• མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མི་རིགས་སློབ་ཆུང་དང་པོའི་ལུས་རྩལ་ཐང་དུ།སློབ་གྲྭའི་དབྱུག་ལྒང་རུ་ཁག་གི་སློབ་མ་རྣམས་ཀྱིས་ཚན་ཁག་དགར་ནས་སྦྱོང་བརྡར་བྱེད་བཞིན་མཆིས།ཁོ་ཚོའི་ལག་ཤེད་ཆེ་ལ་རྒྱུག་ཚད་མགྱོགས།ལྒང་ལི་འཕེན་པ་དང་འཛིན་པར་བྱང་ཆ་ལྡན།“ང་ཚོའི་བྱིས་པ་རྣམས་ལ་བཟོད་ཤུགས་ཆེ་ལ་ལག་ཤེད་ཀྱང་འཛོམས་པས།དབྱུག་ལྒང་རྩེ་བ་ལ་ལྷན་སྐྱེས་ཀྱི་ནུས་པ་ལྡན།དབྱུག་ལྒང་གིས་ཁོ་ཚོའི་ལུས་སྟོབས་སྦྱོང་བརྡར་བྱེད་ཐུབ་པར་མ་ཟད།ཁོ་ཚོའི་སློབ་རིམ་འཕར་བ་དང་ལས་ཞུགས་བྱེད་པར་ཡང་གདམ་གསེས་ཇེ་མང་དུ་བཏང་ཡོད”ཅེས་སློབ་གཙོ་བསོད་ནམས་དར་རྒྱས་ཀྱིས་དེ་ལྟར་བཤད།...

    2024-04-24 08:31:42 དྲ་བའི་རྩོམ་སྒྲིག་པ། 9885
  • 2024ལོའི་ཟླ1པོའི་ཚེས10ཉིན་གྱི་སྔ་དྲོར།རྐང་ཚ་རྫོང་གི་རྟ་གྲུག་རུ་ཁག་ཐོག་མ་དེ་མཚོ་སྐོར་རྟ་རྒྱུག་ར་བར་དངོས་སུ་བཙུགས་པ་དང་ཡུལ་ཚོ་དང་གྲོང་རྡལ་ལྔ་ནས་ཐོན་པའི་རྟ32ལས་གྲུབ་ལ།ཁྱོན་བསྡོམས་རུ་ཁག་བཞི་ཡོད།རྟ་གྲུག་རུ་ཁག་གི་ཆེད་ལས་ལག་རྩལ་མཐོ་རུ་གཏོང་ཆེད་ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་གི་ཆེད་ལས་རྩལ་ཁྲིད་པ་གཉིས་གདན་ཞུ་ཞུས་བྱས་ཏེ་རྩལ་ཁྲིད་པ་གཉིས་ཀྱིས་ཉིན་བཅུའི་ནང་རྟ་གྲུག་རུ་ཁག་གི་རུ་མིར་གསོ་སྦྱོང་བྱེད་པ་དང་མ་འོངས་པའི་ཟླ་གཅིག་གི་རིང་མུ་མཐུད་སྦྱོང་བརྡར་བྱ་རྒྱུ་རེད།...

