོ་གདུགས་སྒྲོལ་གསུམ་སོགས་མང་དུ་བཏོན་ནས་རིམ་གྲོ་རྒྱ་ཆེར་སྒྲུབ་པ་དང་བསང་མཆོད་རྒྱུན་མི་ཆད་པར་བྱས་ནས་དགྲ་ལྷའི་རླུང་རྟ་འདོན་བཞིན་རྟ་རྒྱུག་གི་སྟ་གོན་ཚགས་སུ་ཆུད་པ་བྱེད་ཅིང་། དགྲ་ལྷའི་རླུང་རྟ་སྒྲུབ་པའི་ཆོ་ག་གཙོ་བོར། རྟ་བདག་ཁྱིམ་ཚང་དེའི་ཡར་སྒྱིད་དུ་དགྲ་ལྷའི་ཁང་བཟང་གདུགས་དང་བཅས་པ་ཕུབ་ཅིང་། ཁང་བཟང་འོག་ཏུ་རྟ་རྒྱུག་ལ་བར་དུ་གཅོད་པའི་མ་རུངས་པའི་གཟུགས་བྲིས་ནས་འཇོག དེའི་འཁྲིས་སུ་འབྲུ་ཟན་གྱིས་གང་བའི་བཞོ་ཟེའུ་ཞིག་གི་ཁར་ལུག་གི་ལག་རྐྱང་རྨུ་ཐག་གིས་དཀྲིས་པ་གཅིག་དང་། སྟེང་ལ་དར་ཚོན་གྱིས་བརྒྱན་པའི་གཡང་མདའ་འཛུགས་པ་དང་། ཆོ་ག་བསྒྲུབས་ཚར་རྗེས་མར་ཆུར་ཀ་ར་གསུམ་གྱིས་བརྫིས་པའི་དཔའ་ཐུད་གྲུ་བཞི་མ་ཟོས་ནས་དཔའ་སྐད་སྒྲོག་ཅིང་། ལྷ་རྒྱལ་ཡང་ཡང་འཐེན་ནས་དགྲ་ལྷ་མ་བུ་བཅུ་གསུམ་གྱི་དོད་ཤིང་ཐུར་བཅུ་གསུམ་བཟུང་ནས་དགྲ་ལྷ་སྐྱེལ་བར་འགྲོ་བ་དང་། རྒྱུག་མཁན་གྱི་ཁ་ནང་དང་རྒྱུག་རྟའི་གདོང་རྣ་ལ་མར་ལོ་བཞག་ནས་དཔའ་གཡང་འགུག་པའི་སྲོལ་ཡོད་ལ། བཞོན་རྟའི་རྔ་མར་བལ་མདའ་བཏགས་ཏེ་རང་རང་སོ་སོའི་ཡུལ་ལྷ་གཞི་བདག་གི་ལབ་ཙེ་ཁར་སྐོར་བ་རྒྱག་བཞིན་འགྲན་བསྡུར་ཨང་དང་བོ་ལེན་པའི་སྐྱབས་གསོལ་སྨོན་ལམ་འདེབས་པར་མ་ཟད། རྟ་རྒྱུག་ཐང་གི་ཉེ་སའི་མ་ཎི་སྣ་ཁ་ཞེས་པར་བླ་བྲང་དགོན་པའི་དགེ་འདུན་ཚོགས་མང་དང་བསང་གི་སེར་སྡེའི་བན་རྒྱུན་རྣམས་ཞུས་ནས་མ་ཎི་རིལ་སྒྲུབ་ཉིན་མཚན་འགར་བྱེད་པ་དང་། རིམ་གྲོ་མཐའ་དག་གྲུབ་རྗེས་རྒྱུག་རྟ་རྒྱུག་མཁན་ཀུན་ལ་མ་ཎི་རིལ་བུ་རྟེན་སྐལ་དུ་འགྲེམ་པ་ཡིན། རྒྱུག་མཁན་རྟ་པ་ནི་བོད་བྱང་ཐང་གི་རྟ་རྒྱུག་དང་འདམ་གཞུང་རྟ་རྒྱུག