༄༅།།ཁྲི་ཀ་རྫོང་ནི་རྒྱལ་ཁབ་ལུས་རྩལ་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞིར་བདམས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-03-12 10:57:47 ཀློག་གྲངས།:
སྤྱི་ཟླ3པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཁྲི་ཀ་རྫོང་ནི2019ལོའི་རྒྱལ་ཁབ་ལུས་རྩལ་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞིར་བདམས་ཐོན་བྱུང་།
རྒྱུས་ལོན་པ་ལྟར་ན། ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི《རྒྱལ་ཁབ་ལུས་རྩལ་ཐོན་ལས་རྟེན་གཞིའི་དོ་དམ་བྱེད་ཐབས(ཚོད་ལྟ)》དང《ལུས་རྩལ་སྤྱི་ཁྱབ་ཅུའི་སྔར་ལས་ལྷག་པར་རྒྱལ་ཁབ་ལུས་རྩལ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བརྡ་སྦྱོར》ལྟར། ཞིང་ཆེན་སོ་སོ་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་གྱི་ལུས་རྩལ་ཅུའུ་ཡིས་འོས་སྦྱོར་རེ་ཞུ་ཕུལ་བ་དང་། ཞིབ་བཤེར་དང་ཆེད་མཁས་པས་དཔྱད་ཞིབ། ཡུལ་དངོས་གདེང་འཇོག་དང་ཕྱོགས་བསྡུས་དཔྱད་འབེབས་གནང་བར་བརྒྱུད། རྒྱལ་ཁབ་ལུས་རྩལ་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི12དང་། རྒྱལ་ཁབ་ལུས་རྩལ་ཐོན་ལས་དཔེ་སྟོན་ལས་ཁུངས18། རྒྱལ་ཁབ་ལུས་རྩལ་ཐོན་ལས་ཀྱི་དཔེ་སྟོན་ལས་གཞི20བདམས་ཐོན་བྱུང་ཞིང་། དེའི་ཁྲོད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་ཁྲི་ཀའི་རྒྱལ་ཁབ་ལུས་རྩལ་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞིར་གསོལ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།