༄༅།།བོད་ལྗོངས་མི་རིགས་སློབ་ཆེན་རི་ཉུལ་ཕྱི་རོལ་ལུས་རྩལ་སློབ་གླིང་གི་སྒོ་བྱང་བཀལ།

རྩོམ་པ་པོ།:ངེད་དྲ་བས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-06-05 10:50:28 ཀློག་གྲངས།:
སྤྱི་ཟླ6པའི་ཚེས1ཉིན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུའུ་དང་བོད་ལྗོངས་མི་རིགས་སློབ་ཆེན་གཉིས་ཀྱིས་བོད་ལྗོངས་མི་རིགས་སློབ་ཆེན་རི་ཉུལ་ཕྱི་རོལ་ལུས་རྩལ་སློབ་གླིང་ལྷན་འཛུགས་བྱེད་པའི་མཉམ་འབྲེལ་གྲོས་ཆིངས་འགོད་པ་དང་སྒོ་བྱང་འགེལ་བའི་མཛད་སྒོ་དེ་ལྷ་སར་སྤེལ། གྲོས་ཆིངས་བཀོད་རྗེས་ཕྱོགས་གཉིས་ཀས་བོད་ལྗོངས་རི་ཉུལ་ཕྱི་རོལ་ལུས་རྩལ་ལ་གཞིག་སྟེ་ཕྱོགས་ཡོངས་དང་གཏིང་ཟབ་པའི་སློབ་སྒྲུབ། སྦྱོང་བརྡར་དང་ཚན་ཞིབ་མཉམ་འབྲེལ་སྤེལ།
བོད་ལྗོངས་ནི་གངས་རིའི་ཕ་ས་ཡིན་ལ། རང་རྒྱལ་གྱི་རི་འཛེག་ལུས་རྩལ་མི་སྣ་གསོ་སྐྱོང་བྱེད་པའི་གནས་ཁྱད་པར་ཅན་ཞིག་ཡིན། ལོ་ངོ60རིང་ལ། བོད་ལྗོངས་སུ་མགོན་པོ་དང་། ཚེ་རིང་རྡོ་རྗེ། སྤེན་པ་བཀྲ་ཤིས་སོགས་རྒྱལ་སྤྱིའི་མིང་དུ་གྲགས་པའི་རི་འཛེག་པ་སྐོར་ཞིག་བྱུང་སྟེ། རང་རྒྱལ་དང་འཛམ་གླིང་རི་འཛེག་ལུས་རྩལ་འཕེལ་རྒྱས་ལ་བྱས་རྗེས་མི་དམན་པ་བཞག
བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་གཙོ་ལིའུ་ཁའེ་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུའི་ཅུའུ་ཀྲང་ཉི་མ་ཚེ་རིང་གཉིས་ཀྱིས་བོད་ལྗོངས་མི་རིགས་སློབ་ཆེན་རི་ཉུལ་ཕྱི་རོལ་ལུས་རྩལ་སློབ་གླིང་གི་སྒོ་བྱང་བཀལ། ཞིན་ཧྭ་དྲ་བའི་གསར་འགོད་པ་སྐལ་བཟང་དཔལ་འབྱོར་གྱིས་པར་བླངས།
བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུའི་ཅུའུ་ཀྲང་ཉི་མ་ཚེ་རིང་གིས་བསྟན་དོན། རི་འཛེག་ལུས་རྩལ་ནི་རང་རྒྱལ་དང་བོད་ལྗོངས་ཕྱི་ཕྱོགས་ལ་སྣང་ཚུལ་ལེགས་པོ་སྒོ་འབྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན། ཐེངས་འདིའི་གྲོས་ཆིངས་བཀོད་རྗེས་བོད་ལྗོངས་རི་ཉུལ་ཕྱི་རོལ་གྱི་ལུས་རྩལ་མི་སྣ་གསོ་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཆུ་ཚད་ལེགས་པའི་རི་ཉུལ་ཕྱི་རོལ་ལུས་རྩལ་མི་སྣ་གསོ་སྐྱོང་བྱེད་པ། ལུས་རྩལ་དྲག་ལྗོངས་འཛུགས་པར་དགེ་མཚན་ཆེན་མོ་ལྡན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།