དིང་རི་རྟ་རྒྱུག དཔའ་རིས་རྟ་རྒྱུག ཡུལ་ཤུལ་རྟ་རྒྱུག་སོགས་བོད་ཡུལ་སྤྱིའི་རྒྱུག་མཁན་དག་གི་དཔེ་སྲོལ་དང་འདྲ་བར། བཞོན་རྟའི་རྒྱབ་ཀྱིས་ཁྱོགས་པའི་ལུས་ཕུང་ཡང་ཟོར་ལྡན་པའི་བྱིས་པ་རྩལ་ཅན་ལོ་ན་བཅུ་ཁ་སོན་ཙམ་ཤ་སྟག་ཡིན་ཞིང་། རྒྱུག་རྟའི་རྔ་རྔོག་ལ་བལ་གྱི་ཐ་གུ་སླས་མས་དཀྲིས་ཏེ་རྒྱུག་པ་ཡིན། སྲབ་སྐྱོགས་དང་སྲབ་མདའ། སྒ་སྟན། གློ་རྨེད་བཅས་ལ་ཡང་བལ་དཀར་གྱིས་དཀྲིས་པའི་ཚེ་དར་འདོགས་པ་དང་། སྐབས་དེ་དག་ལ་རྒྱུག་རྟར་རང་གི་རྟ་བདག་དང་བྱིས་པས་མ་གཏོགས་རེག་མི་ཆོག གཞན་མི་དང་བུད་མེད་ཚོས་རྒྱང་མིག་གིས་བལྟ་བ་ལས་འཁྲིས་སུ་གཅར་རྒྱུའི་སྐལ་པ་མི་སྟེར། རྒྱུག་མཁན་བྱིས་པས་ཀྱང་མི་གཙང་མནོལ་གྲིབ་ཕོག་པར་འཛེམས་ནས་ཟས་གང་བྱུང་མི་བསྟེན་པའི་ཁར། མགོ་ལ་རྨོག་ཞྭ་དང་འདྲ་བའི་ལག་ཕྱིས་དཀར་བོ་གྲ་སྒྲིག་བྱེད་པ་ཡིན། རྟ་རྒྱུག་དངོས་གཞིའི་སྐབས་སུ་ཚེས་བཅུ་གསུམ་ཉིན་གྱི་ནམ་མ་ལངས་གོང་ལ། རྟ་འདོགས་མཁན་ཁྱིམ་ཚང་སོ་སོས་བསང་ཆེན་གཏོང་ཞིང་། རྟེན་འབྲེལ་ལ་བརྟགས་ཏེ་བསང་དུད་མདའ་ལྟར་གྱེན་དུ་འཐེན་ན་ཨང་དང་བོ་ལོན་པའི་མཚན་མར་བརྩི་བ་དང་། རྒྱུག་མཁན་བྱིས་པ་ཁྱིམ་ནས་ཆས་ཁར་འབྲི་མོའི་འོ་མ་དཀར་ཡོལ་གང་རེ་འདྲེན་ཞིང་། རུ་སྐོར་སོ་སོའི་སྐྱེས་པ་རྣམས་ཀྱིས་རང་རང་གི་གཞི་བདག་ལ་སྐྱབས་བཅོལ་ནན་བསྐུལ་བསང་འབོད་བྱས་ནས་དྲག་ཤུལ་གྱི་ཉམས་དང་བཅས་ཀི་ལྡིར་གནམ་ས་འགེང་བས་སྐྱེལ་མ་བྱེད་སྲོལ་ཡོད་ལ། དགེ་འདུན་འདུས་སྡེ་ཡིས་མི་རྟ་་གཉིས་ལ་རབ་གནས་བྱིན་རླབས་མཛད་ནས་དོན་བྱ་བདེ་ལེགས་ཡོང་བའི་སྨོན་ལམ་རྒྱག་ཞོར་རྒྱུག་རྟ་ཉེར་གཉིས་པོ་ཤར་ལམ་ཉག་ཁའི་བར་ལ་སྐྱ་སྐོར་ཡོངས་ནས་མེ་མདའ་འཕེན་ཞིང་ཀི་བསོ་འབྲུག་སྒྲ་ལྡིར་བཞིན་སྐྱེལ་རྫོངས་བྱེད་པ་ཡིན། རྟ་རྒྱུག་ཐང་ངམ་པཎ་ཆེན་ཐང་ནས་མགྱོགས་དར་ཨང་ཀི་ལེན་དུས་རྒྱུག་ཐེངས་གཅིག་གིས་ཨང་རིམ་འབྱེད་ཅིང་། རྒྱུག་ཐག་ལ་སྤྱི་ལེ་བརྒྱད་ཙམ་ཡོད། བྱ་དགའི་རིམ་པ་ཨང་དང་བོ་ནས་བདུན་པའི་བར་གོས་ཕྲུག་རས་གསུམ་གྱི་ལེགས་སྐྱེས་སྟེར་བ་དང་། བསྡོམས་ན་རྒྱུག་རྟ་བརྒྱད་ལ་ཨང་ཀི་གནང་རྒྱུ་ཡོད། འཕྲོ་མ་རྣམས་ལ་རང་རང་གི་ནང་མིས་ཚེ་དར་རེ་འདོགས་པའི་སྲོལ་མཆིས། རྒྱུག་རྟའི་མཐའ་མ་དེར་བསང་ཁོག་སྐད་དུ་རྟི་ལི་ཞེས་པའི་ཨང་ཀི་བསྩལ་ཏེ་རྟ་ལུད་རས་དཀར་ནང་གཅུད་པའི་རྟིང་སྐུལ་བྱ་དགའ་ཞིག་སྟེར་བ་ཡིན། ཁོ་ཚོའི་དག་སྣང་དུ་རྟ་བརྒྱའི་རྟི་ལི་གཡང་ཡིན་ཞེས་ཟེར་བ་ལྟར་བཀྲ་ཤིས་པ་ཞིག་ཏུ་བརྩི་ཞིང་། ཁྱད་པར་དུ་སྟོད་མའི་ཚོ་བར་ཨང་ཀི་རྟི་ལི་བབས་ན་ཡུལ་ཕྱོགས་སྤྱི་ལ་བཀྲ་ཤིས་ལོ་ལེགས་ཡོང་བའི་ལྟས་བཟང་བོར་ལྟ་བ་ཡིན། རྟ་རྒྱུག་གྲོལ་པའི་སྟོན་མོའི་སྐབས་སུ་མགྲོན་པོ་ཆ་ཡོད་ཆ་མེད་བསླེབས་ཚད་ཀུན་ལ་དགའ་བའི་སེམས་ཀྱིས་བསུ་མ་བྱས་ནས་ཇ་ཆང་ཞིམ་དགུའི་སྟོན་མོ་རྒྱ་ཆེར་བཤམས་པ་དང་། གཞི་མགྲོན་ཕན་ཚུན་མཛེམས་དོགས་མེད་པར་ནང་མི་བཞིན་དུ་སྐྱིད་དགའི་དཔལ་ལ་ཅི་དགར་ལོངས་སུ་སྤྱད་ཆོག་ཅིང་། གླུ་ལེན་གར་རྩེན་ཤགས་འགྱེད་སོགས་ཀྱི་དགའ་སྟོན་ཡོ་ལང་རྣམ་པར་རྒྱས་པ་ཞིག་རོལ་བའི་ངང་ནས་ཤམ་བྷ་ལའི་སྨོན་ལམ་བསང་གི་རྟ་རྒྱུག་དུས་ཆེན་གྱི་མཇུག་ཡོངས་སུ་བསྡུ་བ་ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།