    2024-01-12 09:17:42 མཚོ་སྔོན་པོ་དྲ་བ། 9835
  • ཁྱུང་སྐྱུ་རུའི་སྤོ་ལོའི་རུ་ཁག་ནི་བོད་ལྗོངས་ལྷ་སའི་ལས་རིགས་ཁག་གི་རུ་མི40ལྷག་ཙམ་ལས་གྲུབ་པའི་རུ་ཁག་ཅིག་ཡིན་ལ།བོད་ལྗོངས་ཀྱི་སྐྱུ་རུའི་སྤོ་ལོའི་རུ་ཁག་ཐོག་མ་དེའང་རེད།ཨ་རིའི་ལུགས་ཀྱི་སྐྱུ་རུའི་སྤོ་ལོ་ནི་འགྲན་རྒོལ་རང་བཞིན་ཤིན་ཏུ་ཆེ་བའི་ལུས་རྩལ་རྣམ་གྲངས་ཤིག་ཡིན་པས།ས་བབ་མཐོ་ལ་གསོ་རླུང་དཀོན་པའི་ས་མཐོར་སྤེལ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན།ཁོང་ཚོས་རང་ཉིད་ཀྱི་རུ་ཁག་ལ“ཁྱུང”ཞེས་མིང་འདོགས་དོན་ཡང་ཁྱུང་ནི་བོད་རིགས་ཀྱི་རིག་གནས་ཁྲོད་བླ་ན་མེད་པའི་བྱ་ཡི་རྒྱལ་པོར་བརྩི་ཡི་ཡོད་པས་རེད།རུ་མི་ཚོས་རང་ཉིད་ཀྱི་ཕ་ཡུལ་དང་རང་མི་རིགས་ཀྱི་ཚབ་ཞུས་ནས་ཕྱི་ཕྱོགས་ལ་དུས་རབས་གསར་པའི་བོད་རིགས་གཞོན་ནུའི་ཉམས་འགྱུར་མངོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།...

    2024-01-08 08:55:47 མཚོ་སྔོན་པོ་དྲ་བ། 9880
  • སྒྲོལ་མ་སྐྱིད་ནི་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་དུ་སྐྱེས་པ་དང་།འགྲན་རའི་ཐོག་དཀྱིལ་སའི་སྤོ་ལོ་རྒྱག་མཁན་ཞིག་ཡིན།མིག་སྔར་སི་ཁྲོན་ཞིང་ཆེན་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ནང་སྤོ་ལོ་རྒྱག་གི་ཡོད་ཅིང་།འགྲན་དུས་འདིར་སི་ཁྲོན་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གི་ཚབ་བྱས་ནས་འགྲན་བསྡུར་ནང་ཐེངས14ཞུགས་པ་དང་སྤོ་ལོ2བླུགས་ཡོད།ཁོང་མོའི་ཕུལ་བྱུང་གི་རྩལ་ནུས་ཀྱིས་རང་ཡོད་སའི་སྤོ་ལོའི་རུ་ཁག་ལ་རོགས་རམ་ཐུབ་པ་མ་ཟད།ད་དུང་རྒྱལ་ཁབ་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོའི་ཡིད་དབང་བཀུག་ཡོད།ཀྲུང་གོའི་བུད་མེད་རྐང་རྩེད་སྤོ་ལོའི་རྒྱལ་ཁབ་རུ་ཁག་ནང་བདམས་ཐོན་བྱུང་བ་དེ་ན་གཞོན་སྤོ་ལོ་རྒྱག་མཁན་སུ་ཞིག་གི་ངོས་ནས་བརྗོད་ནའང་གཟི་བརྗིད་ཆེན་པོ་ཞིག་ཡིན་པ་དང་།སྒྲོལ་མ་སྐྱིད་ཀྱི་ངོས་ནས་བརྗོད་ན་དེ་ནི་ཁོང་མོའི་རྐང་རྩེད་སྤོ་ལོའི་ལས་རིགས་ལམ་བུའི་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན།...

    2023-10-12 08:44:06 མཚོ་སྔོན་པོ་དྲ་བ། 9921
  • ཟིལ་རླབས་དགུང་དུ་འཕྱུར་བའི་ཆན་ཅང་གཙང་པོས་ལུས་རྩལ་རྒྱས་འཛོམས་དེར་བསུ་བ་ཞུས་པ་དང་།ལག་གདང་སྦྲེལ་ནས་མཉམ་དུ་འབྱུང་འགྱུར་གཏོད་པའི་ཁ་གཡང་གྲགས།སྐབས་བཅུ་དགུ་པའི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དེ་སྤྱི་ཚེས23ཉིན་གྱི་དགོང་མོ་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་སྐབས་འདིའི་ཨ་ཤེ་ཡའི་་ལུས་རྩལ་འགྲན་ཚོགས་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།...

    2023-09-25 09:08:40 མཚོ་སྔོན་པོ་དྲ་བ། 9879

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།