ཆོས་དབྱིངས་སྐྱིད་ཀྱིས༢༠༡༢ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་བླངས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། དུས་ཚོད།:2022-03-23 09:15:16 ཀློག་གྲངས།:
        ཟླ༢པའི་ཚེས༢༡ཉིན། རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཡིད་རྟོན་ཨུ་ཡོན་ལྷན་ཁང་གིས་བརྡ་ཁྱབ་བཏང་བར་གཞིགས་ན། ༢༠༡༢ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ༢༠ཡི་སྐྱེས་མའི་འདུར་རྒྱུག་འགྲན་སྡུར་ཁྲོད་གསེར་གྱི་རྟགས་མ་ལེན་མཁན་ཏེ། ཨུ་རུ་སུའི་ལུས་རྩལ་པ་ཡའེ་ལེན་ནཱ་ལ་ཧྲི་མ་ནའོ་ཝ་ཡིས་སྒྲིག་འགལ་གྱི་སྨན་འཐུང་བས་གྲུབ་འབྲས་མེད་པར་བཟོས། མིག་སྔར། ཡའེ་ལེན་ནཱ་ལ་ཧྲི་མ་ནའོ་ཝ་ཡིས་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཡིད་རྟོན་ཨུ་ཡོན་ལྷན་ཁང་གི་ཐག་བཅད་དང་ལེན་བྱས་ཟིན་ལ། ༢༠༡༦ལོར། ༢༠༡༢ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ༢༠ཡི་སྐྱེས་མའི་འདུར་རྒྱུག་འགྲན་སྡུར་ཁྲོད་དངུལ་གྱི་རྟགས་མ་ཐོབ་མཁན་ཨུ་རུ་སུའི་ལུས་རྩལ་པ་གྲགས་ཅན་ཁཱ་ཉི་སི་ཅིན་ནཱ་ལ་ཡིས་སྒྲིག་འགལ་གྱི་སྨན་འཐུང་བས་རྒྱལ་སྤྱིའི་ཨོ་རྩལ་ཨུ་ཡོན་ལྷན་ཁང་གིས་འདིའི་གྲུབ་འབྲས་མེད་པར་བཟོས་པར་མ་ཟད། ཀྲུང་གོའི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་དང་ལིའུ་ཧུང་དང་། ལུའི་ཞིའུ་ཀྲིའུ་ལ༢༠༡༢ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་སྐྱེས་མའི་འདུར་རྒྱུག་འགྲན་སྡུར་གྱི་གསེར་གྱི་རྟགས་མ་དང་དངུལ་གྱི་རྟགས་མ། ཟངས་ཀྱི་རྟགས་མ་བཅས་ཐོབ།
        དེ་བས། ཆོས་དབྱིངས་སྐྱིད་ཀྱིས་སྐབས་དེའི་ཡ་གླིང་གི་ཟིན་ཐོ་བསྐྲུན་པར་མ་ཟད། ལོ་རྒྱུས་སྟེང་ཨོ་རྩལ་འགྲན་ཚོགས་ལས་གསེར་གྱི་རྟགས་མ་ཐོབ་པའི་ཀྲུང་གོའི་བོད་ཀྱི་ལུས་རྩལ་པ་ཐོག་མ་རུ་ཡང་གྱུར་བ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།