༄༅།།འདུར་རྒྱུག་ཁྲོད་ལིག་ཧུང་ཨང1བོ་དང་ཆོས་དབྱིངས་སྐྱིད་ཨང3པ་རེད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:གངས་ལྗོངས་འཕྲིན་གསར། དུས་ཚོད།:2020-09-21 11:55:16 ཀློག་གྲངས།:
སྤྱི་ཟླ9པའི་ཚེས20ཉིན་གྱི་ཕྱི་དྲོར། 2020ལོའི་རྒྱལ་ཡོངས་འདུར་རྒྱུག་འགྲན་སྡུར་ཧྲན་ཏུང་ཐའེ་ཨན་དུ་བསྟུད་མར་སྤེལ་བ་དང་ཀུན་གྱིས་དོ་སྣང་བྱེད་པའི་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་སྡུར་གྱི་རྟིང་རྩོད་འགྲན་སྡུར་ནང་། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་བོ་ལིག་ཧུང་གིས་ཆུ་ཚོད1དང་སྐར་མ27དང་སྐར་ཆ46སྤྱད་ནས་ཨང་དང་པོ་བླངས་པ་དང་། དབྱང་ཅ་ཡུས་དང་ཆོས་དབྱིངས་སྐྱིད་སོ་སོས་ཨང་གཉིས་པ་དང་གསུམ་པ་བླངས།
རྒྱལ་ཡོངས་འདུར་རྒྱུག་འགྲན་སྡུར་ནི་ད་ལོའི་རྒྱལ་ཡོངས་རང་བཞིན་གྱི་འགྲན་སྡུར་ཐེངས་གཉིས་པ་ཡིན་ལ། ཟླ7པའི་ཚེས29ཉིན་ལེའོ་ཉིན་ཅིན་ཀྲོའུ་རུ་སྤེལ་བའི་རྒྱལ་ཡོངས་འདུར་རྒྱུག་གདན་ཞུའི་འགྲན་སྡུར་ནང་དབྱང་ཅ་ཡུས་ཀྱིས་བུད་མེད་ཀྱི་སྤྱི་ལེ20ཡི་འགྲན་སྡུར་ཁྲོད་ཨང་དང་བོ་བླངས། ཉེ་ལམ་ཟླ་གཉིས་ཙམ་སོང་རྗེས། རྒྱལ་ཡོངས་ས་གནས་སོ་སོ་ནས་ཡོང་བའི་འགྲན་ཞུགས་པ་གྲགས་ཅན་དག་ཧྲན་ཏུང་ཐའེ་ཨན་དུ་འཛོམས་ནས་ཡང་བསྐྱར་འགྲན་སྡུར་ལ་ཞུགས་པ་རེད
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།