སྐབས་དགུ་བའི་མཚོ་སྔོན(ཞུན་ཧྭ)རྒྱལ་སྤྱིའི་རྨ་ཆུར་རྐྱལ་རྩལ་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-18 10:02:00 ཀློག་གྲངས།:

སྐབས་དགུ་བའི་མཚོ་སྔོན(ཞུན་ཧྭ)རྒྱལ་སྤྱིའི་རྨ་ཆུར་རྐྱལ་རྩལ་འགྲན་བསྡུར་སྤེལ་བ།

        ཟླ6པའི་ཚེས15ཉིན། སྐབས་དགུ་བའི་ཀྲུང་གོའི་མཚོ་སྔོན(ཞུན་ཧྭ)རྒྱལ་སྤྱིའི་རྨ་ཆུར་རྐྱལ་རྩལ་འགྲན་བསྡུར་དེ་ཞུན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་དུ་སྤེལ་ཞིང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པ་སྟག་འབུམ་ཐར་གྱིས་འགྲན་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཆུར་རྐྱལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་འགོ་གཙོ་ཝང་ལུའུ་ཧྲིན་སོགས་འགོ་ཁྲིད་རྣམས་མཛད་སྒོར་ཞུགས་ལ། ཨ་རི་དང་། ཁེ་ན་ཏ། སི་ལོ་ཝ་ཁི་ཡ། འཁྱགས་གླིང་། བྷེ་ལ་རུ་སི། བྷེལ་ཇམ་སོགས་རྒྱལ་ཁབ15ཡི་འགྲན་ཁག34སྟེ་བསྡོམས་པས་འགྲན་ཞུགས་པ230ཐེངས་འདིའི་འགྲན་བསྡུར་ལ་ཞུགས་པ་རེད།
        དེ་ཡང་ལོ་འགར་བདེ་བླག་ངང་སྤེལ་བར་བརྒྱུད། རྨ་ཆུར་རྐྱལ་འགྲན་འདི་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་གཅིག་ཏུ་འཐིམ་ཞིང་། འགྲན་བསྡུར་གྱི་མཚན་རྟགས་ཁྱབ་རྒྱ་དང་ནུས་རྩལ་གྱི་ཆུ་ཚད་སོགས་ལོ་རེ་བཞིན་གོང་འཕེལ་དུ་འགྲོ་བཞིན་ཡོད་པ་དང་། གནས་སྐོར་ལས་རིགས་འཕེལ་རྒྱས་མུ་མཐུད་དུ་སྣེ་ཁྲིད་དང་། མི་རིགས་རིག་གནས་སྲུང་སྐྱོབ་དང་སྔོག་འདོན། ཕྱི་འབྲེལ་ལ་སྐུལ་འདེད། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་དགེ་མཚན་རབ་ཏུ་བསྐྲུན།
        རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་འགྲན་བསྡུར་སྔར་ལོ་དག་ལས་ཐུན་མོང་མ་ཡིན་པ་ནི་ཞུན་ཧྭ་ས་གནས་ཀྱི་འགྲན་བསྡུར་རུ་ཁག་ཅིག་བཙུགས་ཡོད་པ་དང་། དེས་ས་གནས་མང་ཚོགས་སྔར་ལས་ལྷག་པར་འགྲན་བསྡུར་ལ་ཞུགས་པར་སྐུལ་ལ། མང་ཚོགས་ཀྱིས་འགྲན་བསྡུར་ལ་གཟིགས་པའི་རེ་འདོད་དྲག་ཏུ་བཏང་ཞིང་། འགྲན་བསྡུར་གྱི་ཛ་དྲག་རང་བཞིན་དང་ལྟད་མོའི་སྤྲོ་སེམས་ཤུགས་ཆེར་རྒྱས་སུ་བཅུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།